今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།།ཡུས་ཁྲིན་ཧུའེ་ཡིས་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་དུ་དབུལ་སྐྱོར་མཁྲེགས་གཏོར་དང་རིག་གནས་ཡུལ་སྐོར་གྱི་བྱ་བར་སློབ་སྦྱོང་དང་རྟོག་ཞིབ་བྱས་པ།

        ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་ཏུའུ་ཅང་ཡན་གྲོང་ཁྱེར་དང་རྔ་བ་ཁུལ་དུ་སོང་ནས་དབུལ་སྐྱོར་མཁྲེགས་གཏོར་དང་རིག་གནས་ཡུལ་སྐོར་བྱ་བར་རྟོག་ཞིབ་བྱས། 
     ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་རྫོང་བདུན་དང་གྲོང་ཁྱེར་གཅིག་གི་ཏང་སྲིད་ཀྱི་འགོ་ཁྲིད་པ་གཙོ་བོ་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་རྟོག་ཞིབ་བྱ་འགུལ་དུ་ཞུགས་ཤིང་།ཡུས་ཁྲིན་ཧུའེ་ཡིས་གནད་དོན་གྱི་ཕྱོགས་སྟོན་དང་དམངས་སེམས་ཀྱི་ཕྱོགས་སྟོན།སྒུལ་ཤུགས་ཀྱི་ཕྱོགས་སྟོན་བཅས་རྒྱུན་འཁྱོངས་བྱས་ནས།མིག་མཐོང་ལག་ཟིན་གྱིས་སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་དང་རང་སྟེང་གི་བར་ཁྱད་ཞིབ་བསྡུར་བྱ་དགོས་ཤིང་།ངེས་པ་དོན་གྱིས་མཐོང་ཚོར་གྱི་ཕོག་ཐུག་དང་སེམས་སྟེང་གི་གཡོ་འགུལ།བསམ་བློའི་སྟེང་གི་སྐུལ་ལྕག་དེ་བྱ་བའི་ཡིད་ཆེས་བརྟན་པོ་དང་ནུས་ཤུགས་ཀྱི་འབྱུང་ཁུངས་སུ་བསྒྱུར་ནས།“ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ”འཛུགས་སྐྲུན་བྱེད་པའི་སྤོབས་སེམས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་ལེགས་པོར་བསྒྲུབས་ཏེ་ཧུར་ཐག་གིས“ཁོངས་ཡོངས་སུ་དབུལ་ཕོངས་སེལ་བའི”དམིགས་འབེན་ཆེན་མོ་མངོན་འགྱུར་བྱ་དགོས་ཞེས་ནན་གྱིས་བསྟན། 
རྟོག་ཞིབ་ཚོགས་པས་སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་རྨིན་གྱི་འགྲོ་རོགས་འོག་སྔ་གཞུག་ཏུ་ཏུའུ་ཅང་ཡན་གྲོང་ཁྱེར་ལིའུ་ཅའེ་གྲོང་རྡལ་ཧུང་ཞུང་སྡེ་      ཁུལ་དང་ཧྲུའེ་ཡུའེ་སྡེ་ཁུལ།ཆིན་ཁྲིན་ཝན་བརླན་སའི་གཞིས་ཀཧོང་ཚང་གི་ར་ཆེན།རྔ་བ་ཁུལ་ཝུན་ཁྲོན་རྫོང་དང་མའོ་རྫོང་།ཟུང་ཆུ་རྫོང་དུ་སོང་ནས་ཞིང་སྡེའི་ཡུལ་སྐོར་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས།ཞིང་སྡེའི་ཕྱོགས་བསྡུས་གཞི་གཅིག་ཅན།ལྗོངས་ཁུལ་འཛུགས་སྐྲུན་སོགས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྔོན་ཐོན་གྱི་ཉམས་མྱོང་ལ་ལྟ་སྦྱོང་དང་སློབ་སྦྱོང་བྱས། 
     རྟོག་ཞིབ་བྱ་འགུལ་མཇུག་རྫོགས་པའི་དགོང་མོར།ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་སློབ་སྦྱོང་དང་རྟོག་ཞིབ་ཕྱོགས་སྡོམ་བྱེད་པའི་གྲོས་ཚོགས་བསྡུས་ཤིང་།ཡུས་ཁྲིན་ཧུའེ་ཡིས་ཐེངས་འདིའི་སློབ་སྦྱོང་དང་རྟོག་ཞིབ་བརྒྱུད་དེ་ངེས་པ་དོན་གྱིས་དགོས་གཏུག་གི་འདུ་ཤེས་དང་ལས་འགན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།ཁོར་ཡུག་བཅོས་སྒྱུར་དང་དབུར་ཐར་མཁྲེགས་གཏོར་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ལ་ཡུལ་སྐོར་རིག་གནས་དེ་རིགས་སྒྱུར་རིམ་འཕར་གྱི་བརྗོད་དོན་གཙོ་བོར་བཟུང་ནས་ཕྱོགས་ཡོངས་ནས་ཀན་ལྷོའི་ཡུལ་སྐོར་མཚན་རྟགས་ཀྱི་ཤུགས་རྐྱེན་དང་ཚོང་རའི་འགུག་ཤུགས། འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་པ་མཐོར་འདེགས་སུ་གཏོང་དགོས་ལ། སྣེ་ཁྲིད་ཀྱི་ཐོན་ལས་དེ་དབུལ་ཐར་མཁྲེགས་གཏོར་གྱི“གསལ་བྱེད་མེ་ལོང”ལྟ་བུར་བཟུང་ནས་རིགས་མི་འདྲ་བའི་ཁྱད་ཆོས་ལྡན་པའི་ཐོན་ལས་འགྲན་རྩོད་ཁྲོད་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བའི་རྣམ་པ་གསར་བ་ཞིག་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།། མདོ་ལྷོ་དྲ་བ་ནས་བཤུས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号