今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།།ཡུས་ཁྲིན་ཧུའེ་ཡིས་ལིན་ཐན་རྫོང་གི་དབུལ་ཐར་མཁྲེགས་གཏོར་སྐུལ་ འདེད་གྲོས་ཚོགས་སུ།གནད་དོན་ནན་འཛིན་བྱས་ཏེ་དག་ཐེར་ཡོ་བསྲང་དམ་ པོར་འཛིན་དགོས་ཞེས་ནན་གྱིས་བསྟན་པ།

     ཟླ5བའི་ཚེས6ཉིན་ལ།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ལིན་ཐན་རྫོང་གི་དབུལ་ཐར་མཁྲེགས་གཏོར་སྐུལ་འདེད་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ནས་བསྡུས།ཁོས་བསམ་བློའི་ངོས་ཟིན་ཇེ་མཐོ་དང་འགན་འཁྲི་ཁུར་ཤུགས་ཇེ་ཆེར་གཏོང་བ།གཅིག་ཤེས་ཀུན་གྲོལ་གྱིས་གནད་དོན་འཚོལ་བ་དང་ཞན་སར་ཁ་གསབ་ལག་བསྟར་བཅས་བྱས་ནས། སྤུས་ཚད་མཐོན་པོའི་ངང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་ལས་འགན་སོ་སོ་ལེགས་འགྲུབ་འབྱུང་བ་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།
     ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིང་ལུང་དང་།  ཁུལ་ཨུའི་རྒྱུན་ཨུའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་སུང་ཅན།ཁུལ་ཨུའི་རྒྱུན་ཨུ་ཧོའུ་ཞའོ་ཧྥུན།ཁུལ་དཔོན་གཞོན་པ་ཀྲའོ་སི་པེ་བཅས་གྲོས་ཚོགས་སུ་ཞུགས།
     ཡུས་ཁྲིན་ཧུའེ་ཡིས་ཉེ་བའི་ལོ་འགར་ལིན་ཐན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་ཐད་བླངས་པའི་འབྲས་བུར་ཁས་ལེན་བྱེད་རན་ཡོད།འོན་ཀྱང་རྟོག་ཞིབ་བྱས་པ་བརྒྱུད་བྱ་བའི་ཁྲོད་དུ་སྔར་བཞིན་སྣང་ཆུང་བྱ་མི་རུང་བའི་འབུར་ཐོན་གྱི་གནད་དོན་ འགའ་ཡོད་པ་སྟེ། གཅིག་ཏུ་རྩ་འཛུགས་དང་འགོ་ཁྲིད་ནུས་པ་སྔར་བཞིན་ཞན་ཞིང་ འཆར་གཞི་ཇུས་འགོད་བྱས་པ་མི་འདང་བ།གཞི་རིམ་རྩ་འཛུགས་ཁག་ཅིག་ནུས་མེད་ལྷོད་གཡེང་ཡིན་ལ།གཞི་རིམ་གྱི་ལས་བྱེད་པ་རེ་འགས་གྲོང་སྡེའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཚུལ་མི་ཟབ་པ་དང་རིག་ལམ་དང་བྱེད་ཐབས་གླེང་ཐབས་མེད་པ།གཉིས་སུ་ཐ་དད་ཀྱི་སྣང་ཚུལ་ཚབས་ཆེ་ལ་རང་ཐག་རང་གཅོད་ཀྱི་གནད་དོན་འབུར་ཐོན་ཡིན་པ། ཤང་གྲོང་དང་སྡེ་ཁག སྡེ་ཁག་དང་སྡེ་ཁག་བར་གྱི་བྱ་བའི་འབྲེལ་མཐུན་མི་ཟབ་པ། ཐོན་ཁུངས་གཅིག་གྱུར་འཆར་འགོད་ཀྱི་ཤུགས་ཚད་མི་འདང་བ་དང་སྤྱི་ཡོངས་མཉམ་ཤུགས་ཀྱི་རྣམ་པ་ཆགས་མེད་པ།གསུམ་དུ་སྲིད་ཇུས་ལག་ལེན་དུ་བསྟར་ཚུལ་མི་བཟང་ ཞིང་།གཞི་རིམ་གྱི་ལས་བྱེད་པ་ཁག་ཅིག་གིས་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་དགོངས་དོན་རྒྱུས་ལོན་བྱས་པ་གཏིང་ཟབ་མིན་པ་དང་ཁོང་དུ་ཆུད་ཚད་གནད་ཁེལ་མིན་པས་དོན་འཁྱོལ་ལག་བསྟར་གྱི་ཁྲོད་དུ་ནོར་འཛོམ་འདྲ་མིན་བྱུང་བ།བཞི་རུ་གནད་ཁེལ་གྱི་དབྱེ་འབྱེད་མི་གསལ་བ་དང་དབུལ་ཕོངས་མི་གྲངས་ནོར་བ་དང་ལུས་པའི་གནད་དོན་སྔར་བཞིན་གནས་ཤིང་།“ཁྱིམ་རེ་ལ་སྲིད་ཇུས་རེའི”འཆར་འགོད་རང་སྣང་དུ་གཏན་འབེབས་བྱེད་པ།ལྔ་རུ་རྣམ་གཡེང་གི་སྤྱོད་ཚུལ་ཡོངས་ཁྱབ་ཏུ་གནས་ཤིང་།རྫོང་དང་ཤང་གི་ལས་བྱེད་པ་རེ་འགས་དཀའ་གནད་ཆེ་བའི་གནད་དོན་དང་འཕྲལ་ཚེ་ཕྱིར་འགྱངས་བྱེད་པ་དང་།སྡེ་བར་སྡོད་པའི་ལས་བྱེད་པ་དང་རོགས་སྐྱོར་རུ་ཁག“ཞག་སྡོད་མིན་པའི”གནད་དོན་ཚབས་ཆེན་ཡིན་པ།དྲུག་ཏུ་ནུས་ཤུགས་བཏང་བ་མི་འདང་ཞིང་སེམས་ཡོད་ཀྱང་ནུས་པས་མི་ལྕོགས་པའི་གནས་ཚུལ་ཡོངས་ཁྱབ་ཏུ་གནས་པ་།བདུན་དུ་དམངས་ལ་བཅངས་པའི་བརྩེ་སེམས་མི་འདང་བ་དང་མང་ཚོགས་ཀྱི་ཐབས་མཆོག་ལ་ཁ་ཡ་མི་བྱེད་པ།བརྒྱད་དུ་ཚུལ་མིན་བྱ་སྤྱོད་སྔར་བཞིན་གནས་ཤིང་དེང་རབས་དཔལ་ཡོན་དང་རྒྱང་ཐག་རིང་བ།ཁེར་རྐྱང་གི་རྒན་འཁོགས་དང་བརྩེ་བ་དབེན་པའི་གཞིས་ལུས་བྱིས་པ་བཅས་ཀྱི་གནད་དོན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་ཨུ་དང་སྲིད་གཞུང་གི་གཞུང་སེམས་དང་རིམ་པ་སོ་སོའི་ལས་བྱེད་པའི་ཏང་གཤིས་ལ་གཏིང་འདྲི་བྱེད་བཞིན་འདུགདགུ་རུ་བྱ་བའི་ཧེ་བག་རྒྱུན་མཐུད་དུ་ཆེ་ཞིང་ལེགས་འགྲུབ་འབྱུང་བའི་ལས་འགན་དཀའ་ཚེགས་ཆེ་བ།རྫོང་ཡོངས་སུ་ད་དུང་དབུལ་ཕོངས་མི་གྲངས་ཁྲི1.65ཡོད་པ་བཅས་ཀྱི་གནད་དོན་གནས་ཞེས་བསྟན།
     གྲོས་ཚོགས་སུ། ལིན་ཐན་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་བརྡ་ཁྱབ་སྤེལ།རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་པ་གཙོ་བོ་དང་ལས་བགོས་འགོ་ཁྲིད་པ། རྫོང་དབུལ་སྐྱོར་གཞུང་སྒྲུབ་ཁང་། ཞིན་ཁྲིན་གྲོང་རྡལ། ཟན་ཁྲ་ཤང་གི་འགན་ཁུར་བ་བཅས་ཀྱིས་བསམ་ཚུལ་མཚོན་པའི་གཏམ་བཤད།། མདོ་ལྷོའི་དྲ་བ་ནས་བཤུས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号