今天是:

གནད་མཐོང་ཆེ་ཤོས།

ཞིང་ཆེན་རིམ་པའི་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > ཞིང་ཆེན་རིམ་པའི་གནད་མཐོང་ཆེ་ཤོས།

༄༅།།ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ།

བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་བདེ་སྐྱིད་དང་མཛེས་སྡུག་གི་ཀན་སུའུ་གསར་བ་མགྱོགས་པོར་འཛུགས་སྐྲུན་བྱེད་པར་ཧུར་བརྩོན་བྱ་དགོས། ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ།
ལིན་ཏུའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྙན་ཞུ་ཕུལ། ཐང་རེན་ཅན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་དང་། འཐུས་མི 607དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་གྲོས་ཚོགས་སུ་ཞུགས།

    ཟླ 5བའི་ཚེས 22ཉིན་ལ། ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ལན་ཀྲོའུ་རུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས། བློ་མཐུན་ལིན་ཏུའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་ཁ་བྱང་དུབློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་བདེ་སྐྱིད་དང་མཛེས་སྡུག་གི་ཀན་སུའུ་གསར་བ་མགྱོགས་པོར་འཛུགས་སྐྲུན་བྱེད་པར་ཧུར་བརྩོན་བྱ་དགོསཞེས་པའི་སྙན་ཞུ་ཕུལ།
    ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་འཕེལ་རྒྱས་ཀྱི་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་སྐྱོང་གི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་དང་། རང་རེའི་ཞིང་ཆེན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང“ཤུགས་འདོན་བརྒྱད”ཀྱི་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའི་མི་དམངས་སྐུལ་སློང་བྱས་ནས། བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་ལྷག་པར་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་མུ་མཐུད་པར་མདུན་དུ་སྐྱོད་པ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཧུར་ཐག་གིས་འཛུགས་གྲུབ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་རི་ཆུ་མཛེས་སྡུག མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་གྱི་ཡིད་དབང་འཕྲོག་པའི་ཀན་སུའུ་གསར་བ་ལྷུར་ལེན་འཛུགས་སྐྲུན་ཇེ་མགྱོགས་གཏོང་བར་ཧུར་བརྩོན་བྱ་རྒྱུ་དེ་ཡིན།
    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ལིན་ཏུའོ་དང་ཐང་རེན་ཅན། ཧྥུན་ཅན་ཧྲིན། སུང་ཝེ། ལི་ཅན་ཧྭ། ལི་རུང་ཚན། ཝང་ཞི་ཡུས། ལིའུ་ཁྲང་ལིན། ལིའང་ཡན་ཧྲུན། མ་ཧྲི་ཀྲུང་། ཧོང་ཆང་། སུང་ལིའང་། ལུའོ་ཞའོ་ཧུའུ་བཅས་ཡིན།
 ལན་ཀྲོའུ་དམག་ཁུལ་གྱི་ལས་མཇུག་ལེགས་བསྡུས་གཞུང་སྒྲུབ་ཁང་གི་ཆབ་སྲིད་ཨུ་ཡོན་ནམ་ཀྲུང་ཅང་ལིའུ་ཅན་དང་ནུབ་ཕྱོགས་འཐབ་ཁུལ་སྐམ་དམག་གི་ཆབ་སྲིད་ཨུ་ཡོན་ནམ་ཧྲའོ་ཅང་ཞུས་ཀྲུང་པོ། མེ་མདའ་དམག 96604རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཧྲའོ་ཅང་ཧོ་ཅུན་བཅས་གདན་ཞུ་ལྟར་ཚོགས་ཆེན་འགོ་རྩོམ་པའི་མཛད་སྒོར་ཞུགས།
    ཚོགས་ཆེན་གྱིས་གདན་འདྲེན་ཞུས་པའི་མགྲོན་པོ་ལ་རང་རེའི་ཞིང་ཆེན་དམངས་གཙོ་ཏང་ཕྱོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་གཙོ་བོ། ཏང་ཕྱོགས་གང་ལའང་མི་གཏོགས་པའི་མི་གྲགས་ཅན་གྱི་འཐུས་མི་དང་ཆོས་ལུགས་མི་སྣ་བཅས་ཡོད།
    ཚོགས་ཆེན་འགོ་རྩོམ་པའི་མཛད་སྒོའི་སྟེང་ཞུགས་མཁན་ལ་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་འགན་ཁུར་མྱོང་མཁན་གྱི་བྱ་བའི་ལས་གནས་ལས་བུད་པའི་བློ་མཐུན་རྒན་པ་དག་ཡོད།
    ཚོགས་ཆེན་ལ་ཐོན་དགོས་པའི་འཐུས་མི 623དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི 4 ཡོད་ལ། དངོས་སུ་ཐོན་ཡོད་པའི་འཐུས་མི 607ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན།
    བློ་མཐུན་ཐང་རེན་ཅན་གྱིས་ཚོགས་ཆེན་གྱི་གཙོ་འགན་ཁུར་བ་དང་། ཕྱི་དྲོའི་ཆུ་ཚོད 3གྱི་སྟེང་ཐང་རེན་ཅན་གྱིས་ཚོགས་ཆེན་འགོ་རྩོམ་པ་ཁྱབ་བསྒྲགས་བྱས་ལ། ཚང་མ་ཡར་ལངས་ནས་མཉམ་དུ་སྐད་མཐོན་པོས
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུབླངས།
    ལིན་ཏུའོ་ཡིས་སྙན་ཞུའི་ཁྲོད་དུ་ཕྱོགས་བརྒྱད་ཀྱི་ཐད་ནས་འདས་པའི་ལོ་ལྔའི་རིང་གི་བྱ་བར་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་པ་མ་ཟད། ཁོས་རྗེས་ཕྱོགས་ཀྱི་ལོ་ལྔ་ནི་རང་རེའི་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལས་རྣམ་པར་རྒྱལ་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པའི་དུས་རིམ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བ་གཏིང་ཟབ་ཏུ་སྤེལ་བའི་དུས་རིམ་གལ་ཆེན་ཞིག་ཀྱང་ཡིན་ཞེས་ནན་གྱིས་བསྟན།
    ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་མིན་པའི་སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན། སྐབས་གསར་བའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་འདེམ་སྒུག་མི་སྣ་དང་གྲ་སྒྲིག་མི་སྣ། སྐབས་གསར་བའི་སྒྲིག་ཨུའི་ཨུ་ཡོན་འདེམ་སྒུག་མི་སྣ་དང་གྲ་སྒྲིག་མི་སྣ། ཞིང་ཆེན་རིམ་པའི་ཏང་ཡོན་ལས་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་སྡེ་ཚན། ཁེ་ལས་དང་བྱ་གཞག་སྡེ་ཚན་གྱི་འགན་ཁུར་བ། ཀྲུང་དབྱང་གི་ཀན་སུའུ་རུ་བཅའ་སྡོད་བྱེད་པའི་སྡེ་ཚན་གྱི་འགན་ཁུར་བ། ཀྲུང་དབྱང་གི་ཀན་སུའུ་རུ་བཅའ་སྡོད་བྱེད་པའི་གསར་འགྱུར་སྡེ་ཚན་གྱི་འགན་ཁུར་བ། གྲོང་ཁྱེར(ཁུལ)གྱི་འགན་ཁུར་བ་གཙོ་བོ་སོགས་ཚོགས་ཆེན་དུ་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号