今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་གི་སྤྱི་བསྒྲགས།

     ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་བསྒྲིགས་ལྟར།ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་བདུན་པས་སྤྱི་ལོ2018ལོའི་4བའི་ཚེས23ནས་7པའི་ཚེས23བར་ཀན་ལྷོ་ ཁུལ་དང་གཙོས་གྲོང་ཁྱེར་ལ་སྐོར་ཞིབ་བྱ་རྒྱུ་ཡིན། 
    《ཀྲུང་གོ་གོང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག》གི་གཏན་འབེབས་ལྟར།སྐོར་ཞིབ་བྱེད་པའི་དུས་ཡུན་ནང་དུ།སྐོར་ཞིབ་ཚན་ཁག་གིས་གཙོ་བོར་ཀན་ལྷོ་ཁུལ་དང་ཁུལ་གཏོགས་གཙོས་གྲོང་ཁྱེར་གྱི་ཚན་ཆེན་བཞིའམ་ཁོངས་མི་དང་།རིམ་པ་འོག་མའི་འགོ་ཁྲིད་ཚན་ཁག་གི་འགན་ཁུར་པ་དང་ལས་གནས་གཙོ་བོའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཐད་ཀྱི་གཏུགས་བཤེར་ཡི་གེ་དང་།ཁ་པརགཏོང་བ་དང་།འཕྲིན་བསྐུར་བ།ཞུ་གཏུག་བྱེད་པ་སོགས་དང་། ངོ་གཏུགས་བཅས་དང་། གཞན་ཆབ་སྲིད་ཀྱི་སྒྲིག་ལམ་དང་། སྤྱོད་གཙང་སྒྲིག་ལམ། རྩ་འཛུགས་ཀྱི་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ་དང་། བྱ་བའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་སོགས་ལ་འགལ་བའི་གནད་དོན་ཐེར་འདོན་བྱ་དགོས་པ་ལས།སྐོར་ཞིབ་ཁྱབ་ཁོངས་སུ་མི་གཏོགས་པའི་ཞུ་གཏུགས་གནད་དོན་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དེ་ཐག་གཅོད་བྱ་རྒྱུ། 
     རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གནས་ཚུལ་ཡར་ཞུ་བྱེད་པར་སྟབས་ཕྱིར།འདིར་སྐོར་ཞིབ་ཚན་ཁག་གིས་གནས་ཚུལ་རྒྱུས་ལོན་བྱེད་ཐབས་ཀྱི་སྤྱི་བསྒྲགས་གཤམ་ལྟར།
     ཆེད་བཙུགས་སྦྲག་སྲིད་ཡིག་སྒམ། ལན་ཇུ་གྲོང་ཁྱེར་གྱི་ཡིག་སྒམ་ཨང179དང་། གློག་རྡུལ་ཡིག་སྒམ། swdqxsz2018@126.com ལས་རེས་ཁ་པར་ཨང་གྲངས། 13359462875 13359468329
     ལས་སྒྲུབ་དུས་ཚོད། 8:30—18:00 
     སྐོར་ཞིབ་ཚན་ཁག་གི་ཞུ་གཏུགས་སྣེ་ལེན་བྱེད་ཡུན་ནི། སྤྱི་ལོ2018ལོའི་4བའི་ཚེས23ནས་7པའི་ཚེས23བར་ཡིན། 
                                                ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པ་ནས། 
                                                   སྤྱི་ལོ2018ལོའི་ཟླ་4བའི22ཉིན།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号