今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།།ཁུལ་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་ལྔ་བ་ཚོགས་པ།

     ཟླ5བའི་ཚེས14ཉིན་ལ།ཁུལ་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་འགོ་འཁྲི་ཚན་ཆུང་གི(རྒྱ་སྐྱེད)གྲོས་ཚོགས་ཐེངས་ལྔ་བ་གཙོས་སུ་ཚོགས། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་རང་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་ཁྲོད་གནས་པའི་འབུར་ཐོན་གྱི་གནད་དོན་ཞིབ་འཇུག་དང་དབྱེ་ཞིབ་བྱས་ནས། གནད་དོན་སྒྲིག་བཅོས་དང་ད་ལྟའི་དུས་རིམ་གྱི་གནད་ཁེལ་དབུལ་སྐྱོར་གྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱེད་པ་དེ་ཡིན། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཚོགས་འདུའི་གཙོ་འགན་ཁུར།
     ཁུལ་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་ཞུས་ཆང་། བཀྲ་ཤིས་འཚོ། ཞི་ཆང་། ཧའོ་ཅུའེ་རྨིན། ཁྲིན་ཅང་ཧྥུན། དབྱང་ཀྲི་ཚའེ། ནམ་མཁའ་སངས་རྒྱས། ཧྲི་ཀྲན་ལིའང་། ཏུང་ཀྲིན་གོ་བཅས་ཚོགས་འདུར་ཞུགས།
     ཚོགས་ཐོག་ཏུ་ཡིག་ཐོག་ནས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་། 《ཀན་ལྷོ་ཁུལ་གྱི 2017ལོའི་དབུལ་སྐྱོར་མཁྲེགས་གཏོར་གྱི་གནད་དོན་སྒྲིག་བཅོས་བྱ་བའི་ཇུས་གཞི》 《ཀན་ལྷོ་ཁུལ་གྱི་ས་གནས་རིམ་པའི་འགོ་ཁྲིད་ལས་བྱེད་པས་རྫོང་འགན་གཙང་ལེན་བྱས་ཏེ་དབུལ་སྐྱོར་མཁྲེགས་གཏོརལ་ལྟ་སྐུལ་མཐུན་སྦྱོར་བྱེད་པའི་སྐོར་གྱི་བྱ་བའི་གསལ་ཐོ》 《ཀན་ལྷོ་ཁུལ་དབུལ་སྐྱོར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གི་ཆེད་འགན་འཁུར་བའི་བྱ་བྱེད་ཚོ་ཆུང་གི་ཁོངས་མི་ཚན་པའི་འགན་འཁྲི་གསལ་ཐོ་དང་འགན་འཁྲི་བདའ་འདེན་བྱ་ཐབས》《ཀན་ལྷོ་ཁུལ་དབུལ་སྐྱོར་མཁྲེགས་གཏོར་རོགས་སྐྱོར་བྱ་བའི་འགན་ ཁྲི་གསལ་ཐོ》 《ཀན་ལྷོ་ཁུལ་དབུལ་སྐྱོར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གི་དབུལ་སྐྱོར་མཁྲེགས་གཏོར་གྱི་འབྲེལ་ཡོད་བྱ་བའི་ལམལུགས་སྔར་བས་འཐུས་ཚང་དུ་གཏོང་ རྒྱུའི་སྐོར་གྱི་བརྡ་ཐོ》 《ཀན་ལྷོ་ཁུལ་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ལས་རིགས་སྡེ་ ཁག་གི2018ལོའི་ལག་བསྟར་བྱ་ཐབས》གྲོས་ཞིབ་བྱས་ཤིང་།ཁུལ་སྒྲིག་ཁྲིམས་ཨུ་དང་ ལྟ་སྐུལ་ཨུ་སོགས་ཁུལ་ཐད་གཏོགས་ལས་ཁུངས23གྱིས་སྡེ་ཁག་སོ་སོའི 《2017ལོའི དབུལ་སྐྱོར་མཁྲེགས་གཏོར་གྱི་འབུར་ཐོན་གནད་དོན་སྒྲིག་བཅོས་བྱ་བའི་ཐབས་ཇུས་བཀོད་སྒྲིག》གནས་ཚུལ་ཞུས།
    ཡུས་ཁྲིན་ཧུའེ་ཡིས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་གཞི་རྩའི་ཐབས་ཇུས་རྒྱུན་འཁྱོངས་དང“འདུ་ཤེས་བཞི”བརྟན་པོར་འཛུགས་པ། “མཁྲེགས་གཏོར་དམིགས་ཡུལ་རྒྱུན་འཁྱོངས་དང་འགན་འཁྲི་དོན་འཁྱོལ་ཐུབ་པར་འགན་ལེན་ཐུབ་པ།གནད་ཁེལ་ཐབས་ཇུས་རྒྱུན་འཁྱོངས།དབུལ་སྐྱོར་སྤུས་ཚད་འགན་ལེན་སོགས་ཀྱི་ཚད་གཞིར་དམིགས་ནས་བྱ་བ་བསྒྲུབ་དགོས”ཞེས་ནན་གྱིས་བསྟན།
    ཁུལ་དབུལ་སྐྱོར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གཙོ་བོ་ཚོགས་འདུར་ཞུགས།།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号