今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

༄༅།།ཟླ༡༡པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན༥༥༩༠ཞིབ་བཤེར་ཐག་གཅོད་བྱས་པ།

ཟླ༡༢ཚེས༢༨ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་པུའུ་ཡི་དྲ་ཚིགས་སུ་སྤེལ་བའི་གཞི་གྲངས་སུ་གསལ་བ་ལྟར་ན། ༢༠༡༧ལོའི་ཟླ༡༡པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁག་ཁྱོན་བསྡོམས༥༥༩༠ཙམ་ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི་གྲངས༧༧༧༧ལ་ཆད་པ་ཕོག་པ་དང་། མི་གྲངས༥༤༥༡ལ་ཏང་སྲིད་ཀྱི་སྒྲིག་ཁྲིམས་ཆད་པ་ཕོག་པ་རེད།

རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཁོང་དུ་ཆུད་པར་བྱེད་ཆེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས༣༡དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས༡༣༩  ཀྲུང་དབྱང་གི་ཁེ་ལས༩༨  ཀྲུང་དབྱང་དངུལ་རྩའི་ཁེ་ལས༡༥བཅས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཟླ་རེ་བཞིན་ཞུ་བའི་ལམ་ལུགས་བཙུགས་པ་རེད།

ཟླ༡༡པར་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན༥༥༩༠ནང་། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་བམ་ཡང་ན་ཕན་བདེ་སྤྲད་པའི་གནད་དོན༡༤༩༩བྱུང་བ་དང་། སྒྲིག་འགལ་ངང་ལག་རྟགས་དང་ཤོག་ཆག་སྤྲད་པའི་གནད་དོན༡༡༥༧བྱུང་བ། སྒྲིག་འགལ་ངང་གཞུང་སྤྱོད་རླངས་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱས་པའི་གནད་དོན༨༤༥བྱུང་བ། སྒྲིག་འགལ་ངང་གཞུང་དངུལ་སྤྱད་ནས་བཟའ་བཏུང་བྱས་པའི་གནད་དོན༦༣༡བྱུང་བ། ཚད་གཞི་ལས་བརྒལ་བའི་སྣེ་ལེན་མཁོ་འདོན་དང་དང་ལེན་བྱས་པའམ་ཡང་ན་གཞུང་དངུལ་སྤྱད་ནས་རིམ་མཐོའི་རོལ་རྩེད་ལུས་སྦྱོང་བྱེད་སྒོར་ཞུགས་པ་དང་། སྒྲིག་འགལ་ངང་སྒེར་གྱི་འདུ་གནས་སུ་ཕྱིན་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་སྒྲིག་འགལ་སོགས་པའི་གནད་དོན༣༥༩བྱུང་བ། གཞུང་དངུལ་སྤྱད་ནས་ཡུལ་སྐོར་དུ་བསྐྱོད་པའི་གནད་དོན༢༨༦བྱུང་བ། མགྲོན་ཁང་དང་ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་སུ་སྒྲིག་འགལ་གྱི་གནད་དོན༡༥༦བཅས་བྱུང་ཡོད་པ་རེད། ཟླ༡༡པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ་ཏང་སྲིད་ཀྱི་སྒྲིག་ཁྲིམས་ཆད་པ་ཕོག་པའི་ལས་བྱེད་པའི་ཁྲོད་དུ། ས་གནས་ཀྱི་ཐིང་རིམ་པའི་ལས་བྱེད་པ༣༥དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ༥༠༤ཡོད་པ་རེད།

མི་དམངས་དྲ་བའི་འཕྲིན།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号