今天是:

འཇོན་མིའི་བྱ་བ།

འཇོན་མིའི་བྱ་བ།

མདུན་ཤོག > འཇོན་མིའི་བྱ་བ། > འཇོན་མིའི་བྱ་བ།

ཀྲུང་གུང་ཀན་ལྷོ་ཁུལ་ཨུས་ཀན་ལྷོ་ཁུལ་གྱི་འཇོན་མིའི་ལས་དོན་གསར་གཏོད་འཕེལ་རྒྱས་གཏོང་བ་སྐུལ་འདེད་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར།༼3༽

བཞི༽འཇོན་མིར་སྐུལ་ལྕག་གི་སྒྲིག་གཞི་གསར་གཏོད་བྱ་དགོས།

.སྣེ་ཁྲིད་འཇོན་མིར་ཕོགས་སྣོན་གནངས་པའི་ལམ་ལུགས་འཛུགས་དགོས། སྣེ་ཁྲིད་འཇོན་མིའི་ལོ་མཇུག་གི་དཔྱད་ཞིབ་ཚད་ལོན་ཡིན་ན། ཁུལ་ནོར་སྲིད་ཀྱིས་མི་རེ་ལོ་རེར་སྣེ་ཁྲིད་འཇོན་མིའི་ཕོགས་སྣོན་སྒོར༥༠༠༠དགྲམ་དགོས། དཔྱད་ཞིབ་ཕུལ་བྱུང་བའམ་ལོ་དེར་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད་པ། ཡང་ན་ཞིང་ཆེན་རིམ་པ་ཡན་གྱི་གཟེངས་བསྟོད་བྱ་དགའ་ཐོབ་ཡོད་ན། ལོ་དེར་མི་རེར་སྣེ་ཁྲིད་འཇོན་མིའི་ཕོགས་སྣོན་སྒོར༡༠༠༠༠དགྲམ་དགོས། དཔྱད་ཞིབ་ཚད་ལོན་མིན་ན། ལོ་དེའི་སྣེ་ཁྲིད་འཇོན་མིའི་ཕོགས་སྣོན་འགྲེམ་མཚམས་འཇོག་དགོས།

.ན་གཞོན་འཇོན་མིས་ལས་གཞི་གསར་གཏོད་བྱ་རྒྱུར་རོགས་སྐྱོར་བྱེད་པའི་ལམ་ལུགས་ལག་བསྟར་བྱ་དགོས། ལོ་རེར་ཁེ་ལས་ལས་དོན་སྡེ་ཚན་གྱིས་ལག་བསྟར་བྱེད་བཞིན་པའི་ཞིབ་འཇུག་ལས་གཞི་ནས་ཕུལ་བྱུང་ལས་གཞི༡༠ལ་ན་གཞོན་རིག་གཞུང་ལག་རྩལ་རྐང་འཛིན་ཕུལ་བྱུང་བ༡༠གདམ་གསེས་བྱས་ནས། མི་རེར་ལས་གཞི་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི༡ནས༣སྟེར་དགོས། ན་གཞོན་རིག་གཞུང་ལག་རྩལ་རུ་ཁག་གིས་ལག་བསྟར་བྱེད་བཞིན་པའི་ཞིབ་འཇུག་ལས་གཞི་ནས་གསར་གཏོད་ནུས་པ་ཅུང་དྲག་པའི་ཕུལ་བྱུང་ལས་གཞི༢གདམ་གསེས་བྱས་ནས། ལས་གཞི་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི༥ནས༡༠བརྩོན་ལེན་བྱས་ཏེ། ན་གཞོན་འཇོན་མིས་ལས་གཏོད་བྱ་རྒྱུར་སྐུལ་མ་དང་། ན་གཞོན་ལས་གཏོད་འཇོན་མི་དང་རུ་ཁག་གསོ་སྐྱོང་བྱ་རྒྱུར་ཤུགས་འདོན་དགོས།

.འཇོན་མིར་བྱ་དགའ་གནང་ཞིང་སྐུལ་མ་གཏོང་བའི་ལམ་ལུགས་འཐུས་ཚང་གཏོང་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལོ༥རེའི་ནང་འཇོན་མི་བྱ་བའི་སྔོན་ཐོན་ལས་ཁུངས་དང་། སྔོན་ཐོན་བྱ་བྱེད་པ། ཕུལ་བྱུང་འཇོན་མི་བཅས་ལ་གཟེངས་བསྟོད་ཀྱི་བྱ་དགའ་ཐེངས་རེ་གནང་སྟེ། འཇོན་མི་ཕུལ་བྱུང་བར་རེབ་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི༢སྟེར་དགོས། རྒྱལ་ཁབ་བམ་ཞིང་ཆེན་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ་པའམ་ཡང་ནརྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཞིང་ཆེད་སྲིད་གཞུང་གི་དམིགས་བསལ་ཕོགས་དངུལཐོབ་པའི་མི་ལ། ལོ་དེར་རེབ་ཐེངས་གཅིག་གིས་སྒོར་ཁྲི༡གི་བྱ་དགའ་སྟེར་དགོས་ཤིང་། སྣེ་ཁྲིད་འཇོན་མི་མིན་ན་ཐད་ཀར་ཁུལ་སྣེ་ཁྲིད་འཇོན་མིའི་དཔུང་སྡེར་བཅུག་ནས་དོ་དམ་བྱ་དགོས་པ་མ་ཟད། དེ་བསྟུན་གྱི་ཕོགས་སྣོན་ཡང་སྟེར་དགོས། ལྟོས་འཇོག་གིས་འཇོན་མི་གཅིག་བསྡུ་བྱས་ཡོད་པའི་ལས་རིགས་གཙོ་བདག་ལས་ཁུངས་དང་མི་བཀོལ་སྡེ་ཚན། སྤྱི་ཚོགས་ཚོགས་པ་བཅས་ཀྱིས་ལུགས་དང་མཐུན་པའི་སྒོ་ནས་འཇོན་མིའི་བྱ་དགའ་འཛུགས་དགོས་པ་མ་ཟད། ལོ་རེར་འཇོན་མི་ཕུལ་བྱུང་བར་གཟེངས་བསྟོད་བྱ་དགའ་ཐེངས་རེ་སྟེར་དགོས།

གསུམ་པ། ལམ་ལུགས་འཐུས་ཚང་གིས་འཇོན་མི་ལ་འབྲེལ་འདྲིས་དང་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་དགོས།

གཅིག༽ཏང་སྲིད་འགོ་ཁྲིད་ལས་བྱེད་པས་འཇོན་མིར་འབྲེལ་བ་དང་ཞབས་ཞུ་སྒྲུབ་པའི་ལམ་ལུགས་འཐུས་ཚང་གཏོང་དགོས།

ཁུལ་དང་རྫོང༼གྲོང་ཁྱེར༽ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ཚོགས་པའི་ཚོགས་མིས་ཐད་ཀར་ཆེད་མཁས་པར་འབྲེལ་བ་བྱེད་པའི་ལམ་ལུགས་བཙུགས་ཏེ། ཏང་སྲིད་འགོ་ཁྲིད་ཚོགས་པའི་ཚོགས་མི་རེས་ཆེད་མཁས་པ༢ལ་ཐད་ཀར་འབྲེལ་བ་བྱེད་དགོས་པ་དང་། ཁོ་ཚོར་ཉུང་མཐར་ཡང་ལོ་ཕྱེད་རེར་རང་འགུལ་གྱིས་འབྲེལ་བ་ཐེངས་གཅིག་རེ་བྱ་དགོས། ཁུལ་དང་རྫོང༼གྲོང་ཁྱེར༽འཇོན་མི་གཙོ་བདག་སྡེ་ཁག་འགོ་ཁྲིད་ཚོགས་པའི་ཚོགས་མི་རེས་རང་ལས་ཁུངས་ནང་གི་མཐོ་རིམ་འཇོན་མི༣ལ་ཐད་ཀར་འབྲེལ་བ་བྱེད་དགོས་པ་དང་། ཁོ་ཚོས་ཉུང་མཐར་ཡང་དུས་ཚིགས་རེར་འབྲེལ་བ་ཐེངས་གཅིག་རེ་བྱ་དགོས། སྒོ་གཏུག་འཚམས་འདྲི་དང་། བཞུགས་མོལ་བགྲོ་གླེང་། གུང་གསེང་མཛའ་འབྲེལ། ཡིག་སྐུར་ཁ་པར་སོགས་ཀྱི་ལམ་ནས། མཐོ་རིམ་འཇོན་མིའི་བསམ་འཆར་དང་གྲོས་དོན་ཉན་འཇོག་བྱ་དགོས་པ་མ་ཟད། ཁོ་ཚོའི་བྱ་བ་དང་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱ་རྒྱུར་རོགས་རམ་ཡང་བྱ་དགོས། ཁུལ་དང་རྫོང༼གྲོང་ཁྱེར༽འཇོན་མི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་ལས་ཁུངས་ཚང་མས་འཇོན་མིར་འབྲེལ་བ་བྱ་ས་རེ་འཛུགས་དགོས་པ་མ་ཟད། ཆེད་དུ་འཇོན་མིར་ཞབས་ཞུ་སྒྲུབ་དགོས་ཏེ། འཇོན་མི་ཕུལ་བྱུང་བ་སློབ་སྦྱོང་དང་གསོ་སྦྱོང་ལ་ཞུགས་རྒྱུ་རྩ་འཛུགས་དང་། བསླབ་རིམ་མཐོ་བའི་འཇོན་མིའི་འཚོ་སྐྱོང་ཁག་ཐེག་དངོས་འབེབས། དུས་ལྟར་བདེ་ཐང་ཞིབ་བཤེར་བྱ་རྒྱུ་རྩ་འཛུགས། གུང་གསེང་ཁམས་གསོ་བྱེད་པ་བཅས་ཀྱི་སྒོ་ནས། དམིགས་བསལ་ལས་ཐོག་དང་ལས་རྐང་ན་ཡོད་པའི་ཆེད་མཁས་པ་ཚོའི་སྨན་བཅོས་དང་སྔོན་འགོག་བདེ་སྲུང་གི་བྱ་བ་ལེགས་པོར་སྒྲུབ་དགོས།

གཉིས༽མཐོ་རིམ་འཇོན་མིའི་ལས་དོན་གཙོ་བོ་ཡར་ཞུ་བྱེད་པའི་ལམ་ལུགས་འཛུགས་དགོས།

ཁུལ་དང་རྫོང༼གྲོང་ཁྱེར༽འཇོན་མི་གཙོ་བདག་སྡེ་ཁག་གིས་དུས་ལྟར་བསླབ་རིམ་མཐོ་བའི་འཇོན་མིའི་ལས་རྐང་བརྗེ་སྤོར་དང་། ལས་འགན་ལེགས་སྒྲིག སྒེར་གྱི་བྱ་དགའ་ཆད་གཅོད། བདེ་ཐང་གི་གནས་ཚུལ། སྐོང་འཐེན་ལས་འཁྱུར། གཞན་ཡང་བྱས་འབྲས་ཆེན་པོ་བླངས་པ་ལ་སོགས་པའི་གནས་ཚུལ་ཚང་མ་རིམ་པ་གཅིག་པའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་དང་འཇོན་མི་གཞུང་ལས་ཁང་ལ་ཡར་ཞུ་བྱ་དགོས།

གསུམ༽ཆེད་མཁས་པར་བློ་འདྲི་ཞབས་ཞུ་སྒྲུབ་པའི་ལམ་ལུགས་འཐུས་ཚང་གཏོང་དགོས།

ཀན་ལྷོའི་དངོས་ཡོད་གནས་ཚུལ་ལ་མཐུན་པའི་ཆེད་མཁས་པར་བློ་འདྲི་ཞབས་ཞུ་སྒྲུབ་པའི་ལམ་ལུགས་གཏན་འབེབས་བྱེད་ཅིང་། ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་འཛིན་ཇུས་ཐག་གཅོད་པའི་དོན་ཚན་གྱི་ཁྱབ་ཁོངས་དང་། བློ་འདྲི་ཨུ་ཡོན་ཚོགས་པའི་ངོ་བོ། བློ་འདྲི་ཨུ་ཡོན་ཚོགས་པའི་ལས་འགན། བློ་འདྲིའི་ལས་རིམ་དང་བྱ་ཐབས། ཆེད་མཁས་པའི་ལས་ཁུར་དུས་ཡུན་སོགས་ཀྱི་དོན་ཚན་གཏན་ཁེལ་བྱས་ནས། ཀན་ལྷོ་བོད་ཁུལ་གྱི་དོན་ཚན་གལ་ཆེན་ཇུས་ཐག་གཅོད་ཚུལ་ཚན་རིག་ལ་མཐུན་ཞིང་། དངོས་འབེབས་བྱེད་ཤུགས་ནུས་པ་ཐོན་པ་བྱ་དགོས། ཁུལ་དང་རྫོང༼གྲོང་ཁྱེར༽འཇོན་མི་གཙོ་བདག་སྡེ་ཁག་གིས་རང་ལས་ཁུངས་སམ་རང་ལས་རིགས་ན་ཡོད་པའི་ཁུལ་ཕྱི་ནང་གི་མཐོ་རིམ་འཇོན་མི་བསྡུ་ལེན་རྒྱ་ཆེར་བྱས་ཏེ། ཁུལ་དང་རྫོང༼གྲོང་ཁྱེར༽གིཆེད་མཁས་རིག་མཛོདབཙུགས་ནས། ཁུལ་ཨུ་དང་སྲིད་གཞུང་གི་ཇུས་ཐག་གལ་ཆེན་དང་ལས་གཞི་དཔྱད་འཇོག་ལ་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་དགོས། དུས་ཚོད་ངེས་གཏན་མེད་པར་ཆེད་མཁས་པའི་སྙིང་གཏམ་ཚོགས་འདུ་འཚོགས་པ་དང་ཆེད་མཁས་པ་གཞི་རིམ་དུ་སྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས། མཐོ་རིམ་ཆེད་མཁས་པའི་འཇོན་མིར་བློ་འདྲིའི་སྟེགས་བུ་སྐྲུན་ཆེད་བསམ་འཆར་འདོན་པའི་ལམ་ཁ་ཇེ་ཡངས་དང་། ས་ཆ་སོ་སོའི་ལས་ཁུངས་སོ་སོས་བཅོས་སྒྱུར་འཕེལ་རྒྱས་གཏོང་ཕྱིར་བློ་འདྲིའི་དཔྱད་འཇོག་དང་རིག་སྟོབས་ཀྱི་ཞབས་ཞུ་མཁོ་འདོན་བྱ་དགོས།

བཞི༽འཇོན་མི་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་བྱས་པ་འཐུས་ཚང་གཏོང་དགོས།

ཁུལ་ཕྱི་ནང་གི་མཐོ་རིམ་འཇོན་མིའི་ཆ་འཕྲིན་གྲངས་མཛོདསྐྲུན་རྗེས། ཁུལ་ཕྱི་ནང་གི་མཐོ་རིམ་འཇོན་མིའི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ནས། ཀན་ལྷོ་བའམ་ཡང་ན་ཀན་ལྷོའི་འཕེལ་རྒྱས་ལ་བློ་ཁ་ཕྱོགས་པའི་མཐོ་རིམ་འཇོན་མི་སྣ་ཚོགས་ལ་འབྲེལ་འདྲིས་བྱ་རྒྱུར་ཤུགས་སྣོན་དགོས།  ཀན་ལྷོ་ཁུལ་འཇོན་མི་དྲ་བཚུགས་རྗེས། དུས་ལྟར་ཀན་ལྷོ་ཁུལ་གྱི་འཇོན་མིའི་གནས་ཚུལ་གསར་བརྗེ་བྱས་ནས། རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་དང་མི་བཀོལ་ལས་ཁུངས་ཀྱིས་ཁུལ་ཕྱི་ནང་གི་འཇོན་མི་སྣ་ཚོགས་བར་དུ་ཆ་འཕྲིན་བརྗེ་རེས་ཀྱི་སྟེགས་བུ་འཛུགས་དགོས། ཀན་ལྷོ་ཁུལ་གྱི་སྣེ་ཁྲིད་འཇོན་མིའི་གླེང་སྟེགསཚུགས་རྗེས། ལས་རིགས་ཀྱི་ཁྱབ་ཁོངས་བཀར་ནས་དུས་ལྟར་མཐོ་རིམ་འཇོན་མིས་རིག་གཞུང་དང་ལག་རྩལ་བརྗེ་རེས་བྱ་རྒྱུ་རྩ་འཛུགས་བྱེད་དགོས།

ལྔ༽འཇོན་མིའི་ཆབ་སྲིད་བསམ་བློའི་སློབ་གསོར་ཤུགས་སྣོན་དགོས།

ཆབ་སྲིད་བསམ་བློའི་སློབ་གསོ་དེ་འཇོན་མིའི་དཔུང་སྡེ་འཛུགས་པའི་ལས་འགན་གལ་ཆེན་ཞིག་ཏུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། འཇོན་མི་སྣ་ཚོགས་ལ་ཞིབ་འཇུག་ཟབ་སྦྱོང་བྱེད་དུ་འཇུག་པའི་འཆར་གཞི་གཏན་འབེབས་བྱེད་ཅིང་། ཞིང་ཆེན་དང་ཁུལ་ཕྱི་ནང་གི་གསོ་སྦྱོང་ལས་ཁུངས་སྣ་ཚོགས་དང་ཀན་སུའུ་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱི་དྲ་བའི་སྟེགས་བུ་བཅས་ལ་བརྟེན་ནས། ལོ་རེར་འཆར་གཞི་ཡོད་པའི་སྒོ་ནས་ཏང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཞིང་ཆེན་གྱི་གནས་ཚུལ། ཁུལ་གྱི་གནས་ཚུལ་སོགས་ཀྱི་ཕྱོགས་ནས་ཆེད་དམིགས་སློབ་གསོ་དང་ཞིབ་འཇུག་ཟབ་སྦྱོང་བྱེད་པའི་བྱེད་སྒོ་རྩ་འཛུགས་བྱ་དགོས་མོད། དེ་ལས་གཙོ་བོ་ན་གཞོན་ཆེད་མཁས་ཕུལ་བྱུང་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་སློབ་གསོ་དང་གསར་གཏོད་བྱེད་ཐབས་གསོ་སྦྱོང་བྱ་དགོས། འཇོན་མི་སྣ་ཚོགས་རྩ་འཛུགས་སྣེ་སྟོན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཕྱོགས་སྟོན་སྲིད་ཇུས་གལ་ཆེན་སློབ་སྦྱོང་ནན་མོ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དཔེ་སྟོན་བརྩི་སྲུང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་སྙིང་པོ་རང་རྟོག་ལག་ལེན་བྱེད་དུ་བཅུག་སྟེ། རང་འགན་རྒྱུན་ཆགས་དང་གསར་གཏོད་ལས་སྐྲུན། རང་བཀུར་རང་བརྩི། བྱས་རྗེས་ཕོད་པ་བཅས་ཀྱི་སྒོ་ནས། བདེ་སྐྱིད་ཀྱི་དཔལ་དང་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་བློ་རིག་དང་སྟོབས་ཤུགས་འབུལ་དགོས།

བཞི་བ། འགོ་ཁྲིད་སྟོབས་ལྡན་གྱིས་འཇོན་མིའི་ལས་དོན་དང་དོ་དམ་མཉམ་འཛིན་གྱི་སྒྲིག་གཞི་འཛུགས་སྐྲུན་བྱ་དགོས།

གཅིག༽རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས། ཁུལ་དང་རྫོང༼གྲོང་ཁྱེར༽ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་ནི་འཇོན་མིའི་ལས་དོན་གྱི་འགན་ཁུར་བ་དང་པོ་ཡིན་པས། འཇོན་མིའི་ལས་དོན་དམ་འཛིན་ལ་སྣེ་ཁྲིད་བྱ་དགོས་ཤིང་། ཏང་ཨུའི་རྒྱུན་ཨུ་དང་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཚོས་ལས་བགོས་ལྟར་འགན་གཉེར་ཁྱབ་ཁོངས་སམ་ལས་ཁུངས་ཁོངས་གཏོགས་ཀྱི་འཇོན་མིའི་ལས་དོན་དམ་འཛིན་བྱ་དགོས། ཏང་ཨུའི་འཇོན་མི་ལས་དོན་འགོ་ཁྲིད་ཚོ་ཆུང་དང་གཞུང་ལས་ཁང་གིས་གྲོས་ཐག་གཅོད་པ་དང་། ལས་བགོས་མཐུན་སྦྱོར། འབྲེལ་འདྲིས་བརྗེ་རེས། སྐུལ་འདེད་དངོས་འབེབས་བཅས་ཀྱི་སྒྲིག་གཞི་འཐུས་ཚང་བཏང་ནས། འཇོན་མིའི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་ནུས་ཤུགས་ཇེ་ཆེར་གཏོང་དགོས།

ཏང་ཨུ་དང་སྲིད་གཞུང་ཁོངས་གཏོགས་སུ་འཇོན་མིའི་ཐོན་ཁུངས་ཀྱི་གཞི་རྒྱ་ཅུང་ཆེ་བའི་འགན་ནུས་སྡེ་ཁག་ཚང་མས་འཇོན་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་དང་གཞུང་ལས་ཁང་འཛུགས་དགོས།

གཉིས༽དམིགས་འབེན་དཔྱད་ཞིབ་ལ་ཤུགས་སྣོན་དགོས། འཇོན་མིའི་ལས་དོན་དཔྱད་ཞིབ་ཀྱི་ནུས་ཤུགས་ཇེ་ཆེར་བཏང་ནས། འཇོན་མི་འཕེལ་རྒྱས་འཆར་གཞིར་བཀོད་པའི་འཇོན་མི་འཕེལ་རྒྱས་ཀྱི་ཚད་གཞི་ཡང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་ཁོངས་སུ་བསྡུ་དགོས། རིམ་པ་སོ་སོའི་ཏང་ཨུས་ཚང་འཛོམས་ཨུ་ཡོན་ལྷན་ཁང་ལ་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱ་དགོས་པ་དང་། ཚང་མས་འཇོན་མིའི་ལས་དོན་དེ་ཅིས་ཀྱང་ཡར་ཞུ་བྱ་དགོས་པའི་ནང་དོན་ཞིག་ཏུ་འཇོག་དགོས། འགོ་ཁྲིད་ཚོགས་པ་དང་འགོ་ཁྲིད་ལས་བྱེད་ལ་དཔྱད་ཞིབ་བྱ་དུས་ཀྱང་འཇོན་མིའི་ལས་དོན་དེ་དཔྱད་ཞིབ་བྱ་རྒྱུའི་གཙོ་གནད་ཅིག་ཏུ་བརྩི་དགོས། འཇོན་མི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་ལས་དོན་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་ཏེ། རྫོང་དང་གྲོང་ཁྱེར་སོ་སོ། ཁོངས་གཏོགས་ལས་ཁུངས་སོ་སོས་ལོ་དཀྱིལ་དང་ལོ་མཇུག་ལ་འཇོན་མིའི་ལས་དོན་ཕྱོགས་བསྡོམས་བྱ་དགོས་པ་མ་ཟད། ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་འཇོན་མི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་ལ་ཡར་ཞུ་བྱ་དགོས། རིམ་པ་སོ་སོའི་ཏང་ཨུའི་འཇོན་མི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་དུས་ལྟར་ལྟ་སྐུལ་ཞིབ་དཔྱོད་ཀྱི་བྱེད་སྒོ་སྤེལ་ནས། དུས་ལྟར་དཔེར་འོས་ཤེས་རྟོགས་དང་ཉམས་མྱོང་ཁྱབ་གདལ་སྒོས། བྱ་བའི་ཁྲོད་འཕྲད་པའི་འབུར་ཐོན་གནད་དོན་ཞིབ་འཇུག་ཐག་གཅོད་བྱ་དགོས་པ་མ་ཟད། རིམ་པ་གཅིག་པའི་ཏང་ཨུ་དང་སྲིད་གཞུང་ལ་ཡར་ཞུ་བྱ་དགོས།

གསུམ༽གཏོང་འཇོག་འགན་སྲུང་ལ་ཤུགས་སྣོན་དགོས། སྲིད་གཞུང་གིས་གཏོང་འཇོག་བྱ་རྒྱ་གཙོ་བྱས་ཏེ། མི་བཀོལ་ལས་ཁུངས་དང་། སྤྱི་ཚོགས། མི་སྒེར་བཅས་ཧུར་ཐག་གིས་ཞུགས་པའི་འཇོན་མིར་གཏོང་འཇོག་བྱེད་པའི་སྒྲིག་གཞི་སྣ་ཚོགས་འཛུགས་དགོས། ཁུལ་དང་རྫོང༼གྲོང་ཁྱེར༽རིམ་པ་གཉིས་ཀྱིས་འཇོན་མི་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་དེ་ནོར་སྲིད་ལོ་འཁོར་སྔོན་རྩིས་ཁྲོད་དུ་བཞག་སྟེ་དུས་ལྟར་གཏོང་སྤྲོད་བྱས་ནས། འཇོན་མི་གསོ་སྐྱོང་དང་ནང་འདྲེན། བྱ་དགའ་སྟེར་བ་སོགས་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱ་དགོས། ཁུལ་རིམ་པས་འཇོན་མི་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི༥༠༠ལས་མི་ཉུང་བ་དང་། རྫོང༼གྲོང་ཁྱེར༽རིམ་པས་འཇོན་མི་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི༣༠༠ལས་མི་ཉུང་བ་བཀོལ་ནས། ཆེད་དུ་མཁོ་བ་ཆེ་བའི་འཇོན་མི་ནང་འདྲེན་བྱེད་པ་དང་། ཆེད་ལས་ལག་རྩལ་འཇོན་མིའི་རྒྱུན་མཐུད་སློབ་གསོ། ལས་བཟོ་བའི་ལག་རྩལ་གསོ་སྦྱོང་། བྱས་རྗེས་འབུར་དུ་ཐོན་པའི་འཇོན་མིར་བྱ་དགའ་སྤྲོད་པ་ལ་སོགས་པའི་དོན་བྱ་སྒྲུབ་དགོས། ཁུལ་དང་རྫོང༼གྲོང་ཁྱེར༽གིས་མྱུར་དུ་འཇོན་མིའི་སྤྱི་གཞིས་བཟོ་སྐྲུན་ལག་བསྟར་བྱེད་པའི་ལས་འགོ་བརྩམས་རྗེས། འཇོན་མིའི་སྤྱི་གཞིས་ལསྲིད་གཞུང་གིས་སྣེ་ཁྲིད་བྱེད་པ། ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པ། ཚོར་ར་ཅན་དུ་སྐོར་སྐྱོད་བྱེད་པ། སྤྱི་ཚོགས་ཅན་གྱིས་དོ་དམ་བྱེད་པདང་། ཚོང་རའི་རིན་གོང་བྱེད་པ། མངོན་གྱུར་ཁ་གསབ་བྱེད་པ། དུས་ཡུན་ངེས་ཅན་ཡོད་པགླ་གཏོང་རེས་མོས་བྱེད་པ། གན་རྒྱས་དོ་དམ་བྱེད་པ། ཕྱིར་འཚོང་མི་བྱེད་པབཅས་ཀྱི་རྩ་དོན་ལྟར་གླ་གཏོང་དང་དོ་དམ་བྱ་དགོས་ཤིང་། དེའི་ཞོར་ལ་སྤྱི་ཚོགས་སྟེང་གི་ཁང་བ་ལྷག་མ་ཡང་དེའི་ཁ་སྣོན་བྱ་དགོས།

བཞི༽གླེང་ཕྱོགས་དྲིལ་སྒྲོག་ལ་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་དྲིལ་སྒྲོག་ཇུས་འགོད་དང་གླེང་ཕྱོགས་སྣེ་ཁྲིད་ལ་མཐོང་ཆེན་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་འཇོན་མིའི་ལས་དོན་སྐོར་གྱི་འཐབ་ཇུས་བསམ་བློ་ཆེན་མོ་དང་བྱེད་ཕྱོགས་སྲིད་ཇུས་ལ་གོ་བ་ཟབ་མོ་བླངས་ཏེ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པར་འཇོན་མིའི་འདུ་ཤེས་ཟབ་མོ་ཞིག་ཆགས་རྒྱུར་སྣེ་ཁྲིད་བྱ་དགོས་ལ། འཇོན་མི་སྲོག་ལྟར་གཅེས་པ་དང་། འཇོན་མིར་གསེར་ལྟར་དགའ་བ། འཇོན་མི་ཁོ་ན་སྤྱོད་པ། འཇོན་མིའི་ཐོན་ཁུངས་ནི་ཐོན་ཁུངས་དང་པོ་ཡིན་པ་གཏན་ཁེལ་དང་། འཇོན་མི་དམ་འཛིན་བྱས་ན་ནི་གསར་གཏོད་འཕེལ་རྒྱས་དམ་འཛིན་བྱས་པ་ཡིན་པའི་འདུ་ཤེས་བཅངས་ནས། ཧུར་ཐག་གིས་ཁུལ་ཕྱི་ནང་གི་འཇོན་མིའི་ལས་དོན་སྐོར་ནས་གསར་གཏོད་བྱ་སྟངས་དང་སྔོན་ཐོན་གྱི་ཉམས་མྱོང་ཁྱབ་གདལ་དུ་གཏོང་དགོས། དུས་ཡུན་རིང་བོར་མཐོ་སྒང་དུ་རྐང་ཚུགས་ཤིང་། རང་འགན་ལ་རྒྱུན་ཆགས་པ། ལས་གཏོད་བྱས་རྗེས་ཕོད་པའི་སྔོན་ཐོན་མཛད་རྗེས་དང་དཔེ་སྟོན་འཇོན་མི་དྲིལ་སྒྲོག་ཆེན་པོ་བྱས་ཏེ། རྒྱ་ཆེ་བའི་འཇོན་མི་ཚོའི་སྙིང་སྟོབས་དང་འཇོན་ཐང་ཆེར་སྐྱེད་སྒོས་ལས་སྒྲུབ་ལས་གཏོད་ཀྱི་སེམས་པ་སྤྲོ་བས་བརྟས་པར་ཡར་སྐུལ་བྱ་དགོས་སོ།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号