今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།།ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཏེ།ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ།

     ཉེ་ཆར།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་གི་སློབ་སྦྱོང་ཐེངས་ལྔ་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་།ཏང་གི་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ།ཚོགས་ཆེན་དང་འགྲན་བསྡུར་དུས་ཆེན་སོགས་ཀྱི་བྱ་བ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
     ཚོགས་འདུས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་གི་སློབ་སྦྱོང་ཐེངས་ལྔ་བའི་སྐབས་དང་མར་ཁེ་སི་སྐུ་འཁྲུངས་ནས་ལོ200འཁོར་བའི་ཚོགས་ཆེན་ཐོག་གི་གསུང་བཤད་ཀྱི་ དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱ་དགོས་ལ།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཞེས་པའི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་བ་འདི་གཏིང་ཟབ་ཏུ་མཐའ་འཁྱོངས་བྱ་དགོས་ཞེས་བསྟན།
ཚོགས་འདུས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་དེ་ད་ལྟའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དང་ཡུན་རིང་བོའི་འཐབ་ཇུས་འགན་འཁྲི་རུ་བཟུང་ནས་གཏིང་ཟབ་སྒོས་སློབ་སྦྱོང་མཐའ་འཁྱོངས་བྱེད་པ་དང་།སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས།དམངས་འཚོ་ལེགས་བཅོས་བཅས་ཀྱི་འབྲེལ་བ་ཡང་དག་སྒོས་ཐག་གཅོད་བྱ་དགོས་ཞེས་བསྟན།
    ཚོགས་འདུས་སྐབས་བཅུ་དགུ་བའི་ཀྲུང་གོ་མདོག་དགུ་ཀན་ལྷོའི་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང 2018ལོའི་ཀན་ལྷོའི་བོད་ཁམས་ལྕགས་རྟ་འགྲན་བསྡུར།རྒྱལ་ཡོངས་ཀྱི་ལས་ཞོར་ལྕགས་རྟ་མཉམ་འགྲན་གྲ་སྒྲིག་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་འབྱུང་བར་ནུས་ཤུགས་ཆེན་པོ་འདོན་པར་འབད་བརྩོན་བྱ་དགོས་ཞེས་ནན་གྱིས་བསྟན།
    ཚོགས་འདུས་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས།
    ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཧྥན་ཝུའུ་ཏེ། སུང་ཅན། དབྱང་ཞུང་། དབྱང་སྒྲོལ་མ། ཧའོ་ཅུའེ་རྨིན་བཅས་ཚོགས་འདུ་ལ་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པའི་ཚན་གཙོ་མ་ཆིན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་ཚོགས་འདུ་ལ་ཟུར་ཞུགས་བྱས།། མདོ་ལྷོ་དྲ་བ་ནས་བཤུས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号