今天是:

འཇོན་མིའི་བྱ་བ།

འཇོན་མིའི་བྱ་བ།

མདུན་ཤོག > འཇོན་མིའི་བྱ་བ། > འཇོན་མིའི་བྱ་བ།

ཀྲུང་གུང་ཀན་ལྷོ་ཁུལ་ཨུས་ཀན་ལྷོ་ཁུལ་གྱི་འཇོན་མིའི་ལས་དོན་གསར་གཏོད་འཕེལ་རྒྱས་གཏོང་བ་སྐུལ་འདེད་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར།༼2༽

གཉིས་པ། སྒྲིག་གཞི་གསར་གཏོད་ཀྱིས་འཇོན་མིས་ལས་སྒྲུབ་ལས་གཏོད་བྱེད་པའི་ཕྱིའི་འགན་སྲུང་འཐུས་ཚང་གཏོང་དགོས།

གཅིག༽འཇོན་མི་གསོ་སྐྱོང་གི་སྒྲིག་གཞི་གསར་གཏོད་བྱ་དགོས།

.འཇོན་མི་གསོ་སྐྱོང་སྦྱོང་རྡར་གྱི་ནུས་ཤུགས་ཇེ་ཆེར་གཏོང་དགོས། འབྲེལ་བ་ལྷུར་ལེན་གྱིས་ན་གཞོན་ཕུལ་བྱུང་ལས་བྱེད་པ་ཚོ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཁ་གཏད་རོགས་སྐྱོར་གྲོང་ཁྱེར། མཛའ་འབྲེལ་མཉམ་ལས་གྲོང་ཁྱེར་སོགས་སུ་འགན་མིང་བཏགས་ནས་སྦྱོང་རྡར་བྱེད་དུ་འཇུག་དགོས། ལས་རིགས་སོ་སོའི་གཙོ་བདག་སྡེ་ཁག་དང་། རྫོང༼གྲོང་ཁྱེར༽དང་ལས་དོན་སྡེ་ཚན་ཚང་མས་འཇོན་མིར་སློབ་གསོ་གསོ་སྦྱོང་དང་ལག་ལེན་སྦྱོང་རྡར་བྱེད་པའི་ཕུགས་རིང་འཆར་གཞི་དང་ལོ་འཁོར་འཆར་གཞི་ཞིབ་འཇུག་གཏན་འབེབས་བྱེད་ཅིང་། གོང་རིམ་ལས་སྒོ་སྡེ་ཁག་ལ་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་དང་། འཇོན་མིར་ཟབ་སྦྱོང་གསོ་སྐྱོང་བྱེད་པའི་ལས་གཞི་བརྩོན་ལེན་སྒོས། འཆར་གཞི་ལྡན་པས་འཇོན་མི་མངགས་གཏོང་གིས་སློབ་སྦྱོང་གསོ་སྐྱོང་དང་། ཟབ་སྦྱོང་ནན་མོ། འགན་བཏགས་སྦྱོང་རྡར། བསླབ་རིམ་མིན་པའི་སློབ་གསོར་ཞུགས་རྒྱུར་སྐུལ་ལྕག་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ། འཇོན་མི་སློབ་གསོ་གསོ་སྦྱོང་དང་ལག་ལེན་སྦྱོང་རྡར་བྱེད་པར་ཤུགས་བསྣན་ནས། འཇོན་མིའི་ཕྱོགས་འདུས་བྱང་ཚད་དང་དངོས་ཡོད་བྱ་བའི་འཇོན་ནུས་མུ་མཐུད་ཇེ་མཐོར་གཏོང་དགོས།

.འཇོན་མིའི་བསླབ་རིམ་སློབ་གསོ་ལ་ཤུགས་སྣོན་དགོས། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ་ཚང་མས་འཇོན་མིས་རྒྱུན་མཐུད་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་དང་འོས་འགན་ལ་ཁག་ཐེག་བྱེད་དགོས་ཤིང་། ལོ༤༥མན་གྱི་འཇོན་མི་སྣ་ཚོགས་ཀྱིས་ལས་བྲལ་སློབ་ཞུགས་དང་། སྦྲག་ཐོག་སློབ་གསོ། དར་མའི་སློབ་གསོ། བརྙན་འཕྲིན་སློབ་ཆེན་གྱི་སློབ་གསོ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་བསླབ་རིམ་ཇེ་མཐོར་གཏོང་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱ་དགོས་ལ། བྱ་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། མི་བཀོལ་ལས་ཁུངས་ཀྱིས་སློབ་མ་སློབ་མཐར་ཕྱིན་རྗེས་མཐར་ཕྱིན་དཔང་ཡིག་དང་འཕྲོད་ཡིག་ངོ་མ་གཞིར་བཟུང་ནས་སློབ་ཡོན་ཚང་མ་རྩིས་ཞུ་བྱ་རྒྱུར་རྒྱབ་སྐྱོར་ཆེན་མོ་བྱ་དགོས། འཇོན་མི་སྣ་ཚོགས་པས་བྱེད་ཐབས་སྣ་མང་བརྒྱུད་མི་ཚེ་གང་བོར་སློབ་སྦྱོང་བྱེད་པར་ཞུགས་ཏེ་ཤེས་བྱ་གསར་བ་བསྡུ་ལེན་བྱེད་པར་སྐུལ་མ་བཏང་ནས། འཇོན་མིའི་དཔུང་སྡེ་སྤྱི་ཡོངས་ཀྱི་བྱང་ཚད་མུ་མཐུད་ཇེ་མཐོར་གཏོང་དགོས།

.མཁོ་བ་ཆེ་བའི་འཇོན་མི་གསོ་སྐྱོང་གི་ནུས་ཤུགས་ཇེ་ཆེར་གཏོང་དགོས། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སློབ་གསོ་པུའུ་ཐད་གཏོགས་དང་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭར་མཐུན་སྦྱོར་གང་ལེགས་བྱས་ཏེ་རང་ཁུལ་ནས་སློབ་མ་བསྡུ་བའི་གཞི་ཁྱོན་ཇེ་ཆེར་གཏོང་དགོས། གཏན་ཁེལ་དང་མངགས་གཏོང་གསོ་སྦྱོང་གི་བྱེད་ཐབས་སྤྱད་ནས། མཁོ་བ་ཆེ་བའི་ཆེད་ལས་སློབ་མ་བསྡུ་བའི་གཞི་རྒྱ་ཇེ་ཆེར་གཏོང་དགོས་ལ། རང་ཁུལ་ལ་མཁོ་བ་ཆེ་བའི་འཇོན་མི་གསོ་སྐྱོང་བྱ་རྒྱུར་ཤུགས་བསྣན་ནས། མཁོ་བ་ཆེ་བའི་འཇོན་མི་སྣ་ཚོགས་དཀོན་པའི་གནོན་ཤུགས་ཇེ་ཡང་གཏོང་དགོས། པེ་ཅིན་དགེ་ཐོན་སློབ་ཆེན་དང་ཧྲའན་ཞིས་དགེ་ཐོན་སློབ་ཆེན་སོགས་སློབ་གསོ་པུའུ་ཡི་ཐད་གཏོགས་དགེ་ཐོན་སློབ་གྲྭ་དང་། ནུབ་བྱང་དགེ་ཐོན་སློབ་ཆེན་དང་ཐེན་ཅིན་དགེ་ཐོན་སློབ་ཆེན་སོགས་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་གཙོ་གནད་ལ་མཐུན་སྦྱོར་ནན་མོ་བྱེད་ཅིང་། ཀན་ལྷོའི་དགེ་རྒན་གསོ་སྦྱོང་རྟེན་གཞི་བཙུགས་ཏེ། མཉམ་དུ་དངོས་གཞི་དང་རབ་འབྱམས་ཞིབ་འཇུག་པ། འབུམ་རམས་ཞིབ་འཇུག་པའི་འཇོན་མི་གསོ་སྐྱོང་བྱ་སྟངས་འཚོལ་ཞིབ་གསར་འཛུགས་བྱ་དགོས། ལོ་རེར་ཀན་ལྷོར་མཁོ་བ་ཆེ་བའི་ན་གཞོན་དགེ་རྒན༢༠༠གསོ་སྐྱོང་བྱས་ནས། དགེ་རྒན་གྱི་དཔུང་སྡེ་མུ་མཐུད་ཇེ་ལེགས་གཏོང་དགོས།

.རོང་འབྲོག་སྡེའི་ངེས་མཁོ་འཇོན་མི་གསོ་སྐྱོང་ལ་ཤུགས་སྣོན་དགོས། ཁུལ་དང་རྫོང༼གྲོང་ཁྱེར༽གི་ལས་རིགས་ལག་རྩལ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཁྲིད་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ཆུ་ཚད་མཐོ་བའི་དངོས་སྦྱོང་རྟེན་གཞི་གསར་འཛུགས་དང་། རང་ཁུལ་གྱི་འཕེལ་རྒྱས་ལ་དམ་དུ་འབྲེལ་ཞིང་ཁུལ་ཕྱི་ནང་གི་ཁེ་ལས་ཀྱི་དགོས་མཁོ་ལ་མངོན་པར་ཕྱོགས་པའི་དགེ་ཐོན་འབྲིང་རིམ་ཆེད་ལས་སློབ་གྲྭ་སྐོར་ཞིག་འཛུགས་དགོས། ལུགས་དང་མཐུན་པར་གསོ་སྦྱོང་གི་རྣམ་པ་དང་ནང་དོན་བཀོད་སྒྲིག་བྱེད་ཅིང་། མཐོ་རིམ་ལག་རྩལ་དགེ་རྒན་གདན་འདྲེན་བྱ་རྒྱུ་གཙིགས་འཛིན་དང་། གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་སྒྲུབ་པ་བཅས་ཀྱི་སྒོ་ནས། རོང་འབྲོག་པའི་འཇོན་མི་གསོ་སྐྱོང་ལ་ཤུགས་སྣོན་དགོས་པ་མ་ཟད། གསོ་སྐྱོང་གི་རྒྱུགས་འབྲས་ཚད་ལོན་པའི་མི་ལ་རྒྱལ་ཡོངས་སུ་སྤྱོད་གོ་ཆོད་པའི་རྒྱལ་ཁབ་ལས་རིགས་ཐོབ་ཐང་གི་དཔང་ཡིག་དགྲམ་དགོས།

གཉིས༽འཇོན་མི་སྐོར་སྐྱོད་ཀྱི་སྒྲིག་གཞི་གསར་གཏོད་བྱ་དགོས།

.“གཉིས་འབྲེལབྱེད་སྒོར་འཇོན་མིའི་རིག་སྟོབས་ཀྱིས་རོགས་སྐྱོར་བྱེད་པའི་སྒྲིག་གཞི་འཛུགས་དགོས། ཁུལ་དང་རྫོང༼གྲོང་ཁྱེར༽རིམ་པའི་ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཚན་གྱིས་བྱེད་ཐབས་ཞིབ་ཕྲ་གཏན་འབེབས་བྱེད་ཅིང་། རྩ་འཛུགས་ཡོད་ཅིང་འཆར་གཞི་ལྡན་པའི་སྒོ་ནས་དབུལ་ཕོངས་ཞང་གྲོང་དུ་ཆེད་ལས་ལག་རྩལ་འཇོན་མི་མངགས་གཏོང་བྱས་ཏེ། གནད་འཁེལ་དབུལ་སྐྱོར་ལ་ཞབས་ཞུ་དང་། ཐོན་ལས་འཕེལ་རྒྱས་ལ་མཛུབ་སྟོན་རོགས་རམ། རོང་འབྲོག་ལས་ཀྱི་སྔོན་ཐོན་ལག་རྩལ་ཁྱབ་གདལ་བཅས་ཀྱི་སྒོ་ནས། རོང་འབྲོག་སྡེ་བའི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བྱ་དགོས། ༢༠༡༥ལོ་ནས༢༠༡༧ལོའི་བར་དུ། ལོ་རེར་ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱི་ཐད་གཏོགས་ལས་ཁུངས་དངགཉིས་འབྲེལསྡེ་ཚན་ནས་ལོ༤༥མན་ཅན་དང་། གཞི་རིམ་ནས་བྱ་བ་ཁུར་ནས་ལོ་གཉིས་མ་འགོར་བའམ་ཡང་ན་ལས་ཁུར་ཆིག་རྐྱང་ཡིན་པའི་འཇོན་མི་ཕུལ་བྱུང་བ༡༠༠ཡར་མར་ཞིག་ཚགས་བཟོས་བྱང་འཛུགས་བྱས་པའི་དབུལ་ཕོངས་སྡེ་བ༢༨༤ལ་མངགས་གཏོང་བྱས་ཏེ། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོའམ་རྒྱུན་ལས་ཧྲུའུ་ཅི་གཞོན་པའི་འགན་འཁུར་དུ་བཅུག་ནས། དབུལ་ཕོངས་ཞང་གྲོང་དང་སྡེ་བར་འགན་བཏགས་ལས་བྱེད་པས་ཁེབས་སུ་འཇུག་དགོས།

.འཇོན་མིས་གོང་རིམ་ནས་འོག་རིམ་འདེམ་པའི་སྒྲིག་གཞི་འཐུས་ཚང་གཏོང་དགོས། བསྡུ་ལེན་བྱས་པ་ནས་ཅིས་ཀྱང་གཞི་རིམ་ལ་འགྲོ་བ་དང་ཡར་འཐེན་བྱས་པ་ནས་ཅིས་ཀྱང་གཞི་རིམ་ལ་འགྲོ་བའི་འཇོན་མི་འདེམ་སྤྱོད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འཇོན་མི་གཞི་རིམ་ལ་སྐོར་སྐྱོད་བྱ་རྒྱུར་སྣེ་འཁྲིད་བྱ་དགོས། ཁུལ་དང་རྫོང༼གྲོང་ཁྱེར༽ཏང་སྲིད་ལས་ཁུངས་དང་ལས་དོན་སྡེ་ཚན་གྱིས་ཁ་གསབ་མི་སྣ་གདམ་གསེས་བྱ་དུས། གཞི་རིམ་ནས་ལོ༣ཡན་ལ་བྱ་བ་ཁུར་བའི་འཇོན་མིའི་ནང་ནས་འདེམ་བསྐོ་བྱ་དགོས།

.འཇོན་མི་འགྱུར་བག་སྤོ་སྐྱོད་ཀྱི་ནང་རྐྱེན་འཛུགས་དགོས། ཁུལ་དང་རྫོང༼གྲོང་ཁྱེར༽ལས་དོན་སྡེ་ཚན་གྱི་ཆེད་ལས་ལག་རྩལ་མི་སྣ་དང་ཚན་རྩལ་མི་སྣས་ལས་ཁུངས་ནས་བཀོད་སྒྲིག་བྱས་པའི་བྱ་བའི་ལས་འགན་སྣ་ཚོགས་ལེགས་གྲུབ་ཐུབ་ཅིང་རང་ལས་ཁུངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་མི་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཁུར་ལས་གཏོད་བྱེད་དུ་འཇུག་ཅིང་དེར་སྐུལ་མ་གཏོང་དགོས། དེའི་ཡོང་སྒོ་ཚང་མ་མི་སྒེར་ལ་དབང་བ་ཡིན། ཏང་སྲིད་ལས་ཁུངས་དང་ལས་དོན་སྡེ་ཚན་གྱི་གཞུང་ལས་མི་སྣས་ལས་ཁུར་དགོངས་ཞུ་དང་ཕོགས་བཅད་གནས་འཇོག་བྱས་རྗེས་ཁུལ་ནང་དུ་ཁེ་ལས་གསར་གཏོད་དང་ཁེ་ལས་ལ་སྣེ་འཁྲིད་བྱ་རྒྱུར་སྐུལ་མ་གཏོང་དགོས། ཕོགས་བཅད་གནས་འཇོག་བྱས་པའི་མི་སྣ་ཡིན་ཚེ། ལོ་གསུམ་གྱི་ནང་ལ་སྔོན་གྱི་ཐོབ་ཐང་དང་གླ་ཕོགས་སོར་འཇགས་བྱ་དགོས་ཤིང་། ནམ་ཡིན་རུང་སྔོན་གྱི་ལས་ཁུངས་ལ་ལོག་སྟེ་ལས་ཞུགས་འགྲན་རྩོད་བྱ་ཆོག ཞབས་ཞུ་ལས་རིགས་ཀྱི་ཞོར་འགན་ཁུར་བའམ་ཡང་ན་གནས་འཇོག་བྱས་ཏེ་ཁེ་ལས་གསར་གཏོད་དང་ཁེ་ལས་ལ་སྣེ་ཁྲིད་བྱེད་པའི་མི་སྣ་ཡིན་ཚེ། གླ་ཕོགས་དང་ཆེད་ལས་ལག་རྩལ་གྱི་ལས་ཐོབ་འཕར་རྒྱུར་འགོག་རྐྱེན་མེད་པ་མ་ཟད། ལས་ཞུགས་ལོ་ཚད་མུ་མཐུད་དུ་བརྩི་དགོས། གལ་ཏེ་བྱས་རྗེས་གཟེངས་སུ་ཐོན་ཚེ། དམིགས་བསལ་གྱིས་དེ་དང་བསྟུན་པའི་ཆེད་ལས་ལག་རྩལ་གྱི་གོ་གནས་འཕར་ཆོག

གསུམ༽འཇོན་མི་དཔྱད་འཇོག་གི་སྒྲིག་གཞི་གསར་སྐྲུན་བྱ་དགོས།

.འཇོན་མི་དཔྱད་འཇོག་གི་སྲིད་ཇུས་གསར་སྐྲུན་བྱ་དགོས། ནུས་པ་དང་ལས་འབྲས་ཀྱིས་ཕྱོགས་སྟོན་བྱེད་ཅིང་། ལས་རིགས་དང་སྤྱི་ཚོགས་ངོས་ལེན་གྱིས་གཙོ་བོ་བྱེད་པའི་འཇོན་མི་དཔྱད་འཇོག་གི་ཚད་གཞི་བཟུང་སྟེ། ལག་ལེན་དང་བྱས་རྗེས་ལ་བརྟེན་ནས་འཇོན་མི་དཔྱད་འཇོག་བྱ་རྒྱུ་གཙིགས་སུ་འཛིན་དགོས། ལས་ཐོབ་ཀྱི་ལམ་ལུགས་དང་སྲིད་ཇུས་དངོས་འབེབས་བྱ་རྒྱུར་སྐུལ་འདེད་ནན་མོ་བྱས་ཏེ། མི་བཀོལ་མཁན་གྱི་ལས་ཁུངས་ཀྱིས་ཆེད་ལས་ལག་རྩལ་ལས་འགན༼ལས་རྐང༽དུ་གདན་ཞུ་བྱེད་པའི་རང་བདག་དབང་ཆ་ཁག་ཐེག་བྱ་དགོས་ལ། ཚན་རིག་ལ་མཐུན་ཞིང་རིགས་སྣ་དབྱེ་བ། འགྱུར་བག་ཡོད་པ། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་པའི་ཆེད་ལས་ལག་རྩལ་འཇོན་མིའི་ལས་ཐོབ་དཔྱད་འཇོག་གི་མ་ལག་འཛུགས་དགོས།

.གཞི་རིམ་གྱི་ཆེད་ལས་ལག་རྩལ་འཇོན་མིའི་ལས་ཐོབ་དང་གདན་ཞུའི་ཆ་རྐྱེན་ཇེ་ཡངས་གཏོང་དགོས། རྫོང་དང་རྫོང་རིམ་པ་མན་གྱི་ཆེད་ལས་ལག་རྩལ་མི་སྣ་ནས་རྒྱལ་ཁབ་ལས་གཉེར་ཆོག་འཐུས་ལམ་ལུགས་སུ་བླང་བྱ་གསལ་བོར་བཏོན་ཡོད་པའི་ལས་རིགས་ཕུད། ཆེད་ཚན་སློབ་ཆེན་ནམ་འབྲིང་རིམ་ཆེད་ལས་སློབ་གྲྭའི་དཔང་ཡིག་ཡོད་ཅིང་། ཆེད་ལས་ལག་རྩལ་གྱི་བྱ་བ་གཉེར་ནས་སོ་སོར་ལོ༡༥འམ་ལོ༢༠ལོན་པ་དང་། འབྲིང་རིམ་ཆེད་ལས་ལག་རྩལ་གྱི་ལས་འགན་ཁུར་ནས་ལོ༥ལོན་ཚེ། མཐོ་རིམ་གཞོན་པའི་ཆེད་ལས་ལག་རྩལ་གྱི་ལས་གནས་འགན་འཁྲིའི་ཐོབ་ཐང་དཔྱད་ཞིབ་བྱེད་པའི་རེ་འདུན་ཞུ་ཆོག ལས་ཐོབ་དཔྱད་ཞིབ་རེ་འདུན་ཞུ་དུས། དཔྱད་རྩོམ་ཕྱོགས་ནས་རེ་འདུན་ནན་མོ་མེད་པར། སྒེར་གྱིས་ལས་འགན་ཁུར་བའི་གནས་ཚུལ་དང་ལོ་མཇུག་གི་དཔྱད་ཞིབ་མཇུག་འབྲས། ཡང་ན་ཁུལ་དང་རྫོང༼གྲོང་ཁྱེར༽ཡན་གྱི་གཟེངས་བསྟོད་རྟགས་མ་ལ་སོགས་པ་དེ་གཞི་རིམ་ཆེད་ལས་ལག་རྩལ་མི་སྣའི་ལས་ཐོབ་དཔྱད་ཞིབ་ཀྱི་གཞི་འཛིན་ས་གཙོ་བོ་བྱ་དགོས། རྫོང་རིམ་པའི་སྡེ་ཚན་དུ་ཆེད་ལས་ལག་རྩལ་ལས་རྐང་དུ་བྱ་བ་གཉེར་བཞིན་ཡོད་ཅིང་། མཐོ་རིམ་ཆེད་ལས་ལག་རྩལ་གྱི་ཐོབ་ཐང་ཡོད་པའི་བུད་མེད་ལོ༥༠ལ་ལོན་པ་དང་སྐྱེས་པ་ལོ༥༥ལ་ལོན་པ། ཡང་ན་རྒྱུན་མཐུད་བྱ་བ་ལས་ནས་ལོ༣༠ལོན་རུང་། ལས་ཁུངས་སུ་ཆེད་ལས་ལག་རྩལ་མཐོ་རིམ་ལས་རྐང་གི་གྲངས་ཀར་ཚད་བཀག་ཡོད་རྐྱེན་དེ་བསྟུན་གྱི་ལས་རྐང་རིམ་པར་གདན་ཞུ་བྱ་མ་ཐུབ་པ་ཡོད་ན། སྔོན་ལ་གདན་ཞུ་བྱས་རྗེས་གཞུག་ནས་ལས་རྐང་འཆར་གཞི་ལེགས་སྒྲིག་གམ་ཡང་ན་རང་ཤུགས་ཀྱིས་སྙོམས་སུ་འཇུག་ཆོག ཞང༼གྲོང་རྡལ༽དང་དེའི་མན་གྱི་སྡེ་ཚན་དུ་ཆེད་ལས་ལག་རྩལ་ལས་རྐང་དུ་བྱ་བ་གཉེར་བཞིན་ཡོད་ཅིང་། མཐོ་རིམ་ཆེད་ལས་ལག་རྩལ་གྱི་ཐོབ་ཐང་ཡོད་ན། ལས་ཁུངས་ཀྱི་ཆེད་ལས་ལག་རྩལ་མཐོ་རིམ་ལས་རྐང་གི་གྲངས་ཀས་ཚད་བཀག་མེད་པར་དེ་བསྟུན་གྱི་ཆེད་ལས་ལག་རྩལ་གྱི་ལས་འགན་ལ་གདན་ཞུ་བྱ་ཆོག རྫོང་དང་རྫོང་རིམ་པ་མན་གྱི་ཆེད་ལས་ལག་རྩལ་ལས་རྐང་དུ་བྱ་བ་གཉེར་བཞིན་ཡོད་ཅིང་། འབྲིང་རིམ་ཆེད་ལས་ལག་རྩལ་གྱི་ལས་གནས་འགན་འཁྲིའི་ཐོབ་ཐང་ཡོད་པའི་བུད་མེད་ལོ༥༠ལ་ལོན་པ་དང་སྐྱེས་པ་ལོ༥༥ལ་ལོན་པ། ཡང་ན་རྒྱུན་མཐུད་བྱ་བ་ལས་ནས་ལོ༣༠ལོན་རུང་། ལས་ཁུངས་སུ་ཆེད་ལས་ལག་རྩལ་མཐོ་རིམ་ལས་རྐང་གི་གྲངས་ཀར་ཚད་བཀག་ཡོད་རྐྱེན་དེ་བསྟུན་གྱི་ལས་རྐང་རིམ་པར་གདན་ཞུ་བྱ་མ་ཐུབ་པ་ཡོད་ན། སྔོན་ལ་གདན་ཞུ་བྱས་རྗེས་གཞུག་ནས་ལས་རྐང་འཆར་གཞི་ལེགས་སྒྲིག་གམ་ཡང་ན་རང་ཤུགས་ཀྱིས་སྙོམས་སུ་འཇུག་ཆོག

.རོང་འབྲོག་སྡེའི་ངེས་མཁོ་འཇོན་མིའི་དཔྱད་འཇོག་ནུས་ཤུགས་ཇེ་ཆེར་གཏོང་དགོས། རོང་འབྲོག་སྡེའི་ལག་རྩལ་འཇོན་མི་དང་རིག་གནས་འཇོན་མི། ཞིང་སྡེའི་དགེ་རྒན། ཞིང་སྡེའི་སྨན་པ་བཅས་ཀྱི་ལས་ཐོབ་དཔྱད་འཇོག་གི་ཚད་གཞི་དང་བྱེད་ཐབས་འཐུས་ཚང་བྱས་ཏེ། གཞི་རིམ་དང་རོང་འབྲོག་སྡེ། ཁེ་ལས། དཀའ་ཁག་ཆེ་བའི་ས་ཆ། དཀའ་སྡུག་ཡོད་པའི་ལས་རིགས་བཅས་པར་ལས་ཞུགས་བྱས་ནས་དུས་ཡུན་རིང་བོ་འགོར་ཡོད་མཁན་ལ་དམིགས་བསལ་གྱིས་སྐར་མ་ཁ་སྣོན་བྱས་ཏེ། སྔོན་ཐོན་ལེགས་འདེམ་དང་ལས་ཐོབ་གནས་སྤར། རྫོང་རིམ་པའི་ལས་དོན་ལས་ཁུངས་སུ་འདེམ་བསྐོ་བྱེད་པའི་སྐབས་སུ་ཡང་། དམིགས་བསལ་གྱིས་དགོངས་བཞེས་དང་ཆེད་དུ་ལྟ་ཟུར་བྱས་ཏེ། མཐར་ཕྱིན་སློབ་མ་ཕུལ་བྱུང་བ་སྔར་ལས་མང་པོ་ཞིག་ཐོན་སྐྱེད་ལས་ཐོག་དང་པོ་དང་དཀའ་ཁག་ཆེ་བའི་ས་ཆར་རང་འགུལ་གྱིས་བྱ་བ་སྒྲུབ་ཏུ་འགྲོ་བར་ཁྲིད་སྟོན་བྱ་དགོས།

.དམིགས་བསལ་འཇོན་མིའི་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་དགོས། ད་ལྟ་ཡོད་པའི་ལས་ཐོབ་དོ་དམ་གྱི་དབང་ཚད་ལྟར། ཁུལ་དང་རྫོང༼གྲོང་ཁྱེར༽རིམ་པ་གཉིས་སུ་དམིགས་བསལ་འཇོན་མིའི་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་རྗེས། ཐོབ་ཐང་དང་ལས་ཐོབ། བསླབ་རིམ། ལས་རིགས་འོས་ཐོབ་སོགས་ཀྱི་རྐྱེན་གྱིས་རྒྱུན་ལྡན་གྱི་སྲིད་ཇུས་གཏན་འབེབས་ལྟར་ཐག་གཅོད་བྱ་མི་ཐུབ་པའི་དམིགས་བསལ་འཇོན་མིར་དོན་གཅིག་གྲོས་གཅིག་གི་བྱེད་ཐབས་སྤྱད་དེ། ཁེར་རྐྱང་དུ་དཔྱད་ཞིབ་ངོས་ལེན་དང་ལས་རྐང་དུ་གདན་ཞུ་བྱ་དགོས། དཔྱད་ཨུ་ཁང་གི་དོན་སྒྲུབ་ལས་ཁུངས་དེ་ཁུལ་དང་རྫོང༼གྲོང་ཁྱེར༽རིམ་པ་གཉིས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་ཏུ་འཛུགས་དགོས།

.ངེས་མཁོ་འཇོན་མི་སྣ་ཚོགས་གདན་ཞུ་བྱེད་པའི་ལམ་ལུགས་ཇེ་ཆེར་གཏོང་དགོས། རང་ཁུལ་དུལག་ཤེས་བཟོ་རྩལ་བདངདམངས་ཁྲོད་སྒྱུ་རྩལ་བཡུལ་ལུགས་མཁས་པཞིང་སྡེའི་ལག་ཤེས་པཞིང་སྡེའི་སྨན་བཅོས་པསོགས་ངེས་མཁོ་འཇོན་མི་སྣ་ཚོགས་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་ཡོད་པར། ཁོ་ཚོའི་དངོས་ཡོད་ལག་རྩལ་ཆུ་ཚད་དང་སྤྱི་ཚོགས་ཤུགས་རྐྱེན་ལྟར། དཔྱད་ཞིབ་བྱས་རྗེས་ལས་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་རྒྱལ་ཁབ་ལས་ཐོབ་ལ་ཡང་མི་འདྲ་བའི་ཆེད་དམིགས་མིང་བཏགས་གནང་དགོས་པ་མ་ཟད། དེ་བསྟུན་གྱི་དཔང་ཡིག་བསྩལ་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号