今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་དུས་རབས་གསར་བར་ལས་བྱེད་པས་ཁག་ཁུར་གསར་བ་དང་ལེན་དང་བྱས་རྗེས་གསར་བ་འཇོག་པར་སྐུལ་མ་གཏོང་བ་དང་གདམ་འཐེན་ལས་བྱེད་པའི་བྱ་བར་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུ་བསྡུས།

    ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད།ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་པེ་ཅིན་ནས་དུས་རབས་གསར་བར་ལས་བྱེད་པས་ཁག་ཁུར་གསར་བ་དང་ལེན་དང་བྱས་རྗེས་གསར་བ་འཇོག་པར་སྐུལ་མ་གཏོང་བ་དང་གདམ་འཐེན་ལས་བྱེད་པའི་བྱ་བར་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་དང་ལག་བསྟར་བྱས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ།རྒྱ་ཆེའི་ལས་བྱེད་པས་དུས་རབས་གསར་བར་ཁག་ཁུར་གསར་བ་དང་ལེན་དང་བྱས་རྗེས་གསར་བ་འཇོག་པར་སྔར་ལས་སྐུལ་མ་གཏོང་བ་དང་། གདམ་འཐེན་ལས་བྱེད་པའི་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པར་མ་ཟད།ཧུར་ཐག་སྒོས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ནས།བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ལྡན་རྩ་འཛུགས་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
    ཁྲིན་ཞི་ཡིས་བསྟན་དོན།ཡང་དག་པའི་སྒོ་ནས་ལས་བྱེད་པ་གདམ་གསེས་དང་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཀྱིས་ལས་བྱེད་པར་སྐུལ་མ་གཏོང་བ་དང་།ཤུགས་ཆེན་པོས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་སྤྱོད་ཚུལ་བཟང་བ་དང་སྤོབས་པ་ཆེན་པོས་འགན་འཁུར་བ།སྤོབས་པ་ཆེན་པོས་ཁག་ཁུར་བྱེད་ཕོད་པ།སྤྱོད་གཙང་རང་གཅུན་གྱི་ལས་བྱེད་པ་གདམ་གསེས་བྱས་ཏེ།དོན་དག་སྒྲུབ་འདོད་པ་དང་དོན་དག་སྒྲུབ་ཐུབ་པ།དོན་དག་ལེགས་སྒྲུབ་འབྱུང་བའི་ལས་བྱེད་པར་གོ་སྐབས་དང་སྟེགས་བུ་ཡོད་པར་བྱེད་དགོས་པ་དང་།སྔོན་ཐོན་དཔེ་ལེགས་ཅན་དྲིལ་སྒྲོག་བྱས་ཏེ་རྒྱ་ཆེའི་ལས་བྱེད་པས་འབད་འཐབ་བརྩོན་ལེན་བྱེད་པར་སྣེ་ཁྲིད་བྱེད་དགོས།བློ་ཐག་རྦད་ཆོད་སྒོས་བྱས་རྗེས་མི་འཇོག་པ་དང་བྱས་རྗེས་འཇོག་ཚད་དལ་བའི་ལས་བྱེད་པ་ལེགས་སྒྲིག་བྱས་ཏེ་ལས་བྱེད་པ་ལས་གནས་གང་རུང་དུ་བཀོད་སྒྲིག་བྱེད་པ་དེ་རྒྱུན་རྣམ་དུ་ཅན་འགྱུར་བར་སྐུལ་འདེད་གཏོང་དགོས།རིམ་པ་སོ་སོའི་རྩ་འཛུགས་ལས་ཁུངས་ཀྱིས་འགན་འཁྲི་དང་ལེན་བྱེད་པ་དང་གསར་གཏོད་བརྩོན་ལེན་བྱེད་པ།ལྡབ་འགྱུར་སྒོས་འབད་བརྩོན་བྱས་ཏེ།རྦད་ཆོད་སྒོས་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བཟང་བོ་བྱེད་པ་དང་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་བྱ་བ་གལ་ཆེན་ཁྲོད་དུ་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།



©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号