今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པའི་དྲན་གསོའི་ ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་ལ་ཀན་ལྷོ་གྱི་ལས་བྱེད་པའི་ཁྲོད་ ནས་ཚུར་སྣང་ཆེན་པོ་བྱུང་།

     ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པའི་དྲན་གསོའི་ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་ལ་ཀན་ལྷོ་གྱི་ལས་བྱེད་པའི་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་། 
     ཚང་མས་མགྲིན་གཅིག་ཏུ་བསྟན་དོན། མར་ཁེ་སི་རིང་ལུགས་ནི་ང་ཚོར་གནང་ བའི་རིན་ཐང་གཞལ་མེད་དང་ཤུགས་རྐྱེན་ཟབ་མོ་ཡོད་པའི་བསམ་པའི་རྒྱུ་ནོར་ཞིག་ཡིན་ལ། དེ་ནི་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་མཛུབ་སྟོན་དགོངས་པ་ཡིན་པར་མ་ཟད། ང་ཚོས་འཇིག་རྟེན་ལ་ངོས་འཛིན་བྱེད་པ་དང་ཆོས་ཉིད་ལ་གོ་བ་ཡང་དག་འདྲོངས་བར་བྱེད་པ། བདེན་ལུགས་འཚོལ་བ།འཇིག་རྟེན་བསྒྱུར་བཀོད་བྱེད་པ་བཅས་ཀྱི་བསམ་བློའི་མཚོན་ཆ་སྟོབས་དང་ལྡན་པ་ཞིག་ཀྱང་ཡིན་ཟེར། 
     ཚང་མས་བཤད་རྒྱུར།མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པར་དྲན་གསོ་ཞུས་པ་དེས།མི་ཚང་མར་སྔར་ལས་ལྷག་པའི་སྒོ་ནས་ལོ་ངོ་སྟོང་གི་རིང་ལ་བྱོན་དཀའ་བའི་བསམ་བློ་བ་ཆེན་མོའི་གོམ་སྟབས་ཀྱི་རྗེས་སུ་འབྲང་བར་སྐུལ་འདེད་བྱས་པ་དང་། མར་ཁེ་སི་རིང་ལུགས་ལ་དད་མོས་བྱེད་མཁན་རྣལ་མ་དང་ལག་ལེན་པ་བརྟན་པོ་ཞིག་འཁྱོངས་བར་བྱས་ཏེ།ཚན་རིག་ཞིབ་འཇུག་བྱ་བའི་ཁྲོད་དུ་སློབ་སྦྱོང་བྱས་ནས་མར་ཁེ་སི་མཆོག་གི་བདེན་པ་འཚོལ་བའི་སྙིང་སྟོབས་དང་ལག་ལེན་ལ་འཇུག་ཕོད་པའི་སྦྱོར་བ། དཀའ་ངལ་ལ་མི་སྐྲག་པའི་སྤྱོད་པ།འབད་འབུངས་ཧུར་ཐག་བྱེད་ཕོད་པ་བཅས་ཀྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་དགོས། 
    ལོ་རྒྱུས་དང་བདེན་ལུགས་ལ་ཞིབ་བཤེར་བྱེད་མཁན་གྱི་མར་ཁེ་སི་རིང་ལུགས་དམ་པོར་བཟུང་ནས།གསོན་སྟོབས་ཀྱིས་ཕྱུག་པའི་བསམ་བློའི་དྲག་ཆས་ཤིག་ལ་བལྟས་ནས་འཛིན་དགོས།སྔར་ལས་གཏད་ཤུགས་ཡོད་ལ་ཡིད་ཆེས་ཡོད་པ།ཤེས་རབ་ལྡན་པ་བཅས་ཀྱི་སྒོ་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བ་བརྒྱུད།དུས་རབས་གསར་བའི་ཀན་ལྷོ་གྱི་འཕེལ་རྒྱས་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།མར་ཁེ་སི་མཆོག་གི་བླ་མེད་མི་གཤིས་དང་རླབས་ཆེན་ལོ་རྒྱུས་ཀྱི་མཛད་རྗེས་གླེང་ཞིང་།མར་ཁེ་སི་ལགས་ནི་དཀའ་སྡུག་ཆེ་བའི་བགྲོད་ལམ་ཞིག་གི་སྟེང་ནས་དཀའ་ངལ་དང་བར་ཆད་མི་ཉུང་བ་ཞིག་ལས་རྣམ་པར་རྒྱལ་ཏེ།ཞིབ་འཇུག་མཐིལ་ཕྱིན་བྱས་པ་དང་གསར་བརྗེ་བྱ་བར་ཤ་ཐང་གིས་འབད་དེ།རང་ཉིད་ཀྱི་བསམ་སྦྱོར་དངོས་ལ་བརྟེན་ནས་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་དཀའ་བ་སྤྱད་པར་མ་ཟད།རང་ཉིད་ཀྱི་དམ་ཚིག་གཙང་མ་མ་འགྲུབ་ཀྱི་བར་དུ་དཔའ་མི་ཞུམ་པའི་རྟུལ་ཕོད་ཅན་ཞིག་དང་གསར་བརྗེ་བ་ཞིག་ཡིན་ཟེར།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号