今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

རྒྱལ་ཡོངས་སྲིད་གྲོས་ཀྱིས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་བྱ་བར་དམིགས་ཏེ་ཆེད་དོན་རྟོག་ཞིབ་བྱས།

     ཉེ་ལམ།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲང་ཆིན་ལིས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཏང་ཙུའུ་ཡི་ཁོངས་མི་ལིའུ་ཆི་པའོ་དང་ཞ་པོ་ལུང་བཅས་ཀྱིས་ཆེད་དོན་རྟོག་ཞིབ་ཚན་ཁག་ཁྲིད་དེ་སྐོར་གསུམ་བྱས་ནས་ལེའོ་ཉིན་དང་མཚོ་སྔོན།ཀོས་ཀྲིགཀོང་ཞི།ཉིན་ཞ།ཧུའུ་པེ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་ཏུ་སོང་སྟེ་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བར་དམིགས་ནས་ཆེད་དོན་རྟོག་ཞིབ་བྱས། བཞུགས་མོལ་དང་ཡུལ་དངོས་ལ་རྟོག་ཞིབ་བྱེད་པ་ཟུང་དུ་སྦྲེལ་བའི་རྣམ་པ་སྤྱད་དེ་རྟོག་ཞིབ་བྱས།རྟོག་ཞིབ་ཚན་ཁག་གཞི་རིམ་ལ་སོང་སྟེ་གྲོང་ཁྱེར་དང་རྫོང་སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད།ཞིང་ཆེན་དང་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ།ས་གནས་སོ་སོའི་སྲིད་གྲོས་ཀྱི་ཏང་འཛུགས་བྱ་བའི་ཉམས་མྱོང་དང་ཁྱད་ཆོས།གནས་པའི་གནད་དོན།བསམ་འཆར་དང་གྲོས་གཞི་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས།རྟོག་ཞིབ་བྱེད་སྐབས།རྟོག་ཞིབ་ཚན་ཁག་ས་ཆ་གང་དུ་ཐོན་ཚེ་ས་དེའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་བཞུགས་མོལ་དང་བརྗེ་རེས་བྱས་ཤིང་།ཨུ་ཡོན་རྣམས་ཀྱིས་རྒྱལ་ཡོངས་སྲིད་གྲོས་བྱ་བའི་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན་པར་མ་ཟད།ས་གནས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་བྱས།
    ཐེངས་འདིའི་ཆེད་དོན་རྟོག་ཞིབ་ནི་ད་ལོར་འཚོགས་པའི་རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུར་གྲ་སྒྲིག་བྱེད་ཆེད་སྤེལ་བ་རེད།རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་སུ་གྲོས་ཚོགས་བསྡུ་བ་དེ་ཏང་གི་འཛུགས་སྐྲུན་བྱ་བར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པར་དོན་སྙིང་གལ་ཆེན་ལྡན།སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་རེ་བ་ལྟར།བཞུགས་མོལ་ཚོགས་འདུ་བསྡུ་བ་དང་དུས་སྐབས་སྔོན་གྱི་རྟོག་ཞིབ་བྱ་བ་སྒྲུབ་པའི་དམིགས་ཡུལ་ནི།རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་པ་དང་།དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ།རིམ་པ་སོ་སོའི་སྲིད་གྲོས་ཏང་ཙུའུ་དང་དེའི་ཁོངས་མི་དང་ཏང་ཡོན་ལས་བྱེད་པས་ཏང་གི་འཛུགས་སྐྲུན་དམ་འཛིན་བྱེད་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།ཏང་གིས་སྲིད་གྲོས་བྱ་བའི་ཁྱོན་ཡོངས་ལ་འགོ་ཁྲིད་པ་དང་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།ཧུར་ཐག་སྒོས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཏང་འཛུགས་བྱ་བར་རྣམ་པ་གསར་བ་གསར་སྐྲུན་བྱེད་རྒྱུ་དེ་ཡིན།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号