今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཀན་ལྷོ་ཁུལ་གྱིས་གཞི་རིམ་ཏང་འཛུགས་ཀྱི་གནད་ཆེའི་ལས་འགན་སྐུལ་འདེད་གཏོང་བ་དང་རང་ཀྲི་པུའུ་ཚད་ལྡན་ཅན་དུ་འཛུགས་པའི་བཀོད་བསྒྲིགས་གྲོས་ཚོགས་བསྡུས་པ །

        ཟླ༦པའི་ཚེས༨ཉིན། ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་གནད་ཆེའི་ལས་འགན་ལ་སྐུལ་འདེད་གཏོང་བ་དང་ཏང་ཀྲི་པུའུ་ཚད་ལྡན་ཅན་དུ་འཛུགས་པའི་བྱ་བ་འགོད་རྩོམ་པ་དང་བཀོད་བསྒྲིགས་གནང་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཤིང་། ༢༠༡༨ལོའི་གཞི་རིམ་ཏང་འཛུགས་ཀྱི་གནད་ཆེའི་ལས་འགན་ལ་དམིས་ནས། ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བར་ཡང་བསྐྱར་བཀོད་བསྒྲིགས་བྱས་ཤིང་། ཚོགས་སྟེང་དུ་ཀན་ལྷོ་ཁུལ་ཀྱི་ཏང་ཀྲི་པུའུ་ཚད་ལྡན་ཅན་དུ་འཛུགས་པའི་ལས་དོན་ལག་བསྟར་འཆར་གཞི་སྒྲོག་འདོན་བྱས།
        ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆིང་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་གནང་།
        ཐེངས་འདིའི་གྲོས་ཚོགས་སུ་ཁུལ་གཏོགས་ཏང་ཨུའི་ཧྲུའུ་ཅི་དང་། ཁུལ་ཨུའི་པུའུ་ཚན་ཁག ཁུལ་གཏོགས་ ལས་ཁུངས་ཀྱི་འགོ་ཁྲིད། ཞིང་ཆེན་ཁོངས་གཏོགས་ཁུལ་སྡོད་ལས་ཁུངས་ཁག་གི་འགན་ཁུར་བ། ཁུལ་གཏོགས་རྒྱལ་ གཉེར་ཁེ་ལས་ཀྱི་འགན་ཁུར་བ་གཙོ་བོ། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་འགོ་ཁྲིད་ཚན་པ་དང་གཞུང་སྒྲུབ་ལས་ཚན་ ཁག་གི་འགན་ཁུར་བ་བཅས་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་སུ་ཞུགས་པ་དང་། རྫོང་དང་གྲོང་ཁྱེར་སོ་སོའི་འབྲེལ་ཡོད་མི་སྣ་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号