ǣ

འཇོན་མིའི་བྱ་བ།

འཇོན་མིའི་བྱ་བ།

མདུན་ཤོག > འཇོན་མིའི་བྱ་བ། > འཇོན་མིའི་བྱ་བ།

ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འཇོན་མི་བྱ་བའི་འགོ་ཁྲིད་ཚན་ཆུང་འཁོར་སྐྱོད་བྱེད་པའི་ནང་རྐྱེན།

ཏང་གི་འཇོན་མི་དོ་དམ་བྱེད་པའི་རྩ་དོན་ལག་ལེན་མཐར་ཕྱིན་བྱས་ཏེ།  སྔར་ལས་ལྷག་པར་ཁུལ་ཨུའི་འཇོན་མི་བྱ་བའི་འགོ་ཁྲིད་ཚན་ཆུང་༼གཤམ་དུ་བསྡུས་མིང་ལ་འགོ་ཁྲིད་ཚན་ཆུང་ཟེར༽དང་དེའི་ཁོངས་མིའི་ལས་ཁུངས་ཀྱི་བྱ་བའི་ལས་འགན་གསལ་བོ་བྱེད་དགོས་པ་དང་  འགན་ནུས་སྡེ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  གང་ཅི་ཐུབ་ཀྱི་འཇོན་མིའི་ལས་དོན་ལེགས་པར་སྒྲུབ་པའི་ཧུར་སེམས་ལ་སྐུལ་སློང་བྱས་ཏེ།  ཁུལ་ཡོངས་ཀྱི་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆགས་སུ་འཇུག་པའི་ཆེད་དུ   ཁུལ་ཨུའི་འཇོན་མི་བྱ་བའི་འགོ་ཁྲིད་ཚན་ཆུང་འཁོར་སྐྱོད་བྱེད་པའི་ནང་རྐྱེན་ལ་གཤམ་གྱི་བསམ་འཆར་འདི་དག་བཏོན་པ་ཡིན

དང་པོ།  ལས་སྒྲུབ་འགན་འཁྲི་གསལ་བོ་ཡོང་བ་བྱ་དགོས།

འགོ་ཁྲིད་ཚན་ཆུང་གི་ལས་འགན་གཙོ་བོ་ནི།

ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཏང་ཨུའི་འཇོན་མི་ལས་དོན་གྱི་འབྲེལ་ཡོད་དགོངས་དོན་སྐོར་དངོས་འབེབ་བྱས་ཏེ་ཁུལ་ཡོངས་ཀྱི་འཇོན་མི་བྱ་བའི་མཛུབ་སྟོན་བསམ་བློ་དང་།  འཐབ་ཇུས་དམིགས་འབེན།  སྤྱི་ཡོངས་བཀོད་སྒྲིག་ཞིབ་འཇུག་བྱས་ནས་བླང་བྱ་འདོན་དགོས།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་བྱེད་འོག་ཏུ།   འཇོན་མིས་ཁུལ་སྟོབས་ལྡན་གཏོང་བའི་འཐབ་ཇུས་ཀྱི་རྩ་འཛུགས་ལག་བསྟར་དང་དམ་འཛིན་བྱས་ཏེ།   ཁུལ་ཡོངས་ཀྱི་འཇོན་མིའི་ལས་དོན་དང་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་ལ་སྤྱི་ཁོག་གིས་མཛུབ་སྟོན་དང་།   ཕྱོགས་བསྡུས་སྙོམས་སྒྲིག  ཞིབ་བཤེར་ལྟ་སྐུལ་བཅས་བྱེད་དགོས།

ཁུལ་ཡོངས་ཀྱི་འཇོན་མིའི་ལས་དོན་དང་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་གནས་་ཚུལ་བརྟག་དཔྱད་དང་རྒྱུས་ལོན་བྱེད་དགོས་པ་དང་   ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་འཇོན་མིའི་དགོས་མཁོ་གཞིར་བཟུང་སྟེ།   ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་གྲོས་གཞི་འདོན་དགོས།

ཁུལ་ཡོངས་ཀྱི་འཇོན་མི་འཕེལ་རྒྱས་གཏོང་བའི་འཆར་འགོད་བརྟག་ཞིབ་བྱས་ནས་བཟོ་འགོད་བྱེད་པ་མ་ཟད་སྙོམས་སྒྲིག་བྱ་དགོས།

ཁུལ་ཡོངས་ཀྱི་འཇོན་མི་ལས་དོན་གྱི་སྲིད་ཇུས་དང་ལམ་ལུགས་ཀྱི་བཟོ་འགོད་དམ་འཐུས་ཚང་གཏང་བར་སྙོམས་སྒྲིག་དང་མཛུབ་སྟོན་གནང་དགོས།

གཙོ་གནད་ཀྱི་འཇོན་མི་ལས་གྲྭ་རྩ་འཛུགས་ལག་བསྟར་བྱས་ཏེ།   ཆེད་དོན་གཙོ་གནད་ཀྱི་འཇོན་མིའི་བྱ་བ་སྙོམས་སྒྲིག་དང་དངོས་འབེབ་བྱ་དགོས།

རྫོང་སོ་སོ་དང་།   སྡེ་ཁག་སོ་སོ།  ལས་ཁུངས་སོ་སོ་བཅས་ཀྱིས་ཁུལ་ཨུའི་འཇོན་མི་བྱ་བའི་ཐབས་ཇུས་བཀོད་སྒྲིག་ལ་ལྟ་སྐུལ་དང་མཛུབ་སྟོན་བྱ་དགོས།

ཁུལ་ཡོངས་ཀྱི་འཇོན་མི་བྱ་བའི་དམིགས་འབེན་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།   དཔྱད་འཇོག་དང་དཔྱད་ཞིབ་བྱེད་པ་རྩ་འཛུགས་བྱ་དགོས།

ཁུལ་ཨུའིསྤྲད་པའི་བྱ་བའི་ལས་འགན་གཞན་དག

གཉིས་པ།  བརྟག་དཔྱད་ཞིབ་འཇུག་གི་བརྗོད་གཞི་གསལ་བོ་ཡིན་དགོས།

འགོ་ཁྲིད་ཚན་ཆུང་གིས་ཞིབ་འཇུག་གྲོས་སྡུར་གཙོ་བོ་གཤམ་གྱི་དོན་ཚན་འདི་དག་བྱེད་དགོས་ཏེ།

ཁུལ་ཡོངས་ཀྱི་འཇོན་མི་འཕེལ་རྒྱས་གཏང་བའི་འཆར་འགོད་ཀྱི་གཏན་འབེབས་དང་ལག་བསྟར།

ཁུལ་ཡོངས་ཀྱི་འཇོན་མིའི་བྱ་བའི་ལོ་འཁོར་གྱི་བཀོད་སྒྲིག་དང་ཆེད་དོན་གཙོ་གནད་ཀྱི་འཇོན་མིའི་ལས་དོན།

ཁུལ་ཡོངས་ཀྱི་འཇོན་མིའི་ལས་དོན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་དང་ལམ་ལུགས་སོགས།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མིང་ཐོག་ནས་ལག་བསྟར་བྱས་པའི་གཙོ་གནད་ཀྱི་འཇོན་མིའི་ལས་གྲྭདང་།  འཇོན་མིའི་བྱེད་སྒོ  འཇོན་མིའི་གཟེངས་བསྟོད་དང་བྱ་དགའ་སོགས།

ཁུལ་ཡོངས་ཀྱི་འཇོན་མིའི་ཐོན་ཁུངས་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་པ།

འགོ་ཁྲིད་ཚན་ཆུང་ལ་སྤྲད་པའི་ཞིབ་འཇུག་གྲོས་སྡུར་བྱེད་པའི་དོན་ཚན་གཞན་དག

གོང་གི་དོན་ཚན་འདི་དག་རིམ་པ་ཁག་གི་སྒྲུབ་འགན་ཁུར་བའི་ལས་ཁུངས་ཀྱིས་འགོ་འཁྲི་ཚན་ཆུང་ལ་སྙན་སུང་ཞུས་ཏེ།  བརྟག་ཞིབ་བྱས་རྗེས་རྩ་འཛུགས་ལག་བསྟར་བྱེད་དགོས

གསུམ་པ།  བྱ་བའི་ལམ་ལུགས་ཚད་ལྡན་གཏོང་དགོས།

དོན་དག་གྲོས་སྡུར་དང་ཇུས་ཐག་གཅོདཔའི་ལམ་ལུགས།       འགོ་ཁྲིད་ཚན་ཆུང་གིས་དམངས་གཙོ་གཅིག་བསྡུ་ལམ་ལུགས་ཀྱི་རྩ་དོན་ལྟར་ཁུལ་ཡོངས་ཀྱི་འཇོན་མིའི་ལས་དོན་གྱི་དོན་དག་གལ་ཆེན་གྲོས་སྡུར་དང་ཞིབ་འཇུག་བྱས་ཏེ།   གཙོ་བོ་ཚང་འཛོམས་གྲོས་ཚོགས་དང་།   ཆེད་དོན་གྲོས་ཚོགས།   ཡིག་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཇུས་ཐག་གཅོད་དགོས་པ་མ་ཟད།   རྩ་དོན་སྟེང་ནས་ཚང་འཛོམས་གྲོས་ཚོགས་་ལོ་རེར་ཚོགས་འདུ་ཐེངས་གཅིག་བསྡུ་དགོས་པ་དང་།   ཆེད་དོན་གྲོས་ཚོགས་དེ་བྱ་བའི་དགོས་མཁོ་ལྟར་དུས་བཅད་མེད་པའི་ནང་ཚོགས་འདུ་བསྡུ་དགོས་ཤིང་།   གང་ལྟར་ཁུལ་ཡོངས་ཀྱི་འཇོན་མིའི་ལས་དོན་གྱི་དོན་དག་གལ་ཆེན་དང་།   ཡིག་ཆ་གལ་ཆེན།   གྲོས་ཚོགས་གཙོ་བོ།   གཟེངས་བསྟོད་བྱ་དགའ་སོགས་འབྲེལ་བ་ཡོད་པ་ཚང་མ་ངེས་པར་དུ་འགོ་ཁྲིད་ཚན་ཆུང་ལ་ཕུལ་ཏེ་བརྟག་ཞིབ་དང་གྲོས་ཞིབ་གནང་བར་འཇུག་དགོས།

ལས་སྒྲུབ་གནས་ཚུལ་གྱི་སྙན་ཞུའི་ལམ་ལུགས།   ལོ་རེའི་ལོ་མགོར།  ཁོངས་མི་སོ་སོའི་ལས་ཁུངས་ཀྱི་ལོ་འཁོར་གྱི་བྱ་བའི་དམིགས་ཚད་ཀྱི་འགན་འཁྲི་ཁག་ཐེག་བྱས་ཏེ།   ལོ་མཇུག་ཏུ་རིམ་པ་ཁག་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་དཔྱད་ཞིབ་ཚོགས་འདུའི་སྟེང་ནས་འཇོན་མི་ལས་དོན་གྱི་ལས་སྒྲུབ་གནས་ཚུལ་ཡར་ཞུ་བྱས་ནས།  ཁོངས་མིའི་ལས་ཁུངས་ཀྱིས་འཇོན་མིི་ལས་དོན་དང་འབྲེལ་བའི་དོན་ཚན་གལ་ཆེན་དུས་ཐོག་ཏུ་འགོ་ཁྲིད་ཚན་ཆུང་ལ་སྙན་སེང་ཞུ་དགོས།

དཔྱད་འདེམ་ལེགས་འདེམ་ལམ་ལུགས།  འཇོན་མིའི་ལས་དོན་གྱི་དམིགས་འབེན་འགན་འཁྲི་ལམ་ལུགས་དཔྱད་ཞིབ་དང་ཟུང་འབྲེལ་བྱེད་དེ།  ཁོངས་མིའི་ལས་ཁུངས་ཁག་གི་ལོ་འཁོར་གྱི་འཇོན་མི་བྱ་བའི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་བརྡ་ཁྱབ་གཏང་དགོས། ཁོངས་མིའི་ལས་ཁུངས་ཁྲོད་ནས་ལོ་འཁོར་གྱི་འཇོན་མིའི་ལས་དོན་གྱི་ཕུལ་བྱུང་ལས་གཞི་དཔྱད་འདེམ་བྱས་ཏེ།   བདམས་ཐོན་བྱུང་བའི་ནང་ནས་གསར་གཏོད་ནུས་ཤུགས་ཆེ་ཞིང་དཔེ་སྟོན་གྱི་ནུས་པ་ལྡན་པ།   དོན་དངོས་ཀྱི་ཕན་འབྲས་ཐོན་པའི་ཕུལ་བྱུང་ལས་གཞི་དེར་ཁུལ་ཨུའི་རྩ་འཛུགས་པུའུ་དང་།   ཁུལ་ཨུའི་འཇོན་མིའི་ལས་དོན་གྱི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་བཅས་ཀྱི་མིང་ཐོག་ནས་གཟེངས་བསྟོད་བྱེད་པ་མ་ཟད།  འཇོན་མིའི་ལས་དོན་ཁྲོད་ཕུལ་བྱུང་གྲུབ་འབྲས་ཐོབ་པའི་ལས་ཁུངས་དང་སྔོན་ཐོན་མི་སྒེར་ལ་ཡང་ཁུལ་ཨུའི་རྩ་འཛུགས་པུའུ་དང་།   ཁུལ་ཨུའི་འཇོན་མིའི་ལས་དོན་གྱི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་མིང་ཐོག་ནས་གཟེངས་བསྟོད་བྱ་དགོས།

བརྟག་དཔྱད་ཞིབ་འཇུག་ལམ་ལུགས།  ཁུལ་ཡོངས་ཀྱི་གཙོ་གནད་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་འཇོན་མིའི་གནད་དོན་གལ་ཆེན་ལ་དམིགས་ཏེ།   ལོ་རེར་གཙོ་གནད་ཞིབ་འཇུག་བྱ་གཞི་གཏན་འཁེལ་བྱས་ཤིང་།   འབྲེལ་ཡོད་ཁོངས་མིའི་ལས་ཁུངས་རྩ་འཛུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་བྱ་བ་ནན་ཏན་གྱིས་བསྒྲུབ་དགོས།

རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་འཆར་འདི་ཏན་ཏན་ཏིག་ཏིག་གིས་ལག་ལེན་མཐར་ཕྱིན་བྱེད་པ་མ་ཟད།   གསར་གཏོད་འཚོལ་ཞིབ་ལ་ཧུར་ཐག་དང་།   འཁོར་སྐྱོད་ཁྲོད་གནས་པའི་གནད་དོན་ལ་ལུགས་མཐུན་གྱི་བསམ་འཆར་བཏོན་ཏེ།   མུ་མཐུད་དུ་འཇོན་མིའི་ལས་དོན་གྱི་འགོ་ཁྲིད་ཚན་ཆུང་གི་འཁོར་རྒྱུག་ནང་རྐྱེན་འཐུས་ཚང་དང་ལེགས་བཅོས་གཏོང་བར་ཕན་པ་དང་།   འཇོན་མིའི་ལས་དོན་ཚད་ལྡན་ཅན་དང་།   ལམ་ལུགས་ཅན།   ཚན་རིག་ཅན་བཅས་ཀྱི་ཆུ་ཚད་དུ་མཐོར་འདེགས་བཏང་སྟེ།   འཇོན་མིའི་ལས་དོན་བཟང་པོར་སྒྲུབ་པའི་སྟོབས་ཤུགས་ཆགས་སུ་བཅུག་སྟེ།   འཇོན་མིས་ཁུལ་སྟོབས་ཅན་དུ་བཏང་བའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་དགོས།

     

ཟུར་བཀོད།   ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འཇོན་མི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་ལས་འགན་གཙོ་བོ།

     

 

 

 

              ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འཇོན་མི་འགོ་ཁྲིད་ཚན་ཆུང་གིས། 

                                           ༢༠༡༧ལོའི་ཟླ༤བའི་ཚེས༢༡ཉིན་ལ།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

ʹ 62300102000044