今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཀན་ལྷོ་ཁུལ་རྩ་འཛུགས་སྡེ་ཁག་གིས“སྤྱོད་ཚུལ་ལེགས་བསྒྱུར་དང་འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་འཛུགས་ སྐྲུན་ལོ”བྱ་འགུལ་གྱི་སྐུལ་སློང་ཚོགས་འདུ་བསྡུས་པ།

             ཟླ5བའི་ཚེས14ཉིན་ལ།ཁུལཨུའི་རྩ་འཛུགས་པུའུ་ཡི་འགོ་ཁྲིད་ཚན་པ་དང་ཁུལ་གཏོགས་ལས་ཁུངས་ཀྱི་རྩ་འཛུགས་མི་དོན་སྡེ་ཁག་གི་ལས་བྱེད་མི་སྣ་ཡོངས“སྤྱོད་ཚུལ་ལེགས་བསྒྱུར་དང་འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་འཛུགས་སྐྲུན་ལོའི”བྱ་འགུལ་གྱི་སྐུལ་སློང་ཚོགས་འདུ་ཚོགས།
             ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆིང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
             ཞིས་ཆིང་གིས“སྤྱོད་ཚུལ་ལེགས་བསྒྱུར་དང་འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་འཛུགས་སྐྲུན་ལོ”ཡི་བྱ་འགུལ་སྤེལ་བ་དང་།ཀན་སུའུ་ཡུན་རིང་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚད་ཇེ་མཐོར་གཏོང་བ་སྐུལ་བར་གཞིགས་ནས་བཀོད་སྒྲིག་གལ་ཆེན་བྱས།         

            ཁུལ་ཡོངས་ཀྱི་རྩ་འཛུགས་ལས་བྱེད་པས་དངོས་གནས་ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས་དང་སྤྱོད་ཚུལ་ལེགས་བསྒྱུར་དང་འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས།བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཤིང་།གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་ཏན་ཏིག་དང་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྱི་ཤུགས་འདོན་ས་དང་འགག་སྒྲོལ་བྱེད་ས་འཚོལ་བ་དང་།བྱ་བའི་གཙོ་གནད་ལ་དམིགས་ནས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་མུ་མཐུད་དུ་ཟབ་ཏུ་སྤེལ་དགོས་པ་མ་ཟད།ཐེངས་འདིའི་སྤྱོད་ཚུལ་འཛུགས་སྐྲུན་མུ་མཐུད་དུ་ཟབ་ཏུ་སྤེལ་དགོས་ཤིང་། ཐེངས་འདིའི་སྤྱོད་ཚུལ་འཛུགས་སྐྲུན་ལོའི་བྱ་འགུལ་འགག་རྩར་བཟུང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དོན་འཁྱོལ་མཐར་ཕྱིན་དང་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་མཐའ་འཁྱོངས་བྱས་ནས“འདུ་ཤེས་བཞི”ཤུགས་ཆེར་བཏང་ནས་ཁུལ་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཆེན་ལ་ཞབས་ཞུ་ལེགས་པར་བསྒྲུབས་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་བསྟན།།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号