ǣ

འཇོན་མིའི་བྱ་བ།

འཇོན་མིའི་བྱ་བ།

མདུན་ཤོག > འཇོན་མིའི་བྱ་བ། > འཇོན་མིའི་བྱ་བ།

ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འཇོན་མི་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་ལས་འགན་གཙོ་བོ།ཁུངས་ཀྱི་ལས་འགན་གཙོ་བོ།

ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གི་གཞུང་ལས་ཁང་།

ཏང་དང་རྒྱལ་ཁབ།  ཞིང་ཆེན།  ཁུལ་བཅས་ཀྱི་འཇོན་མིའི་ལས་དོན་གྱི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱེད་པ་འགན་ཁུར་ནས།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཀྱིས་འཇོན་མིི་བྱ་བར་མཛུབ་སྟོན་བསམ་འཆར་གནང་བ་བརྡ་ཁྱབ་གཏོང་བ་དང་།  འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འབྲེལ་ཡོད་འཇོན་མིི་བྱ་བའི་སྲིད་ཇུས་བསམ་འཆར་གཏན་འབེབས་དང་བརྒྱུད་སྤྲོད་བྱེད་ཅིང་།   ཁུལ་ཡོངས་ཀྱི་འཇོན་མི་ལས་དོན་གྱི་བྱ་འགུལ་གལ་ཆེན་རྩ་འཛུགས་དང་མཐུན་སྦྱོར་བྱེད་པ།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དངོས་སུ་བཏོན་པའི་འཇོན་མི་ལས་དོན་གྱི་སྲིད་ཇུས་བྱེད་ཐབས་དངོས་འབབེ་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས་པ།

ཁུལ་ཨུའི་རྩ་འཛུགས་པུའུ།

སྤྱི་ཡོངས་ཀྱི་འགན་འཁྲི་ལག་བསྟར་དམ་འཛིན་བྱས་ཏེ།  ཁུལ་ཡོངས་ཀྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་སྤྱི་ཁོག་གི་མཛུབ་སྟོན་ལ་འགན་ཁུར་དགོས་པ་དང་།   ཁུལ་ཡོངས་ཀྱི་འཇོན་མི་ལས་དོན་གྱི་དམིགས་ཚད་འགན་འཁྲི་ལམ་ལུགས་དཔྱད་ཞིབ་བྱེད་པའི་འགན་ཁུར་དགོས་པ།   གཙོ་གནད་ཀྱི་འཇོན་མིའི་ལས་གྲྭ་རྩ་འཛུགས་ལག་བསྟར་ལ་སྣེ་ཁྲིད་པར་དམ་འཛིན་བྱེད་དགོས་པ།   ཕུལ་བྱུང་འཇོན་མིའི་འབྲེལ་འཛུགས་ལམ་ལུགས་འཐུས་ཚང་དང་ལེགས་བཅོས་གཏོང་དགོས་པ།   འཇོན་མིའི་ལོ་འཁོར་གྱི་བསྡོམས་རྩིས་བྱ་བ་བསྒྲུབས་ཏེ།   ཁུལ་ཡོངས་ཀྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་གནས་ཚུལ་རྒྱུས་ལོན་བྱས་ནས།   རིམ་པ་ཁག་གི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་དགོས་པའི་ཐོག   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་འགན་འཁྲི་གཞན་དག་ལེགས་སྒྲུབ་བྱ་དགོས།

ཁུལ་ཨུའི་དྲིལ་སྒྲོག་པུའུ།

ཁུལ་ཡོངས་ཀྱི་འཇོན་མིའི་བྱ་བ་དྲིལ་སྒྲོག་བྱེད་པའི་སྤྱི་ཁོག་གི་མཛུབ་སྟོན་དང་མཐུན་སྦྱོར་གྱི་འགན་ཁུར་དགོས་པ་དང་།   ཁུལ་ཡོངས་ཀྱི་འཇོན་མིའི་ལས་དོན་གྱི་དྲིལ་སྒྲོག་འཆར་གཞི་གཏན་འབེབས་བྱས་ཏེ།   རིམ་པ་སོ་སོའི་གསར་འགྱུར་སྨྱན་བྱེད་མཐུན་སྦྱོར་བྱེད་པ་དང་  འཇོན་མིའི་ལས་དོན་དང་ཕུལ་བྱུང་འཇོན་མིའི་དཔེ་མཚོན་དྲིལ་སྒྲོག་ལ་ཤུགས་སྣོན་དགོས་ཤིང་།   ཁུལ་ཡོངས་ཀྱི་འཇོན་མིའི་ལས་དོན་དྲིལ་སྒྲོག་གི་ལྟ་སྐུལ་དང་ཞིབ་བཤེར་ལ་ཤུགས་སྣོན་དགོས་པ།   ཁུལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ་རིག་གནས་ཀྱི་འཇོན་མིའི་ཆ་འཕྲིན་བང་མཛོད་འཛུགས་གཉེར་བྱདགོས་པ་དང་།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའིལས་འགན་གཞན་དག་བསྒྲུབ་དགོས།

ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།

ཏང་ཕྱིའི་འཇོན་མིའི་འབྲེལ་བ་ལ་ཤུགས་བསྣན་ཏེ།  ཏང་ཕྱིའི་ཕུལ་བྱུང་འཇོན་མིར་རྒྱུས་ལོན་དང་།  སྐྱེད་སྲིང་།   འདེམ་བསྐོ།  གསོ་སྦྱོང་།  མཚམས་སྦྱོར་བཅས་བྱེད་དགོས་པ་དང་།   འབྲེལ་ཡོད་ཕྱོགསདང་མཉམ་དུ་ཁུལ་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འཇོན་མིའི་དཔུང་ཁག་གསར་བ་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱ་རྒྱུ་དང་།  ཁུལ་ཡོངས་ཀྱི་ཏང་ཕྱིའི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པར་འགན་ཁུར་དགོས་པ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་བསྒྲུབ་དགོས།

 ཁུལ་ཨུའི་སྲིད་ཁྲིམས་ཨུ།

ཁུལ་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གི་འཇོན་མིའི་དཔངུ་ག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་བརྟག་ཞིབ་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པའི་འགན་ཁུར་ཞིང་། སྲིད་ཁྲིམས་མ་ལག་གི་ཕུལ་བྱུང་འཇོན་མིར་ཐད་ཀར་འབྲེལ་གཏུག་དང་རྒྱུས་ལོན་བྱེད་པ་མ་ཟད།   འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་དང་འཐུས་ཚང་བྱེད་པར་འགན་ཁུར་བ་དང་།   ཁུལ་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གི་འཇོན་མི་སྐྱེད་སྲིང་དང་།   འདེམ་བསྐོ།   མཚམས་སྦྱོར་བཅས་ཀྱི་བྱ་བར་ཞུགས་པ།  ད་རུང་འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་བསྒྲུབ་དགོས།

ཁུལ་ལས་ཁུངས་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་།

 དགོས་མཁོ་ཆེ་བའི་འཇོན་མི་དང་།   མཐོ་རིམ་འཇོན་མི་ནང་འདྲེན་བྱེད་པའི་སྒྲིག་ལུགས་བེད་སྤྱོད་དོ་དམ་ལམ་ལུགས་གཏན་འབེབས་བྱེད་པའི་འགན་ཁུར་བའི་ཐོག  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་སྒྲུབ་བྱ་དགོས།

ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་།

ཁུལ་ཡོངས་ཀྱི་འཇོན་མིའི་ལས་དོན་དང་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་གལ་ཆེན་གནད་དོན་ལ་ཕྱོགས་བསྡུས་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་བྱེད་པར་འགན་ཁུར་ནས།  ལེགས་བཅོས་བྱེད་པའི་བསམ་འཆར་དང་གྲོས་གཞི་བཏོན།   རིམ་པ་ཁག་གི་འཇོན་མིའི་ལས་དོན་གྱི་སྲིད་ཇུས་བྱེད་ཐབས་གཏན་འབེབས་དང་།   ཁུལ་ཡོངས་ཀྱི་སྲིད་ཇུས་བློ་འདྲི་མ་ལག་གི་འཇོན་མིའི་ལས་དོན་ལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་པར་ཞུགས་པ་དང་  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་སྒྲུབ་བྱ་དགོས།

ཁུལ་ཐད་གཏོགས་ལས་ཁུངས་ཀྱི་བྱ་བྱེད་ཨུ།

ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་སྲིད་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་དང་།   བཟོ་ཚོགས་དང་།  ན་གཞོན།  བུད་མེད་སོགས་མང་ཚོགས་རྩ་འཛུགས་དང་མཉམ་དུ་ཁུལ་ཐད་གཏོགས་ཀྱི་ཕུལ་བྱུང་ན་གཞོན་དང་བུད་མེད་འཇོན་ཐང་ཅན་སྐོར་ཞིག་ལ་འབྲེལ་བ་བྱེད་དགོས་ཤིང་།   བུད་མེད་ལས་བྱེད་པ་དང་།   ཏང་ཕྱིའི་ལས་བྱེད་པ།   གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་འཇོན་མི་བཅས་རྒྱུས་ལོན་དང་འདེམ་བསྐོ།  མཚམས་སྦྱོར་བཅས་བྱེད་དགོས།   ཁུལ་ཐད་གཏོགས་ལས་ཁུངས་ཏང་སྲིད་འཇོན་མིའི་ཆ་འཕྲིན་བང་མཛོད་འཛུགས་པར་འགན་ཁུར་དགོས་པ་དང་།  ད་རུང་འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་བསྒྲུབ་དགོས།

ཁུལ་འཕེལརྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།

འཇོན་མིའི་ཐོན་ཁུངས་གསར་འབྱེད་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁོག་གི་འཆར་འགོད་ནང་འཇོག་པར་འགན་ཁུར་ཞིང་།   ཁུལ་ཡོངས་ཀྱི་གཙོ་གནད་ས་ཁོངས་དང་གཙོ་གནད་ཐོན་ལས་འཕེལ་རྒྱས་ཀྱིས་འཇོན་མིའི་དགོས་མཁོའི་གནས་ཚུལ་རྒྱུས་ལོན་དང་བྱང་ཆུད་པར་བྱེད་པ   འབྲེལ་ཡོད་ཕྱོགས་དང་མཉམ་དུ་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱེད་པར་གན་ཁུར་དགོས་པ།   གསར་གཏོད་ལས་གཏོད་ཀྱི་འཇོན་མིར་རྒྱབ་སྐྱོར་སྲིད་ཇུས་གཏན་འཁེལ་དང་དངོས་འབེབ་བྱེད་པའི་གཏན་འབེབས་ལ་ཞུགས་པ།   དུས་བཅད་ལྟར་གཙོ་གནད་ཁྱབ་ཁོངས་ཀྱི་འཇོན་མི་མཁོ་བའི་སྔོན་དཔག་དང་ཁྱབ་བསྒྲགས་བྱེད་པར་ཞུགས་པ།   ད་རུང་འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་བསྒྲུབ་དགོས།

 ༡༠ཁུལ་སློབ་གསོ་ཅུས།

ཁུལ་ཡོངས་ཀྱི་སློབ་གསོའི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པའི་འགན་ཁུར་དགོས་པ་དང་།   ཀན་ལྷོ་ཁུལ་གྱི་སློབ་གཙོ་གྲགས་ཅན་དང་།   དགེ་རྒན་གྲགས་ཅན།   འཛིན་བདག་གྲགས་ཅན་སོགས་འཇོན་མིའི་ལས་གྲྭའི་རྩ་འཛུགས་ལག་བསྟར་ལ་འགན་ཁུར་དགོས་ཤིང་།   ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་།   བྱིས་གཉོར་ཁང་གི་རིག་ཚན་གྱི་འགོ་ཁྲིད་པ་དང་རྐང་འཛིན་དགེ་རྒན་གྱི་སྐྱེད་སྲིང་བྱ་བར་འགན་ཁུར་བ་དང་།   ཁུལ་ཡོངས་ཀྱི་སློབ་གསོའི་མངའ་ཁོངས་ཀྱི་འཇོན་མིའི་ཆ་འཕྲིན་བང་མཛོད་དང་སྐུལ་ཁྲིད་ཆེད་མཁས་པའི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱ་རྒྱུ་དང་།   ཕུལ་བྱུང་ཅན་གྱི་སློབ་གསོའི་འཇོན་མི་སྐོར་ཞིག་ལ་འབྲེལ་བ་འཛུགས་པར་འགན་ཁུར་བའི་མི་ཚད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་སྒྲུབ་བྱ་དགོས།

༡༡ཁུལ་ཚན་རིག་ལག་རྩལ་ཅུས།

ཁུལ་ཡོངས་ཀྱི་ཚན་རྩལ་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པའི་འགན་ཁུར་དགོས་པ་དང་།   ཚན་རྩལ་འཇོན་མིས་ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགསལ་བསྒྱུར་བར་འགན་ཁུར་དགོས།  ཚན་རྩལ་འགག་སྒྲོལ།  སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་དཔེ་སྟོན་ཁྱབ་གདལ་གཏོང་རྒྱུ་དང་།  ཚན་རྩལ་གསོ་སྦྱོང་སོགས་རྩ་འཛུགས་ལག་བསྟར་བྱེད་རྒྱུ།   འབུར་ཐོན་གྱི་ཐོན་ལས་དང་སློབ་སྦྱོང་།  ཞིབ་འཇུག་བཅས་ཟུང་འབྲེལ་བྱས་ཏེ།    མཐོ་གསར་ལག་རྩལ་གྱི་ཁེ་ལས་ཚན་རྩལ་འཇོན་མི་ནང་འདྲེན་དང་གསོ་སྦྱོང་སོགས་ཀྱི་ལས་དོན་མཐུན་སྦྱོར་ངང་ལེགས་སྒྲུབ་བྱ་དགོས་ཤིང་།   ཁུལ་ཡོངས་ཀྱི་ཚན་རྩལ་འཇོན་མིའི་ཆ་འཕྲིན་བང་མཛོད་འཛུགས་པར་འགན་ཁུར་བ་དང་།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་སྒྲུབ་བྱ་དགོས།

 ༡༢ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་།

ཁུལ་ཡོངས་ཀྱི་ཁེ་ལས་བདག་གཉེར་དོ་དམ་གྱི་འཇོན་མི་དང་རྣམ་པ་གསར་བའི་ཁེ་ལས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་གྱི་འགན་ཁུར་དགོས་པ་དང་།   ཆ་རྐྱེན་ལྡན་པའི་རྒྱལ་དབང་ཁེ་ལས་ཀྱིས་ཁེ་ལས་བདག་གཉེར་དོ་དམ་གྱི་འཇོན་མི་ནང་འདྲེན་དང་འཇོན་མི་གསོ་སྦྱོང་བྱ་བར་རམ་འདེགས་དང་རྒྱབ་སྐྱོར་བྱ་དགོས་ཤིང་།  ཁུལ་ཡོངས་ཀྱི་བཟོ་ལས་དང་ཁེ་ལས།  ཆེད་ལས་བཅས་ཀྱི་ལག་རྩལ་མི་སྣའི་སློབ་གསོའི་གསོ་སྦྱོང་བྱ་བར་རམ་འདེགས་བྱས་ནས་ལེགས་པོར་བསྒྲུབ་དགོས།   ཁུལ་ཡོངས་ཀྱི་ཁེ་ལས་བདག་གཉེར་དོ་དམ་གྱི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པ་དང་།  ཕུལ་བྱུང་ཁེ་ལས་བདག་གཉེར་དོ་དམ་བྱེད་པའི་འཇོན་མིར་འབྲེལ་བ་འཛུགས་པར་འགན་ཁུར་བ་མ་ཟད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་ཡོང་བར་བྱ་དགོས།

༡༣ཁུལ་སྤྱི་བདེ་ཅུས།

ཁུལ་ཡོངས་ཀྱི་སྤྱི་བདེ་འཇོན་མི་གསར་འབྱེད་དང་སྐྱེད་སྲིང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པའི་འགན་ཁུར་དགོས་པ་དང་།  འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་རྒྱུན་འདུག་བྱེད་པའི་ད་ཡོད་འཇོན་མི་དང་ཕྱི་ནས་ཡོང་བའི་འཇོན་མིའི་ཁྱིམ་ཐོ་སྲིད་ཇུས་ལྟར་སྒྲུབ་ཆོག་པ་དང་གནས་སྡོད་དཔང་ཡིག་ལམ་ལུགས་གཏན་འབེབས་བྱ་དགོས།  ནང་འདྲེན་འཇོན་མིའི་མི་ལུས་བདེ་འཇགས་དང་།  མི་ལུས་རང་དབང་།   ཁྲིམས་མཐུན་རྒྱུ་ནོར་བཅས་སྲུང་སྐྱོང་བྱེད་པའི་འགན་ཁུར་དགོས་པ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་ཡོང་བ་བྱ་དགོས།

༡༤ཁུལ་དམངས་སྲིད་ཅུས།

ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་དང་།   ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་འཇོན་མི་གསོ་སྦྱོང་དང་འདེམ་བསྐོའི་ལས་དོན་ལ་འགན་ཁུར་དགོས་ཤིང་།  ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པ་དང་།   སྤྱི་ཚོགས་ལས་ཀའི་འཇོན་མི་ཕུལ་བྱུང་ཅན་ལ་འབྲེལ་གཏུག་བྱེད་པར་འགན་ཁུར་བ་མ་ཟད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་ཡོང་བར་བྱ་དགོས།

༡༥ ཁུལ་ནོར་སྲིད་ཅུས།

འཇོན་མིའི་མ་འཇོག་སྔོན་ལ་ཁག་ཐེག་བྱེད་པར་སྐུལ་འདེད་བྱེད་པའི་ནོར་ཁྲལ་སྲིད་ཇུས་གཏན་འབེབས་ལག་བསྟར་བྱེད་པ་འགན་ཁུར་དགོས་ཤིང་  འཇོན་མིའི་ལས་དོན་གྱི་གྲོན་དངུལ་ཁག་ཐེག་དང་།  གཏོང་སྤྲོད་དམིགས་སྤྱོད། དོ་དམ་ལྟ་སྐུལ་སོགས་བྱ་བར་འགན་ཁུར་དགོས་པ་དང་།  རྩིས་གཉེར་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པའི་འགན་ཁུར་ཞིང་།  འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཕུལ་བྱུང་འཇོན་མིའི་ལས་དོན་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་ཇེ་མཐོར་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་གཏན་འབེབས་བྱ་དགོས་པ་མ་ཟད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༡༦ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།

ཁུལ་ཡོངས་ཀྱི་ཆེད་ལས་ལག་རྩལ་གྱི་འཇོན་མི་དང་།  ནུས་རྩལ་མཐོ་བའི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་གི་ཕྱོགས་བསྡུས་དོ་དམ་ལ་འགན་ཁུར་དགོས་པ་དང་།  འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་སྣེ་ཁྲིད་དགོས།  མི་ཤུགས་ཐོན་ཁུངས་ཀྱི་འཁོར་རྒྱུག་སྲིད་ཇུས་གཏན་འབེབས་བྱེད་པདང་།  མི་ཤུགས་ཐོན་ཁུངས་ཀྱི་ཚོང་ར་དང་ཆེད་ལས་རང་བཞིན་གྱི་འཇོན་མིའི་ཚོང་ར་འཛུགས་སྐྱོང་དང་དོ་དམ་ལས་དོན་གྱི་འགན་ཁུར་དགོས་ཤིང་།   དུས་བཅད་ལྟར་གཙོ་གནད་ཁྱབ་ཁོངས་ཀྱི་འཇོན་མི་དགོས་མཁོའི་སྔོན་དཔག་དང་ཁྱབ་བསྒྲགས་བྱེད་པ་འགན་ཁུར་དགོས་པ་དང་།  ཆེད་ལས་ལག་རྩལ་གྱི་འཇོན་མི་དང་།  ནུས་རྩལ་མཐོ་བའི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་དང་འཐུས་ཚང་བྱས་ཏེ།  ཕུལ་བྱུང་ཆེད་ལས་ལག་རྩལ་གྱི་འཇོན་མི་དང་ནུས་རྩལ་མཐོ་བའི་འཇོན་མི་ལ་འབྲེལ་གཏུག་བྱེད་དགོས་པ།   འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཇོན་མིའི་ཐོན་ཁུངས་བསྡོམས་རྩིས་ལམ་ལུགས་གསར་འཛུགས་དང་འཐུས་ཚང་བྱེད་དགོས་པ་མ་ཟད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༡༧ཁུལ་རྒྱལ་ཁོངས་ཐོན་ཁོངས་ཅུས།

རྒྱལ་ཁོངས་མངའ་ཁོངས་ཀྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་སྲིད་ཇུས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པའི་འགན་ཁུར་དགོས་པ་དང་།  རྒྱལ་ཁོངས་མངའ་ཁོངས་ཀྱི་འཇོན་མིའི་ལས་དོན་གྱི་ཉམས་མྱོང་དང་ཕུལ་བྱུང་འཇོན་མིའི་མིག་དཔེ་དང་དྲིལ་སྒྲོག་དང་།   མཚམས་སྦྱོར་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་པར་འགན་ཁུར་དགོས་པ།   ཁུལ་ཡོངས་ཀྱི་རྒྱལ་ཁོངས་མངའ་ཁོངས་ཀྱི་འཇོན་མིའི་ཆ་འཕྲིན་བང་མཛོད་འཛུགས་གཉེར་ལ་འགན་ཁུར་དགོས་པ།   ཕུལ་བྱུང་འཇོན་མིའི་གནས་སྡོད་ཀྱི་འགན་སྲུང་བྱ་བར་ཞུགས་ནས་ལེགས་སྒྲུབ་བྱ་དགོས་པ་མ་ཟད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༡༨ཁུལ་སྡོད་ཁང་དང་ཞང་གྲོང་འཛུགས་སྐྲུན་ཅུས།

ཁུལ་ཡོངས་ཀྱི་འཛུགས་སྐྲུན་མ་ལག་གི་འཇོན་མིིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་སྲིད་ཇུས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་དང་།  ལས་གྲྭའི་ལག་རྩལ་མི་སྣའི་གསོ་སྦྱོང་འཆར་གཞི་དངོས་འབེབ་བྱེད་པར་འགན་ཁུར་ཞིང་།  ལས་གྲྭའི་ལག་རྩལ་མི་སྣའི་རྒྱུན་མཐུད་སློབ་གསོ་དང་།   རྒྱུན་ལྡན་གྱི་ལག་རྩལ་དོ་དམ་བྱ་བར་འགན་ཁུར་དགོས།  ཁུལ་ཡོངས་ཀྱི་འཛུགས་སྐྲུན་མ་ལག་གི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པ་དང་།  ཕུལ་བྱུང་གི་ས་ཤིང་ལས་གྲྭ་དང་བཟོ་སྐྲུན་བདེ་འཇགས་དོ་དམ་སོགས་ཆེད་ལས་ལག་རྩལ་མི་སྣར་འབྲེལ་བ་འཛུགས་པར་འགན་ཁུར་དགོས་པ་མ་ཟད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༡༩ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།

ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་གྱི་འགན་ཁུར་དགོས་པ་དང་།   འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་གསོ་སྦྱོང་འཆར་གཞི་དངོས་འབེབ་ལ་འགན་ཁུར་ཞིང་།  ཆེད་ལས་ལག་རྩལ་མི་སྣའི་རྒྱུན་མཐུད་སློབ་གསོ་དང་རྒྱུན་ལྡན་གྱི་ལག་རྩལ་དོ་དམ་བྱ་བར་འགན་ཁུར་དགོས།  ཁུལ་ཡོངས་ཀྱི་འགྲིམ་འགྲུལ་མ་ལག་གི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པ་དང་།  ཕུལ་བྱུང་གི་གཞི་རྩའི་འཛུགས་སྐྲུན་ལས་གྲྭའི་དོ་དམ་གྱི་ཆེད་ལས་ལག་རྩལ་ཐད་ཀྱི་འཇོན་མིར་འབྲེལ་བ་འཛུགས་པར་འགན་ཁུར་དགོས་པ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༢༠ ཁུལ་ཆུ་དོན་ཆུ་གློག་ཅུས།

ཁུལ་ཡོངས་ཀྱི་ཆུ་དོན་ཆུ་གློག་མངའ་ཁོངས་ཀྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་སྲིད་ཇུས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་དང་།  ཆུ་དོན་ཆུ་གློག་ལག་རྩལ་མི་སྣའི་གསོ་སྦྱོང་འཆར་གཞིའི་དངོས་འབེབ་ལ་འགན་ཁུར་ཞིང་།  ལས་གྲྭའི་ལག་རྩལ་མི་སྣའི་རྒྱུན་མཐུད་སློབ་གསོ་དང་།   རྒྱུན་ལྡན་གྱི་ལག་རྩལ་དོ་དམ་བྱ་བར་འགན་ཁུར་དགོས་ཤིང་།  ཁུལ་ཡོངས་ཀྱི་ཆུ་དོན་ཆུ་གློག་མངའ་ཁོངས་ཀྱི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པ་དང་།   ཕུལ་བྱུང་གི་ཆུ་གློག་ལས་གྲྭའི་དོ་དམ་གྱི་ཆེད་ལས་ལག་རྩལ་གྱི་འཇོན་མིར་འབྲེལ་བ་འཛུགས་པར་འགན་ཁུར་དགོས་པ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༢༡ ཁུལ་ཞིང་ཕྱུགས་ཅུས།

ཁུལ་ཡོངས་ཀྱི་རོང་འབྲོག་སྡེ་བའི་དངོས་སྤྱོད་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་སྲིད་ཇུས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་དང་།  ཞིང་ཕྱུགས་མ་ལག་གི་འཇོན་མིའི་གསོ་སྦྱོང་བྱ་བ་དང་།  ཞིང་ཕྱུགས་ལས་ཀྱི་མཐོ་རིམ་འཇོན་མི་དང་ཚན་རྩལ་ཁྱབ་སྤེལ་ཕུལ་བྱུང་འཇོན་མིར་ཐད་ཀར་འབྲེལ་བ་དང་རྒྱུས་ལོན་བྱེད་དགོས་པ་མ་ཟད།  ཆེད་མཁས་པ་རྩ་འཛུགས་བྱས་ནས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་བར་འགན་ཁུར་ཞིང་།   རོང་འབྲོག་སྡེ་བའི་དངོས་སྤྱོད་འཇོན་མིའི་སློབ་གསོ་གསོ་སྦྱོང་གནས་གཞི་འཛུགས་སྐྱོང་དམ་འཛིན་བྱེད་པར་འགན་ཁུར་དགོས། རོང་འབྲོག་སྡེ་བའི་ཕུལ་བྱུང་གི་ཚན་རྩལ་འཇོན་མིའི་གསོ་སྦྱོང་དང་ཞབས་ཞུ་སོགས་བྱ་བར་འགན་ཁུར་བ་དང་།  ཁུལ་ཡོངས་ཀྱི་རོང་འབྲོག་སྡེ་བའི་དངོས་སྤྱོད་འཇོན་མིའི་ཆ་འཕྲིན་བང་མཛོད་འཛུགས་པར་འགན་ཁུར་བ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

 ༢༢ ཁུལ་ནགས་ལས་ཅུས།

ཁུལ་ཡོངས་ཀྱི་ནགས་ལས་མངའ་ཁོངས་ཀྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་སྲིད་ཇུས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་དང་།  ནགས་ལས་ལག་རྩལ་མི་སྣའི་གསོ་སྦྱོང་འཆར་གཞི་དངོས་འབེབ་ལ་འགན་ཁུར་ཞིང་།  ནགས་ལས་ལག་རྩལ་མི་སྣའི་རྒྱུན་མཐུད་སློབ་གསོ་དང་རྒྱུན་ལྡན་གྱི་ལག་རྩལ་དོ་དམ་བྱ་བར་ཡང་འགན་ཁུར་དགོས།  ཁུལ་ཡོངས་ཀྱི་ནགས་ལས་མངའ་ཁོངས་ཀྱི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པ་དང་།  ཕུལ་བྱུང་གི་ནགས་ལས་ཆེད་ལས་ཀྱི་ལག་རྩལ་འཇོན་མིར་འབྲེལ་གཏུག་བྱེད་པར་འགན་ཁུར་དགོས་པ་མ་ཟད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༢༣ ཁུལ་ཚོང་དོན་ཅུས།

ཁུལ་ཡོངས་ཀྱི་ཚོང་དོན་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་དང་།   རིམ་པ་སོ་སོའི་ཚོང་དོན་ཆེད་ལས་ཀྱི་འཇོན་མིའི་སློབ་གསོ་གསོ་སྦྱོང་བྱ་བ་དང་གློག་རྡུལ་ཚོང་དོན་ཆེད་ལས་ཀྱི་འཇོན་མིའི་གསོ་སྦྱོང་བྱ་བར་འགན་ཁུར་དགོས་པ་དང་།  ཚོང་དོན་མ་ལག་གི་བདག་གཉེར་དོ་དམ་གྱི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་འཐུས་ཚང་དང་།   མ་ལག་འདིའི་མཐོ་རིམ་གྱི་འཇོན་མིར་ཐད་ཀར་འབྲེལ་བ་བྱེད་པའམ་རྒྱུས་ལོན་བྱེད་དགོས་པ་དང་།   ༼ཀན་ལྷོ་ཁུལ་གློག་རྡུལ་ཚོང་དོན་གྱི་འཇོན་མིའི་བསམ་བློ་བརྗེ་རེས་ལྟེ་གནས་དང་གློག་རྡུལ་ཚོང་དོན་དང་དབུལ་སྐྱོར་ལས་གཏོད་གཉིས་ཀྱི་གནས་གཞི༽གསར་འཛུགས་ལ་ཧུར་བརྩོན་བྱེད་པར་འགན་ཁུར་དགོས་པ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༢༤ ཁུལ་རིག་གནས་རྒྱང་སྒྲོག་དང་གློག་བརྙན་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཅུས།

ཁུལ་ཡོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་དང་།  འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རིག་གནས་སྒྱུ་རྩལ་གྱི་འཇོན་མི་ནང་འདྲེན་གསོ་སྦྱོང་སྲིད་ཇུས་ལ་ཞིབ་འཇུག་བྱས་ནས་གཏན་འབེབས་ལག་བསྟར་བྱེད་པ་དང་།  ཁུལ་ཡོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པ།  ཕུལ་བྱུང་གི་རིག་གནས་སྒྱུ་རྩལ་ཐད་ཀྱི་འཇོན་མིར་འབྲེལ་གཏུག་བྱེད་པར་འགན་ཁུར་དགོས་པ་མ་ཟད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༢༥ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་ཨུ་ཡོན་ལྷན་ཁང་།

ཁུལ་ཡོངས་ཀྱི་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་དང་།  ཚན་ཁག་གི་སྨན་པ་གསོ་སྦྱོང་བྱེད་པའི་འཆར་གཞི་ལག་བསྟར་དང་རྩ་འཛུགས་བྱེད་པར་འགན་ཁུར་ཞིང་།   འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་རིགས་ཁག་གི་ཕུལ་བྱུང་འཇོན་མིའི་སྨན་བཅོས་བདེ་སྲུང་བྱ་བ་ལེགས་པོར་སྒྲུབ་པ་དང་།   ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གིའཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པ།  ཕུལ་བྱུང་ཅན་གྱི་སྨན་བཅོས་འཕྲོད་བསྟེན་གྱི་འཇོན་མིར་འབྲེལ་གཏུག་བྱེད་པར་འགན་ཁུར་དགོས་ཤིང་།   ད་དུང་སྨན་བཅོས་ཀྱི་འཇོན་མིའི་༼ཚོགས་པ་རྣམ་པས༽བོད་སྐྱོར་ལས་དོན་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༢༦ཁུལ་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས།

ཁུལ་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་དང་།  ཁུལ་ཡོངས་ཀྱི་རིམ་པ་ཁག་གི་མཚམས་སྦྱོར་མཁན་དང་།  ཚོང་འབྲེལ་པ་སོགས་ཀྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་པ་དང་།  ཁྲིམས་ལྟར་འཇོན་མིའི་ཚོང་ར་དོ་དམ་བྱས་ནས།  འཇོན་མིི་འགོ་ཁྲིད་གཞུང་ལས་ཁང་དང་ཁེ་ལས་གསར་འཛུགས་ལས་སྒྲུབ་ཁང་གིས་ལས་གཉེར་དོ་དམ་བྱེད་སྒོ་སྤེལ་རྒྱུར་དཔལ་འབྱོར་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཤིང་།   ཁུལ་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པ་དང་།  ཕུལ་བྱུང་གི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་འཇོན་མིར་འབྲེལ་གཏུག་བྱེད་དགོས་པ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༢༧ ཁུལ་བསྡོམས་རྩིས་ཅུས།

འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཇོན་མི་བསྡོམས་རྩིས་བྱེད་པའི་དམིགས་ཚད་མ་ལག་དང་བསྡོམས་རྩིས་བྱེད་ཐབས་གཏན་འབེབས་བྱས་ནས།  འཇོན་མིའི་ཐོན་ཁུངས་ཀྱི་བསྡོམས་རྩིས་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་།   འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཙོ་གནད་ཁྱབ་ཁོངས་ཀྱི་འཇོན་མི་མཁོ་བའི་སྔོན་དཔག་དང་ཁྱབ་བསྒྲགས་བྱ་བ་ལེགས་སྒྲུབ་བྱས་ཏེ།   འཇོན་མིའི་བསྡོམས་རྩིས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༢༨ ཁུལ་ཡུལ་སྐོར་ཅུས།

ཁུལ་ཡོངས་ཀྱི་ཡུལ་སྐོར་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འཆར་གཞི་དང་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པར་འགན་ཁུར་དགོས་པ་དང་།   ཡུལ་སྐོར་འཇོན་མིའི་གསོ་སྦྱོང་ལས་གྲྭ་རྩ་འཛུགས་ལག་བསྟར་བྱེད་པ་དང་།   ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་གཉེར་མི་སྣའི་སློབ་གསོ་གསོ་སྦྱོང་བྱ་བར་མཛུབ་སྟོན་དང་རྩ་འཛུགས་བྱེད་པར་འགན་ཁུར་ཞིང་།   ཁུལ་ཡོངས་ཀྱི་ཡུལ་སྐོར་འཇོན་མིའི་ཆ་འཕྲིན་བང་མཛོད་གསར་འཛུགས་བྱེད་པ་དང་།  ཡུལ་སྐོར་ལས་རིགས་ཀྱི་ལས་གཉེར་དོ་དམ་ཕུལ་བྱུང་འཇོན་མིར་ཐད་ཀར་འབྲེལ་གཏུག་དང་རྒྱུས་ལོན་བྱེད་དགོས་པ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༢༩ ཁུལ་དབུལ་སྐྱོར་གཞུང་ལས་ཁང་།

ཁུལ་ཡོངས་ཀྱི་ཞང་གྲོང་དབུལ་པོའི་འཇོན་མི་གསོ་སྐྱོང་དང་།  རིག་སྟོབས་ནང་འདྲེན།   དགོས་གལ་ཆེ་བའི་འཇོན་མི་དབུལ་སྐྱོར་ཞང་གྲོང་དུ་ལས་སྒྲུབ་ལ་མངགས་པར་སྐུལ་འདེམས་བྱེད་པའི་སྲིད་ཇུས་བྱེད་ཐབས་ཀྱི་ཞིབ་འཇུག་གཏན་འབེབས་དང་རྩ་འཛུགས་ལག་བསྟར་གྱི་འགན་ཁུར་དགོས་པ་དང་།   གོང་རིམ་གྱི་ལས་སྒོའི་སྡེ་ཁག་གིས་འཇོན་མིའི་ལས་གཞི་དང་མ་དངུལ་ཕྱོགས་ཀྱི་རྒྱབ་སྐྱོར་ལ་ཤུགས་རྒྱག་པར་བརྩོན་ལེན་བྱེད་དགོས་པ་མ་ཟད།   འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༣༠ ཁུལ་སྲིད་གཞུང་གི་དངུལ་རྩའི་གཞུང་ལས་ཁང་།

ཁུལ་ཡོངས་ཀྱི་དངུལ་རྩའི་འཇོན་མི་འཕེལ་རྒྱས་གཏོང་བའི་འཆར་གཞི་གཏན་འབེབས་དང་།  དངུལ་རྩའི་འཇོན་མིའི་དགོས་མཁོ་སྐོང་བའི་ཐག་གཅོད་བྱེད་ཐབས་འདོན་པར་འགན་ཁུར་དགོས་པ་དང་།   ཁུལ་ཡོངས་ཀྱི་དངུལ་རྩའི་ལས་རིགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་འཕེལ་རྒྱས་གཙོ་གནད་གཞིར་བཟུང་སྟེ།   དངུལ་རྩའི་འཇོན་མི་དགོས་མཁོའི་གནས་བབ་སྔོན་དཔག་དང་།   དངུལ་རྩའི་འཇོན་མི་གདམ་གསེས་གདན་ཞུའི་ལས་སྟེགས་གསར་སྐྲུན་བྱས་ནས།  འཇོན་མིའི་བསམ་བློ་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས  རིམ་པ་མང་པོའི་སྒོ་ནས་དངུལ་རྩའི་འཇོན་མི་གསོ་སྦྱོང་གནས་གཞི་འཛུགས་དགོས་པ་མ་ཟད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།

༣༡ཁུལ་ས་གནས་ཁྲལ་དོན་ཅུས།

རྒྱལ་ཁབ་ཀྱིས་འཇོན་མིི་ལས་དོན་གྱི་ཁྲལ་བསྡུ་སྲིད་ཇུས་སྐོར་ནན་ཏན་གྱིས་དངོས་འབེབ་བྱེད་དགོས་པ་དང་།   ལས་རིགས་ཁག་གི་འཇོན་མིའི་ལས་གཏོད་དང་འཚར་ལོངས་འབྱུང་བའི་དཔལ་འབྱོར་གྱི་ཁོར་ཡུག་ལེགས་པོ་བསྐྲུན་པར་ཧུར་བརྩོན་བྱ་དགོས།   ཁུལ་ཡོངས་ཀྱི་འཇོན་མིའི་བྱ་བར་ཞུགས་ནས་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་གཏན་འབེབས་བྱེད་དགོས་པ་དང་།  ཀན་ལྷོ་ཁུལ་གྱི་དགོས་མཁོ་ཆེ་བའི་མཐོ་རིམ་གྱི་འཇོན་མི་ནང་འདྲེན་བྱེད་པའི་གསར་གཏོད་ལས་གཏོད་ཀྱི་ནོར་ཁྲལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཐབས་དངོས་འབེབ་བྱེད་དགོས་པ་མ་ཟད།  འགོ་ཁྲིད་ཚན་ཆུང་གིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་བསྒྲུབ་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

ʹ 62300102000044