今天是:

འཇོན་མིའི་བྱ་བ།

འཇོན་མིའི་བྱ་བ།

མདུན་ཤོག > འཇོན་མིའི་བྱ་བ། > འཇོན་མིའི་བྱ་བ།

ཀྲུང་གུང་ཀན་ལྷོ་ཁུལ་ཨུས་ཀན་ལྷོ་ཁུལ་གྱི་འཇོན་མིའི་ལས་དོན་གསར་གཏོད་འཕེལ་རྒྱས་གཏོང་བ་སྐུལ་འདེད་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར།༼1༽

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་གི་བོད་དོན་གྲོས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་པ་དངོས་འབེབས་ནན་མོ་བྱེད་པ། སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་དང་། སྒྲིག་གཞི་གསར་སྐྲུན། ཁོར་ཡུག་ལེགས་བཅོས། གསོན་ཤུགས་ཡར་སྐྱེད་གཏོང་བ། འཇོན་མི་འཕེལ་རྒྱས་ལ་བཀག་འགོག་བཟོ་བའི་བསམ་བློའི་འདུ་ཤེས་རྒྱ་གྲོལ་གཏོང་བ། ལམ་ལུགས་ཀྱི་ནང་རྐྱེན་སྒྱུར་བཅོས་དང་སྲིད་ཇུས་གསར་གཏོད་ལ་སྐུལ་འདེད་བྱེད་པ། འཇོན་མི་སྣ་ཚོགས་པས་ལས་སྒྲུབ་ལས་གཏོད་བྱེད་པའི་ཕྱིའི་ཁོར་ཡུག་དང་འགན་སྲུང་འཐུས་ཚང་གཏོང་བའི་ཆེད་དང་། རང་ཚུགས་ཐུབ་པ། ལག་རྗེས་ཐུབ་པ། ལས་གཏོད་ཐུབ་པ། འགོ་ཁྲིད་ཐུབ་པ། སྣེ་ཁྲིད་ཐུབ་པབཅས་ཀྱི་འཇོན་མིའི་དཔུང་སྡེ་ཞིག་འཛུགས་པར་འབད་པ་བྱས་ནས། ཁུལ་ཡོངས་ཀྱིའཐབ་ཕྱོགས་ཆེན་མོ་ལྔལག་ལེན་དངཀན་ལྷོའི་ཆེན་མོ་ལྔསྐྲུན་པར་ནུས་ཤུགས་ལྡན་པའི་འཇོན་མིའི་ཁག་ཐེག་དང་རིག་པའི་སྐྱོར་འདེགས་འདོན་པའི་ཆེད་དུ། ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི༼འཇོན་མིའི་ལས་དོན་གསར་གཏོད་འཕེལ་རྒྱས་སྐུལ་འདེད་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར༽གྱི་དགོངས་དོན་དང་། རང་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་འབྲེལ་ནས། འདིར་རང་ཁུལ་གྱི་འཇོན་མིའི་ལས་དོན་གསར་གཏོད་འཕེལ་རྒྱས་སྐུལ་འདེད་མགྱོགས་སུ་གཏོང་བར་གཤམ་གྱི་ལག་བསྟར་བསམ་འཆར་བཏོན་ཡོད་དེ།

དང་པོ། གཙོ་གནད་འབུར་ཐོན་གྱིས་འཇོན་མིའི་དཔུང་སྡེ་འཛུགས་པའི་འཆར་གཞི་ཆེན་མོ་གསུམ་ལག་བསྟར་བྱ་དགོས།

གཅིག༽གསར་གཏོད་སྣེ་ཁྲིད་ཀྱི་འཇོན་མི་བརྒྱ་འདེམ་བསྐོ་གསོ་སྐྱོང་བྱེད་པའི་འཆར་གཞིལག་བསྟར་བྱ་དགོས།

.སྣེ་ཁྲིད་འཇོན་མི་འདེམ་བསྐོ་བྱེད་པའི་ཚད་གཞི་གཏན་འཁེལ་བྱ་དགོས། ༼ཀན་ལྷོ་ཁུལ་གྱི་སྣེ་ཁྲིད་འཇོན་མིའི་དཔུང་སྡེ་འཛུགས་པའི་ལག་བསྟར་བྱེད་ཐབས༽གཏན་འབེབས་བྱས་ཏེ། སྣེ་ཁྲིད་འཇོན་མིའི་འདེམ་བསྐོའི་ཚད་གཞི་དང་ཆ་རྐྱེན། གསོ་སྐྱོང་བྱེད་ཐབས། ཞབས་ཞུ་སྒྲུབ་ཐབས་སོགས་གསལ་བོ་བྱས་ནས། སྣེ་ཁྲིད་འཇོན་མི་འདེམ་བསྐོ་བྱེད་པར་སྲིད་ཇུས་ཀྱི་ཁུངས་སྣེ་འདོན་སྤྲོད་བྱ་དགོས།

.སྣེ་ཁྲིད་འཇོན་མི་སྐོར་ཞིག་འདེམ་བསྐོ་བྱ་དགོས། ༢༠༡༥ལོ་ནས་བཟུང་། ལོ་རེར་འཇོན་མི་ཕུལ་བྱུང་རྩེ་གྲ༢༠ཡར་མར་ཞིག་འདེམ་བསྐོ་བྱས་ནས་སྣེ་ཁྲིད་འཇོན་མིའི་དཔུང་སྡེར་འཇུག་དགོས་ལ། ལོ༥ཡི་ནང་མི༡༠༠འདེམ་བསྐོ་བྱ་དགོས། འདེམ་བསྐོ་བྱེད་པའི་བརྒྱུད་རིམ་ཁྲོད་བྱ་བའི་ལས་འབྲས་དང་དངོས་ཡོད་བྱས་རྗེས་ཀྱི་ཆེ་ཆུང་གཙིགས་སུ་བཟུང་སྟེ། ལུགས་དང་མཐུན་པར་ལས་ཐོབ་དང་དཔྱད་རྩོམ། བྱ་དགའ་སོགས་གཏན་ཁེལ་བྱེད་ཅིང་། རང་ཁུལ་གྱི་ཁྱབ་ཁོངས་གཙོ་བོ་དང་ཐོན་ལས་གཙོ་བོ། ལས་རིགས་གཙོ་བོ། ཚན་ཁག་གཙོ་བོ། ལས་གཞི་ཆེན་མོ། ད་དུང་གཞི་རིམ་ལས་ཐོག་གི་རྨང་གཞི་བཅས་ལ་དམིགས་ནས་འདེམ་བསྐོ་བྱ་དགོས།

.སྣེ་ཁྲིད་འཇོན་མི་དོ་དམ་དཔྱད་ཞིབ་འཐུས་ཚང་གཏོང་དགོས། ༼ཀན་ལྷོ་ཁུལ་གྱི་སྣེ་ཁྲིད་འཇོན་མི་དོ་དམ་དཔྱད་ཞིབ་བྱེད་ཐབས༽གཏན་འབེབས་བྱས་ཏེ། ལས་ཁུངས་དཔྱད་ཞིབ་ཀྱི་རྨང་གཞིའི་སྟེང་། ཁུལ་ཨུའི་འཇོན་མི་གཞུང་སྒྲུབ་ཁང་དང་གཙོ་བདག་ལས་ཁུངས་ཀྱི་རྩ་འཛུགས་ཀྱིས་ཆེད་དུ་དཔྱད་ཞིབ་བྱ་དགོས། སྣེ་ཁྲིད་འཇོན་མིར་འགྱུར་བག་དོ་དམ་ལག་བསྟར་བྱ་དགོས་ཏེ། ལོ་རེའི་དཔྱད་ཞིབ་ཚད་ལོན་ཡན་ཡིན་ན་འཇོན་མིའི་ཕོགས་སྣོན་དགྲམ་དགོས། ལོ་རེའི་དཔྱད་ཞིབ་ཚད་མ་ལོན་ན་ལོ་དེའི་ཕོགས་སྣོན་འགྲེམ་མཚམས་འཇོག་དགོས། བསྟུད་མར་ལོ་གསུམ་ལ་དཔྱད་ཞིབ་ཚད་མ་ལོན་ན་སྣེ་ཁྲིད་འཇོན་མིའི་དཔུང་སྡེ་ནས་ཕྱིར་འཕུད་དགོས།

.ན་གཞོན་སྣེ་ཁྲིད་ཀྱི་རྗེས་རབས་འཇོན་མི་གསོ་སྐྱོང་བྱ་དགོས། ནུབ་ཕྱོགས་ཀྱི་འོད་སྣངཞེས་པའི་འཚམས་འདྲི་མཁས་པ་དངཀན་སུའི་འོད་སྣངཞེས་པའི་འཚམས་འདྲི་མཁས་པའི་འཆར་གཞི་ལག་བསྟར་བྱེད་པར་འབྲེལ་ནས། ལོ་རེར་ཞིང་ཆེན་ནསནུབ་ཕྱོགས་ཀྱི་འོད་སྣངཞེས་པའི་འཚམས་འདྲི་མཁས་པ༢དངཀན་སུའི་འོད་སྣངཞེས་པའི་འཚམས་འདྲི་མཁས་པ༡༦བརྩོན་ལེན་བྱེད་ཅིང་། ཁེ་ལས་དང་ལས་དོན་སྡེ་ཚན་ནས་ཀྱང་གསོ་སྐྱོང་གི་མདུན་ལམ་ཆེ་བའི་ན་གཞོན་ལག་རྩལ་འཇོན་མི༤གདམས་གསེས་བྱས་ནས་གསོ་སྐྱོང་ནན་མོ་བྱ་དགོས། རྫོང་དང་གྲོང་ཁྱེར། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཀྱང་བྱ་བའི་དངོས་ཡོད་དགོས་མཁོ་ལ་བསྟུན་ཞིང་། འཆར་གཞི་ཡོད་པའི་སྒོ་ནས་ན་གཞོན་ཆེད་ལས་ལག་རྩལ་འཇོན་མི་ཕུལ་བྱུང་བ་ཕྱི་ལ་མངགས་གཏོང་བྱས་ཏེ་གསོ་སྐྱོང་ནན་མོ་བྱ་དགོས། མངགས་གཏོང་གི་བྱ་བ་དེ་དགོས་མཁོ་ལྟར་གསོ་སྐྱོང་དང་ཕྱོགས་གཉིས་གདམ་རེས་ཀྱི་བྱ་ཐབས་བརྒྱུད་དགོས་ལ། སྤྱི་སྒྲོག་དང་འདྲ་མཉམ། འགྲམ་རྩོད། ལེགས་འདེམབཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

གཉིས༽མཁོ་བ་ཆེ་བའི་འཇོན་མི་སྟོང་ནང་འདྲེན་གསོ་སྐྱོང་བྱེད་པའི་འཆར་གཞིལག་བསྟར་བྱ་དགོས།

.བསླབ་རིམ་མཐོ་ཞིང་མཁོ་བ་ཆེ་བའི་འཇོན་མི་ནང་འདྲེན་བྱ་དགོས། མུ་མཐུད་དུ༼ཀན་ལྷོ་ཁུལ་གྱི་བསླབ་རིམ་མཐོ་ཞིང་མཁོ་བ་ཆེ་བའི་འཇོན་མི་ནང་འདྲེན་བྱེད་པའི་གནས་སྐབས་བྱེད་ཐབས༽ཀྱི་གཏན་འབེབས་ལྟར། བསླབ་རིམ་མཐོ་ཞིང་མཁོ་བ་ཆེ་བའི་འཇོན་མིའི་ཆེད་དམིགས་སྒྲིག་ཁུངས་ཇེ་ཡངས་དང་། བསླབ་རིམ་མཐོ་ཞིང་མཁོ་བ་ཆེ་བའི་འཇོན་མི་ནང་འདྲེན་བྱེད་པའི་གཞི་རྒྱ་ཇེ་ཆེར་བཏང་སྟེ། ༢༠༡༥ལོ་ནས་བཟུང་། ཁུལ་དང་རྫོང༼གྲོང་ཁྱེར༽གིས་ལོ་རེར་ཆེད་དམིགས་སྒྲིག་ཁུངས༡༠༠འདོན་ཞིང་། ལོ་རེར་མི༡༠༠ནང་འདྲེན་བྱས་ནས། ལོ༥ཡི་ནང་རབ་འབྱམས་པ་ཡན་གྱི་མཐར་ཕྱིན་སློབ་མ༥༠༠ནང་འདྲེན་བྱ་དགོས།

.དམིགས་བསལ་ཆེད་ལས་ཀྱི་མཁོ་བ་ཆེ་བའི་འཇོན་མི་ནང་འདྲེན་བྱ་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི༼མཁོ་བ་ཆེ་བའི་འཇོན་མི་ནང་འདྲེན་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར༽དང་བྱེད་ཐབས་བདུན་མུ་མཐུད་ལག་བསྟར་གྱིས་འཇོན་མི་ནང་འདྲེན་གྱི་བྱེད་ཐབས་གསར་གཏོད་དང་། ཡོད་རྒྱུ་མི་གཙོ་དགོས་མཁོ་གཙོ་བ་དང་། འགྲོ་འདུག་རང་དབང་ཡིན་ཞིང་གན་རྒྱས་དོ་དམ་བྱེད་པའིརྩ་དོན་རྒྱུན་འཁྱོངས་སྒོས། ཁྱབ་ཁོངས་གཙོ་བོ་དང་ཐོན་ལས་གཙོ་བོ། ལས་རིགས་གཙོ་བོ། ལས་གཞི་ཆེན་མོ། ཚན་ཁག་གཙོ་བོ་བཅས་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་དམིགས་ཏེ། ཁེ་ལས་དང་ཚན་རིག་ཞིབ་འཇུག་ཁང་། སྨན་བཅོས་ལས་ཁུངས། རིག་གནས་ལས་ཁུངས། དངུལ་རྩ་ལས་ཁུངས། ད་དུང་ཐོན་ལས་གཞིས་ཁུལ་ལ་སོགས་པར་མི་མཁོ་བ་གཙོར་འཛིན་ཞིང་། ཞོར་འགན་མཉམ་འཁུར་དང་དུས་གཏན་ཞབས་ཞུ། ལག་རྩལ་གསར་སྤེལ། ལས་གཞི་མཉམ་ལས། ཚན་རྩལ་བློ་འདྲི་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ནས། འགྱུར་བག་ལྡན་པས་འཇོན་མི་དང་རིག་སྟོབས་ནང་འདྲེན་བྱ་དགོས། ༢༠༡༥ལོ་ནས་བཟུང་། ལོ་རེར་མི༤༠ནང་འདྲེན་བྱ་རྒྱུ་བརྩོན་ལེན་བྱས་ཏེ། ལོ༥ཡི་ནང་ལ་མི༢༠༠ནང་འདྲེན་བྱ་དགོས། འགྱུར་བག་ལྡན་པས་ནང་འདྲེན་བྱས་པའི་འཇོན་མི་བེད་སྤྱོད་ལས་ཁུངས་ཀྱིས་ངེས་མཁོའི་བྱ་བའི་ཆ་རྐྱེན་དང་བྱ་བའི་གྲོན་དངུལ། ཐོབ་ཆའི་རྒྱབ་སྐྱོར་བཅས་འདོན་སྤྲོད་བྱ་དགོས།

.མཁོ་བ་ཆེ་བའི་འཇོན་མི་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས། ཞིང་ཆེན་ཕྱི་རོལ་གྱི་ཁ་གཏད་རོགས་སྐྱོར་གྲོང་ཁྱེར་དང་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭར་མཐུན་སྦྱོར་བྱས་ཏེ། རང་ཁུལ་ལ་སྐྱེ་ཁམས་ཁོར་ཡུག་དང་སྲུང་སྐྱོང་། ཡུལ་སྐོར་གསར་སྤེལ་དང་དོ་དམ། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་དོ་དམ། དྲ་རྒྱའི་ཆ་འཕྲིན་ལག་རྩལ། དེང་རབས་ཀྱི་རོང་འབྲོག་ལས། སྨན་བཅོས་དང་འཕྲོད་བསྟེན། མི་རིགས་ཀྱི་རིག་གནས། སློབ་གསོ་དང་སློབ་ཁྲིད། ཀྲུང་བོད་རྩྭ་སྨན་འདེབས་འཛུགས་ལས་སྣོན། རི་སྐྱེ་ཐོན་རྫས་རྩ་ཆེན་ལས་སྣོན་སོགས་ཀྱི་ཕྱོགས་ལ་མཁོ་བ་ཆེ་བའི་འཇོན་མི་གསོ་སྐྱོང་བྱ་དགོས། ལོ་རེར་མི༦༠གསོ་སྐྱོང་བྱེད་ཅིང་། ལོ༥ཡི་ནང་ལ་མི༣༠༠གསོ་སྐྱོང་བྱས་ནས། རང་ཁུལ་ལ་མཁོ་བ་ཆེ་བའི་འཇོན་མི་དཀོན་པའི་གནོན་ཤུགས་རིམ་གྱིས་ཇེ་ཡང་གཏོང་དགོས།

གསུམ༽ངེས་མཁོའི་ལག་རྩལ་འཇོན་མི་ཁྲི་གསོ་སྐྱོང་བྱེད་པའི་འཆར་གཞིལག་བསྟར་བྱ་དགོས།

.བོད་རྒྱསྐད་གཉིསཀྱི་འཇོན་མི་གསོ་སྐྱོང་བྱ་དགོས། གཞི་རིམ་ལས་བྱེད་པར་བོད་རྒྱསྐད་གཉིསགསོ་སྦྱོང་བྱ་རྒྱུར་མུ་མཐུད་ཤུགས་བསྣན་ནས། གཞི་རིམ་གྱི་ན་གཞོན་ལས་བྱེད་པས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བྱ་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཏེ། ལོ་རེར་གཞི་རིམ་གྱི་ན་གཞོན་ལས་བྱེད་པ༣༠༠ཀན་ལྷོ་ཁུལ་སློབ་གསོ་ཏང་གི་སློབ་གྲྭར་མངགས་གཏོང་བྱས་ནསསྐད་གཉིསརྨང་གཞི་འཛིན་གྲྭའི་གསོ་སྦྱོང་ལ་ཞུགས་སུ་འཇུག་དགོས་པ་དང་། རྨང་གཞི་འཛིན་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་ཕུལ་བྱུང་བ༢༠༠ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་དུ་མངགས་གཏོང་བྱས་ནསསྐད་གཉིསཟབ་སྦྱོང་འཛིན་གྲྭའི་གསོ་སྦྱོང་ལ་ཞུགས་སུ་འཇུག་དགོས། ཡང་ཟབ་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་ཕུལ་བྱུང་བ༤༠ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་མངགས་གཏོང་བྱས་ནསསྐད་གཉིསཡར་སྐྱེད་འཛིན་གྲྭའི་གསོ་སྦྱོང་ལ་ཞུགས་སུ་འཇུག་དགོས། འཆར་གཞི་ལྟར༢༠༡༨ལོ་བར། རྨང་གཞི་འཛིན་གྲྭ་ནས་མི༢༠༠༠དང་། ཟབ་སྦྱོང་འཛིན་གྲྭ་ནས་མི༨༠༠། ཡར་སྐྱེད་འཛིན་གྲྭ་ནས་མི༣༠༠གསོ་སྦྱོང་བྱ་དགོས།

.ཞིང་སྡེའི་ཡུལ་སྐོར་ཞབས་ཞུའི་འཇོན་མི་གསོ་སྐྱོང་བྱ་དགོས། ཡུལ་སྐོར་ལས་རིགས་ནི་རང་ཁུལ་གྱི་ཐོན་ལས་གསུམ་པའི་ནང་གི་ཐོན་ལས་གཙོ་བོ་ཡིན་ཞིང་། འཇོན་མི་དཀོན་པ་ནི་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འགོག་རྐྱེན་ཆེ་ཤོས་ཡིན། ༢༠༡༥ལོ་ནས་བཟུང་། ཞིང་ཆེན་དང་ཁུལ་གྱི་ལས་རིགས་གསོ་སྦྱོང་སློབ་གྲྭའི་གསོ་སྦྱོང་གནས་གཞིར་བརྟེན་ནས། ལོ་རེར་ཞིང་སྡེའི་ཡུལ་སྐོར་དོ་དམ་དང་ཞབས་ཞུ་འཇོན་མི་གསོ་སྦྱོང་བྱེད་པའི་འཛིན་གྲྭ་ཐེངས་གཉིས་སྒྲུབ་སྟེ། ཞིང་སྡེའི་ཡུལ་སྐོར་འཇོན་མི༢༥༠གསོ་སྦྱོང་བྱེད་ཅིང་། ༢༠༡༨ལོར་ཐོན་དུས་བསྡོམས་པས་མི༡༠༠༠གསོ་སྦྱོང་བྱ་ཐུབ་དགོས། དེ་ལྟར་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ལ་འཇོན་མི་དཀོན་པའི་འབུར་ཐོན་གནད་དོན་རགས་ཙམ་ཐག་གཅོད་བྱ་དགོས།

.རོང་འབྲོག་སྡེའི་འབྱོར་འབྲིང་འཛུགས་སྐྲུན་གྱི་འཇོན་མི་གསོ་སྐྱོང་བྱ་དགོས། ལོ་རེར་གཞི་རིམ་གྱི་ལས་བྱེད་པ༢༠༠ཀན་སུའུ་ཞིང་ལས་སློབ་ཆེན་དང་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་དུ་མངགས་གཏོང་བྱས་ནས། ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་ནུས་པ་ཡར་སྐྱེད་གཏོང་བའིགསོ་སྦྱོང་འཛིན་གྲྭར་ཞུགས་སུ་འཇུག་དགོས། རོང་ཁུལ་སྡེ་བའི་ལས་བྱེད་པ༡༠༠ཧྲན་ཏུང་ཝེ་ཧྥང་ཏང་གི་སློབ་གྲྭར་མངགས་གཏོང་བྱས་ནས། དེང་རབས་ཀྱི་ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་དང་། ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་སོགས་པའི་ཆེད་དམིགས་གསོ་སྦྱོང་བྱ་དགོས། སྡེ་བ་དང་ཚོ་ཆུང་གི་ལས་བྱེད་པ༡༠༠ཅང་སུའུ་ཞིང་ཆེན་ཅང་དབྱིན་གྲོང་ཁྱེར་ཧྭ་ཞིས་སྡེ་བར་མངགས་གཏོང་བྱས་ནས། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་། ཞིང་སྡེ་གསར་བའི་འཛུགས་སྐྲུན། རྣམ་པ་གསར་བའི་གྲོང་རྡལ་ཅན་འཛུགས་སྐྲུན་བཅས་ལ་ལྟ་སྐོར་གསོ་སྦྱོང་བྱ་དགོས། རོང་འབྲོག་ཁུལ་གྱི་སྡེ་བའི་ལས་བྱེད་པ༣༠༠ཅོ་ནེ་རྫོང་རོང་འབྲོག་སྡེའི་ལས་བྱེད་ཆེད་དམིགས་གསོ་སྦྱོང་སློབ་གྲྭར་མངགས་གཏོང་བྱས་ནས། རོང་འབྲོག་ལས་ཆེད་གཉེར་མཉམ་ལས་ཁང་དང་། དབུལ་ཕོངས་སྡེ་བ་རོགས་རེས་ཚད་ལྡན་ཅན་འཛུགས་སྐྲུན་སོགས་ཀྱི་སྐོར་ནས་ཤེས་བྱ་གསོ་སྦྱོང་བྱ་དགོས། རོང་འབྲོག་ཁུལ་གྱི་ངེས་མཁོའི་ལག་རྩལ་འཇོན་མི༣༠༠ཁུལ་ཕྱུགས་ལས་སློབ་གྲྭར་མངགས་གཏོང་བྱས་ནས། སྒོ་ཕྱུགས་གསོ་སྤེལ་དང་ནད་ཡམས་སྔོན་འགོག ཀྲུང་བོད་རྩྭ་སྨན་འདེབས་འཛུགས། མཐོ་སྒང་གི་ལྗང་མདོག་ཕྱུགས་ལས་ཐོན་རྫས་ལས་སྣོན་ཐུམ་རྒྱག་སོགས་རོང་འབྲོག་སྡེ་བའི་ངེས་མཁོ་ལག་རྩལ་གསོ་སྦྱོང་བྱ་དགོས། འཆར་གཞི་ལྟར༢༠༡༨ལོ་བར། བསྡོམས་པས་རོང་འབྲོག་སྡེ་བར་འབྱོང་འབྲིང་འཛུགས་སྐྲུན་གྱི་འཇོན་མི༤༠༠༠གསོ་སྦྱོང་བྱ་དགོས། གསོ་སྦྱོང་བརྒྱུད་དེ་གཞི་རིམ་ལས་བྱེད་པའི་བསམ་བློ་བཅིངས་འགྲོལ་དང་། ཤེས་རྒྱ་ཇེ་ཆེ། ལྟ་བ་གསར་བརྗེ་བཅས་ལ་ཤུགས་སྣོན་ཞིང་། ཚན་རིག་གི་སྒོ་ནས་འཕེལ་རྒྱས་ཀྱི་འཆར་བཀོད་བཟོ་སྒྲིག་དང་ཕྱུག་འགྱུར་སྣེ་ཁྲིད་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས།

.རོང་འབྲོག་སྡེའི་བྱིས་པའི་སློབ་གསོ་འཇོན་མི་སྟོང་གསོ་སྐྱོང་བྱ་དགོས། བྱིས་པའི་སློབ་གསོ་ལས་དོན་ཡར་རྒྱས་གཏོང་བར་ཆེད་ལས་སློབ་སྦྱོང་བྱས་ཡོད་པའི་བྱིས་པའི་དགེ་རྒན་སྐོར་ཞིག་ངེས་པར་མཁོ་འདུག དེའི་ཕྱིར་ད་ལྟའི་རོང་འབྲོག་སྡེའི་བྱིས་པའི་སློབ་གསོ་དགེ་རྒན་དཀོན་པའི་གནད་དོན་ལ་དམིགས་ཏེ། འཆར་གཞི་ལྟར༢༠༡༥ལོ་ནས་བཟུང་རོང་འབྲོག་སྡེའི་བྱིས་པའི་དགེ་རྒན་གསོ་སྐྱོང་བྱེད་པའི་ནུས་ཤུགས་ཇེ་ཆེར་བཏང་བ་རེད། ལོ་རེར་ཞིང་ཆེན་ཕྱི་ནང་གི་དགེ་འོས་རིགས་ཀྱི་སློབ་གྲྭ་ནས་རོང་འབྲོག་སྡེའི་བྱིས་པའི་དགེ་རྒན༼དེར་བྱིས་པའིསྐད་གཉིསདགེ་རྒན༡༠༠འདུ༽༢༥༠གསོ་སྐྱོང་བྱས་ཏེ། ༢༠༡༨ལོར་ཐོན་དུས་བསྡོམས་པས་དགེ་རྒན༡༠༠༠གསོ་སྐྱོང་བྱ་དགོས། དེ་ལྟར་ཁུལ་ཡོངས་སུ་ལོ་ན་རན་པའི་བྱིས་པའི་སློབ་སྔོན་སློབ་གསོར་དགེ་རྒན་དཀོན་པའི་གནད་དོན་རིམ་གྱིས་ཐག་གཅོད་བྱེད་ཅིང་། ཁུལ་ཡོངས་ཀྱི་སློབ་སྔོན་སློབ་གསོ་ཚད་ལྡན་ཅན་དང་ཚད་མཐུན་ཅན་དུ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱས་ནས། སློབ་སྔོན་སློབ་གསོ་དོ་མཉམ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱ་དགོས།

.ཞིང་སྡེའི་འཕྲོད་བསྟེན་འཇོན་མི་སྟོང་གསོ་སྐྱོང་བྱ་དགོས། ཐེན་ཅིན་གསོ་རིག་སློབ་ཆེན་དང་ཐེན་ཅིན་གསོ་རིག་སྨན་རྫས་སློབ་ཆེན་ལ་བརྟེན་ནས། ལོ་རེར་རང་ཁུལ་ལ་གསོ་རིག་དངོས་གཞིའི་སློབ་མ༨༠གསོ་སྐྱོང་བྱེད་དུ་འཇུག་དགོས་ཤིང་། ལོ༥ཡི་ནང་ལ་མི༤༠༠གསོ་སྐྱོང་བྱ་དགོས། ལོ་རེར་གཞི་རིམ་གྱི་ཀྲུང་བོད་གསོ་རིག་ཆེད་ལས་མི་སྣ༦༠ཞིང་ཆེན་མི་དམངས་སྨན་ཁང་གཉིས་པར་མངགས་གཏོང་བྱས་ནས། ཀྲུང་བོད་གསོ་རིག་མཐུན་སྦྱོར་ལག་རྩལ་དང་། རྒྱུན་ནད་འབྱུང་སླའི་ནད་རིགས་སྨན་བཅོས། སྤྱི་བའི་འཕྲོད་བསྟེན་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་དུ་འཇུག་དགོས་ཤིང་། ལོ༥ཡི་ནང་ལ་མི༣༠༠གསོ་སྐྱོང་བྱ་དགོས། རྫོང་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་དང་ཆེད་ལས་ལག་རྩལ་མི་སྣ་བེད་སྤྱད་ནས། ཞང་གྲོང་དང་སྡེ་ཁུལ་ཞབས་ཞུ་ལྟེ་གནས་ཀྱི་སྨན་བཅོས་ལག་རྩལ་མི་སྣར་གོ་རིམ་ཡོད་པའི་སྒོ་ནས་གསོ་སྦྱོང་བྱ་དགོས། འཆར་གཞི་ལྟར་ལོ་རེར་མི༡༠༠ལ་གསོ་སྦྱོང་བྱས་ནས་ལོ་ལྔའི་ནང་ལ་མི༥༠༠གསོ་སྦྱོང་བྱ་དགོས། གསོ་སྦྱོང་བརྒྱུད་དེ་ཞང་གྲོང་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་མང་པོ་ཆེད་དུ་ཚད་ལྡན་དུ་བཀོལ་སྤྱོད་ཐུབ་པའི་མི་སྣ་ཡོད་པ་དང་། འཕྲོད་བསྟེན་ཐོན་ཁུངས་ཀྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས། ཞང་གྲོང་འཕྲོད་བསྟེན་ཁང་སྤྱི་ཡོངས་ཀྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ལོ༥ཡི་ནང་དུ་ཞིང་སྡེའི་སྨན་པ་ཡོངས་ལ་ཉུང་མཐར་ཡང་གསོ་སྦྱོང་ཐེངས་རེ་བྱ་དགོས།

.ཞིང་སྡེའི་རིག་གནས་འཇོན་མི་སྟོང་གསོ་སྐྱོང་བྱ་དགོས། ཞིང་ཆེན་དང་ཁུལ་རིག་གནས་སྒྱུ་རྩལ་གླིང་དང་ཚོགས་པ་སོགས་ཀྱི་སྟེགས་བུ་བརྒྱུད། ཞིང་སྡེའི་གར་སྟེགསདང་དམངས་ཁྲོད་རིག་རྩལ་ཚོགས་པ། དམངས་ཁྲོད་སྒྱུ་རྩལ་མི་སྣ་བཅས་ལ་གོ་རིམ་ལྡན་པས་གསོ་སྦྱོང་བྱ་དགོས། འཆར་གཞི་ལྟར་ལོ་རེར་མི༡༥༠ལ་གསོ་སྦྱོང་བྱས་ཏེ་ལོ༥ཡི་ནང་མི༧༥༠ལ་གསོ་སྦྱོང་བྱ་དགོས། གསོ་སྦྱོང་བརྒྱུད་དེ་ཞིང་སྡེའི་དམངས་ཁྲོད་རིག་རྩལ་ཚོགས་པའི་ཚོགས་མིས་ཞིང་སྡེའི་རིག་གནས་དར་རྒྱས་གཏོང་བ་དང་། ཞིང་སྡེའི་གར་སྟེགསའཛུགས་སྐྲུན་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་སུ་གཙོ་ཤུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་སྡེའི་དཔལ་ཡོན་བདེ་བླག་ངང་ཡར་རྒྱས་གོང་འཕེལ་འགྲོ་བར་སྔར་ལས་སྤུས་ལེགས་པའི་ཞབས་ཞུ་སྒྲུབ་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号