今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

༄༅།།རྨ་ཆུ་རྫོང་གིས་ལས་བྱེད་པའི་དཔུང་ཁག་གི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས་ལས་བྱེད་པའི་ནང་གནས་ཀྱི་སྒུལ་ཤུགས་སྐུལ་སློང་བྱས་པ།

       ཉེ་བའི་ལོ་ཤས་རིང་།རྨ་ཆུ་རྫོང་གིས་ཕུལ་དུ་བྱུང་བའི་ན་གཞོན་ལས་བྱེད་པ་འདེམ་སྒྲིག་དང་གསོ་སྐྱོང་བྱ་རྒྱུ་དེ་ཆེས་མངོན་གསལ་དོད་པའི་གནས་སུ་བཞག་ནས།གསོ་སྐྱོང་དང་སྦྱོང་བརྡར།དོ་དམ།བེད་སྤྱོད་བཅས་ཕྱོགས་བཞི་ནས་དམ་འཛིན་བྱས་ཏེ།ཤུགས་ཆེན་པོས་ན་གཞོན་ལས་བྱེད་པ་ནར་སོན་གྱི་ལས་གྲྭ་ལག་བསྟར་བྱས་ནས་ན་གཞོན་ལས་བྱེད་པ་འདེམ་སྒྲིག་དང་གསོ་སྐྱོང་བྱ་བ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་བཏང་བས་ན་གཞོན་ལས་བྱེད་པ་འབོར་ཆེན་ཞིག་འབུར་དུ་ཐོན་པ་དང་།རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པའི་དཔུང་ཁག་སྒྲིག་གཞི་ཇེ་ལེགས་དང་། ལས་བྱེད་པའི་དཔུང་ཁག་གི་གསོན་ཤུགས་སྐུལ་སློང་བྱས།
      སློབ་སྦྱོང་ལག་ལེན་དང་རྗེས་སྙེག་རོགས་སྐྱོར་ཟུང་འབྲེལ་བྱས་ཏེ་ན་གཞོན་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་རིམ་སྤར་བྱས།འཆར་གཞི་ཡོད་པའི་སྒོ་ནས80རྗེས་ཀྱི་ཕུལ་དུ་བྱུང་བའི་ན་གཞོན་ལས་བྱེད་པ་སྐོར་ཞིག་འདེམ་སྒྲིག་བྱས་ནས་ཆེད་དོན་གསོ་སྦྱོང་བྱས་པ་དང་།ན་གཞོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྔོན་ཐོན་དཔེ་མཚོན་ཅན་གྱི་ཤང་གྲོང་དུ་སོང་ནས་གནས་ཐོག་ཏུ་ལྟ་སྐོར་རྟོག་ཞིབ་བྱས་ཏེ་ན་གཞོན་ལས་བྱེད་པའི་རིག་གནས་བསྒྱུར་བཀོད་ཀྱི་ནུས་པ་མཐོར་འདེགས་དང་བྱ་བ་དང་འཚོ་བའི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་།
      སྦྱོང་བརྡར་དང་སྤེལ་རེས་ཟུང་འབྲེལ་བྱས་ཏེ་ན་གཞོན་ལས་བྱེད་པའི་བྱ་བའི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་བ།ཧུར་ཐག་གིས“རྫོང་ཐད་གཏོགས་ཡུན་ཐུང+ཤང་གྲོང་ཡུན་རིང”གི་གསོ་སྦྱོང་རྣམ་པ་སྤྱད་ནས་གདམ་གསེས་དང་སྐོང་འཐེན་བྱས་པའི་མི་སྣ་སོགས་ཕུལ་དུ་བྱུང་བའི་ལས་བྱེད་མི་སྣ་སྐོར་ཁག་བགོས་ནས་རྫོང་ཐད་གཏོགས་ཀྱི་སྡེ་ཚན་གཙོ་བོར་སོང་ནས་ཡུན་ཐུང་བའི་རེས་སྐོར་སྦྱོང་བརྡར་དང་དེ་ནས་གཞི་རིམ་དུ་སོང་ནས་ཡུན་རིང་སྦྱོང་བརྡར་བྱས། འགུལ་རྣམ་དོ་དམ་དང་ཕྱོགས་བསྡུས་དབྱེ་ཞིབ་ཟུང་འབྲེལ་བྱས་ཏེ་ན་གཞོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་སྐུལ་སློང་བྱས་པ་དང་།ན་གཞོན་ལས་བྱེད་པའི་དཔུང་ཁག་གི་འགུལ་རྣམ་དོ་དམ་སྒྲིག་གཞི་དང་ཚན་རིག་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་ལས་བྱེད་པའི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་གདེང་འཇོག་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས།ཁྱོན་ཡོངས་ནས་རྗེས་འདེད་དཔྱད་ཞིབ་དང་དཔྱད་ཞིབ་སྣུར་སྲིང་ལག་བསྟར་བྱས་ཏེ་ན་གཞོན་ལས་བྱེད་པར་སློབ་གསོ་གཏོང་བ་དང་ལྟ་སྐུལ་བྱེད་པའི་ཐད་དུ་ནུས་པ་འདོན་སྤེལ་གང་ལེགས་བྱས། “གནད་ཁེལ་ཆུ་ཐིགས་འདྲེན་པ”དང་དོ་དམ་ནན་པོ་ཟུང་འབྲེལ་བྱས་ནས་ན་གཞོན་ལས་བྱེད་པ་འདེམས་སྤྱོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ།ན་གཞོན་ལས་བྱེད་པར“སྔ་མོར་བཀོལ་བ་ལས་ལོངས་སྤྱོད་མི་བྱེད་པ། བློ་རྒྱ་ཆེན་པོས་དམ་འཛིན་བྱེད་པ་ལས་ལྷོད་གཡེང་མི་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། གསར་དུ་བསྐོ་འཐེན་བྱས་པའི་ན་གཞོན་ལས་བྱེད་པ་དེ་ལས་གནས་སུ་མ་ཞུགས་གོང་ལ་སྤྱོད་གཙང་སྲིད་སྐྱོང་གི་ཆེད་དོན་སློབ་གསོ་བཏང་ནས་ན་གཞོན་ལས་བྱེད་པར་དུས་རྟག་ཏུ་རང་ཉིད་ཀྱི་གནས་ས་ཤེས་སུ་བཅུག།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号