ǣ

འཇོན་མིའི་བྱ་བ།

འཇོན་མིའི་བྱ་བ།

མདུན་ཤོག > འཇོན་མིའི་བྱ་བ། > འཇོན་མིའི་བྱ་བ།

ཀན་ལྷོ་ཁུལ་སྨན་བཅོས་འཕྲོད་བསྟེན་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞིདཔར་འགྲེམ་སྐོར་གྱི་བརྡ་ཐོ།

རྫོང་དང་གྲོང་ཁྱེར་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་སོ་སོ་ལ།

   སྨན་པའི་ཀུན་སྤྱོད་བླ་ན་མཐོ་ཞིང་ལས་གཉེར་ནུས་རྩལ་བྱང་ཆུབ་པ། སྤྱོད་སྟངས་ཏན་ཏིག་ཡིན་པའི་འཕྲོད་བསྟེན་འཇོན་མིའི་རུ་ཁག་ཞིག་མྱུར་མོར་འཛུགས་པ་དང་།སྔར་ལས་ལྷག་པར་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་པ་དང་ཆུ་ཚད་མཐོར་འདེགས་དང་། ནན་ཏན་གྱིས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་ནད་བརྟག་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་སོགས་སྡེ་ཁག་བདུན་གྱིཀན་སུའུ་ཡི་བོད་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར(ཀན་སུའུ་རྩ་འཛུགས་པུའུ་ཡི[༢༠༡༥]བརྡ་ཡིག་ཨང༡༠༨)དགོངས་དོན་ལྟར། རང་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཁྱད་དུ་ཇུས་གཞི་འདི་བཟོས་བ་ཡིན།

   གཅིག སློབ་སྟོན་བསམ་བློ།

   ཏིང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེ

ན་ཁྲིད་སྟོན་བྱས་ནས། ཚན་རིག་གི་འཕེལ་རྒྱས་ལྟ་བ་དངའཇོན་མི་འཕེལ་རྒྱས་སྒྲིག་སྲོལ་ན

ང་རྐྱེན་བཅོས་བསྒྱུར་སྐོར་གྱི་བསམ་འཆརགྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ནས། འཇོན་མི་ལ་བརྟེན་ནས་འཕྲོད་བསྟེན་ཇེ་བཟང་དུ་གཏོང་བའི་འཐབ་ཇུས་ལག་བསྟར་རྒྱུན་འཁྱོངས་བྱས་ནས། རྐང་འཛིན་དང་དངོས་སྤྱོད། སྣེ་ཁྲིད་ཀྱི་སྨན་བཅོས་འཇོན་མིའི་སྐས་རིམ་རུ་ཁག་འཛུགས་པ་བཅས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ནང་འདྲེན་དང་གསོ་སྐྱོང་། སྐུལ་ལྕག བེད་སྤྱོད་གལ་གནད་དུ་བཟུང་ནས། ལས་གཉེར་བྱང་ཚད་མཐོར་འདེགས་རྨང་གཞི་བྱས་ནས། འཇོན་མིའི་གྲུབ་ཚུལ་སྙོམ་སྒྲིག་གཙོ་བོར་བཟུང་ནས། གཅིག་གྱུར་འཆར་འགོད་གཙོ་གནད་དང་། ནང་རྐྱེན་འཛུགས་སྐྲུན། གཞི་རིམ་ཤུགས་སྣོན། རྩེ་གྲས་བཟོ་སྐྲུན་གྱི་བསམ་བློ་ལྟར། རིགས་སོ་སོའི་འཕྲོད་བསྟེན་འཇོན་མིའི་དཔུང་ཁག་མཐུན་སྦྱོར་འཕེལ་རྒྱས་ལ་ནུས་ལྡན་གྱིས་གཅིག་གྱུར་འཆར་འགོད་བྱས་ནས། རྒྱུན་མི་ཆད་པར་སྨན་བཅོས་འཕྲོད་བསྟེན་མི་སྣ་སྤྱིའི་བྱང་ཚད་དང་ཞབས་ཞུའི་ནུས་པ་མཐོར་འདེགས་བྱས་ནས། སྔར་ལས་བཟང་བར་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་འགན་ལེན་བྱེད་དགོས།

   གཉིས། གཞི་རྩའི་རྩ་དོན།

   གཅིག་ནི་འཇོན་མི་དམིགས་བཀར་དང་བཀོལ་སྤྱོད་ནི་གཞི་རྩ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

ཉར་ཚད་ལ་གསོན་ཤུགས་རྒྱས་པ་དང་སྤྱི་འབོར་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོར་འདེགས་གཏོང་བའི་བསམ་བློ་ལྟར། འཕྲོད་བསྟེན་འཇོན་མིའི་བྱ་བའི་ནང་རྐྱེན་འཛུགས་སྐྲུན་འཐུས་ཚང་བཏང་ནས། འཇོན་མི་བྱ་བའི་སྲིད་ཇུས་ལེགས་པོ་བཀོལ་སྤྱོད་བྱས་ནས། ལས་སྒྲུབ་ལས་གཏོད་ཀྱི་ཁོར་བཟང་བོ་བསྐྲུན་དགོས།

   གཉིས་ནི་སྲིད་གཞུང་གི་གཙོ་ཁྲིད་དང་དངོས་ཕན་གཙིགས་འཛིན་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

རིམ་པ་སོ་སོའི་སྲིད་གཞུང་གི་གཙོ་ཁྲིད་འགན་འཁྲི་འདོན་སྤེལ་བྱས་ནས། འཕྲོད་བསྟེན་འཇོན་མིའི་བྱ་བའི་གཅིག་གྱུར་མཐུན་སྦྱོར་དང་འཆར་འགོད་ཁྲིད་སྟོན་ཤུགས་ཆེར་བཏང་ནས། ནོར་སྲིད་མ་འཇོག་དོན་འཁྱོལ་བྱས་ནས། འཕྲོད་བསྟེན་འཇོན་མིའི་བྱ་བའི་ནང་རྐྱེན་འཐུས་ཚང་གྲུབ་དགོས།

   གསུམ་ནི་སྤྱི་འབོར་འཕར་སྣོན་དང་གྲུབ་ཚུལ་སྙོམ་སྒྲིག་གི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་དངོས་ལྟར། རིམ་གྱིས་འཕྲོད་བསྟེན་མི་སྣའི་དཔུང་ཁག་གི་སྤྱི་འབོར་འཕར་སྣོན་བྱས་ཤིང་། རྒྱུན་མི་ཆད་པར་མི་སྣའི་གྲུབ་ཚུལ་ལེགས་བསྒྱུར་བྱས་ནས། ལུགས་མཐུན་གྱིས་ས་ཁོངས་ཀྱི་ཁྱབ་ཚུལ་བཀོད་སྒྲིག་ལེགས་པོ་བྱེད་དགོས།

   བཞི་ནི་སྤྱི་ཡོངས་སྐུལ་འདེད་དང་བྱང་ཚད་མཐོར་འདེགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག གྲོང་ཁྱེར་དང་ཞིང་སྡེ། སྨན་བཅོས་དང་སྔོན་འགོག

ནུབ་ལུགས་གསོ་རིག་དང་ཀྲུང་བོད་གསོ་རིག་ཁྱོན་ཡོངས་ནས་སྐུལ་སྤེལ་བྱས་ནས། ཕྱོགས་ཡོངས་ནས་ནད་ཐོག་སྨན་བཅོས་དང་ནད་གཞི་ཚོད་འཛི་ན། མ་བུ་བདེ་སྲུང་། ཀྲུང་བོད་གསོ་སྨན། ཕྱོགས་བསྡུས་ལྟ་སྐུལ། འཕྲོད་བསྟེན་དོ་དམ་སོགས་རིགས་སོ་སོའི་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

   ལྔ་ནི་ཡུལ་བབ་དང་བསྟུན་པ་དང་ཕན་འབྲས་དམིགས་བཀར་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

རྫོང་གྲོང་ཁྱེར་དང་ལས་ཁུངས་ཀྱི་དོན་དངོས་གཞིར་བཟུང་ནས། སྔོན་སྒྲུབ་ཚོད་ལྟ་དང་། ཉམས་མྱོང་ཕྱོགས་བསྡོམས། དུས་ཐོག་ཏུ་ཁྱབ་བརྡལ་བཏང་སྟེ འཕྲོད་བསྟེན་འཇོན་མིའི་བྱ་བའི་སྤྱི་ཚོགས་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་མ་བྱ་དགོས།

   གསུམ། དམིགས་འབེན་གཙོ་བོ།

   (གཅིག)འཇོན་མིའི་སྤྱི་འབོར་ཕན་ལྡན་གྱིས་རྒྱ་ཆེར་གཏོང་དགོས།

ལོ་རེ་རེར་ནད་ཐོག་སྨན་བཅོས་དང་ནད་གཡོག་ཆེད་ལས་ཀྱི་དངོས་གཞི་དང་ཆེད་སྦྱོང་སློབ་མ་༡༠༠༠ཡན་ནང་འགུགས་བྱས་ནས། ༢༠༡༨ལོའི་ལོ་མཇུག་ལ་ཐོན་དུས། ཁུལ་ཡོངས་ཀྱི་འཕྲོད་བསྟེན་མི་སྣའི་སྤྱི་འབོར་མི༤༥༠༠ལ་བསླེབ་དགོས་ལ། འཕྲོད་བསྟེན་ཆེད་ལས་ཀྱི་ལག་རྩལ་བ་མི༤༠༠༠ལ་བསླེབ་དགོས་པ་དང་། ལས་གཉེར(ལས་རོགས)སྨན་པ་བཀའ་བཅུ་བའི་སྤྱི་གྲངས་མི༢༡༠༠ལ་བསླེབ་པ་དགོས། ཐོབ་འགོད་ནད་གཡོག་གི་སྤྱི་འབོར་མི༡༣༠༠ལ་བསླེབ་པ་དང་། མི་སྟོང་རེར་འཕྲོད་བསྟེན་མི་སྣ༦.༡༦ཡོད་པ་དང་།མི་སྟོང་རེར་ལས་གཉེར(ལས་རོགས)སྨན་པ་བཀའ་བཅུ་བ༢.༨༧ལ། མི་སྟོང་རེར་ཐོབ་འགོད་ནད་གཡོག་མི༡.༧༨བཅས་ཡོད་ཐུབ་པ་བྱེད་དགོས།

   (གཉིས)འཇོན་མིའི་གྲུབ་ཚུལ་རིམ་བཞིན་ལེགས་བསྒྱུར་བྱ་དགོས། ༢༠༡༨ལོའི་ལོ་མཇུག་ཏུ་ཐོན་དུས། ཁུལ་རིམ་པའི་སྨན་ཁང་གི་རིག་གཞུང་ཚན་ཁག་རེ་ལ་མཐོ་རིམ་གཞོན་པའི་ལས་གནས་ཐོབ་ཐང་ཡོད་པ་ཆེད་མཁས་པ༡གི་ཡན་དང་འབྲིང་རིམ་ལས་གནས་ཐོབ་ཐང་ཅན་གྱི་རྐང་འཛིན་༢ཀྱི་ཡན་ཡོད་ལ་རྫོང་རིམ་པའི་སྨན་ཁང་གི་རིག་གཞུང་ཚན་ཁག་རེ་ལ་འབྲིང་རིམ་ལས་གནས་ཐོབ་ཐང་གི་རྐང་འཛིན༡དང་དམའ་རིམ་ལས་གནས་ཐོབ་ཐང་གི་སྨན་པ་བཀའ་བཅུ་བ༢ཡན་ཡོད་ལ།ཞང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལས་ཁུངས་རེ་ལ་ནད་རིགས་ཀུན་བརྟག་གི་སྨན་པ་བཀའ་བཅུ་བ་གཅིག་ཡོད་དགོས་ལ། སྲིད་འཛིན་སྡེ་བ་རེ་ལ་ལས་གཉེར་ཐོབ་ཐང་ཡོད་པའི་ཞང་སྡེའི་སྨན་པ་གཅིག་ཡོད་དགོས།

   (གསུམ)ཞབས་ཞུའི་ནུས་པ་མངོན་གསལ་གྱིས་མཐོར་འདེགས་འབྱུང་དགོས།

ཁུལ་རིམ་པའི་སྨན་ཁང་གི་ནད་ཐོག་བསླབ་ཚན་༣ནས༥བར་ཞིང་ཆེན་རིམ་པའི་ཆུ་ཚད་ལ་བསླེབ་དགོས་ཤིང་། སྤྱིར་བཏང་གི་རིམ་པ་གསུམ་པའི་ག་རིམ་སྨན་ཁང་གི་ཚད་གཞི་ལ་ཕལ་ཆེར་མཐུན་པ་བྱེད་དགོས། རྫོང་རིམ་པའི་སྨན་ཁང་རེ་ལ་ཁྱད་ཆོས་ཅན་གྱི་རིག་གཞུང་ཚན་ཁག༢ནས༣ཡོད་དགོས་ལ། རྒྱུན་མཐོང་ནད་རིགས་དང་རྟག་འབྱུང་ནད་རིགས་ནད་བརྟག་སྨན་བཅོས་ཀྱི་ནུས་པ་ལྡན་དགོས། ཞང་གྲོང་འཕྲོད་བསྟེན་ཁང་གིས་ཕྱོགས་ཡོངས་ནས་སྤྱིར་བཏང་གི་སྨན་བཅོས་དང་སྤྱི་བའི་འཕྲོད་བསྟེན་གྱི་འགན་འཁྲི་དང་དུ་ལེན་ཐུབ་དགོས།

   (བཞི)གཞི་རྩའི་སྟེང་འཇོན་མིའི་ནང་རྐྱེན་འཛུགས་ཐུབ་དགོས།

༢༠༡༨ལོའི་ལོ་མཇུག་ཏུ་ཐོན་དུས། མཁོ་བ་ཆེ་བའི་སྨན་བཅོས་འཇོན་མི་ནང་འགུག་གི་ལྗང་མདོག་ལམ་བུ་དང་རྐང་འཛིན་འཇོན་མི་གསོ་སྐྱོང་སྒྲིག་སྲོལ་དང་ནང་ཁུལ་གྱི་བརྩོན་སྐུལ་བགོ་བཤའི་ནང་རྐྱེན་རགས་ཙམ་བཙུགས་ནས། ཁུལ་དང་རྫོང་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་ཆེད་ལས་རིག་ཚན་བཀོད་སྒྲིག་ཆ་ཚང་ཞིང་འཇོན་མིའི་དཔུང་ཁག་གི་རིམ་པ་ལུགས་མཐུན། དོ་དམ་ལམ་ལུགས་འཐུས་ཚང་། འཁོར་རྒྱུག་འཕེལ་རྒྱས་ལེགས་པོ་འབྱུང་ཐུབ་པ་བྱེད་དགོས།

   ༢༠༡༨ལོའི་ལོ་མཇུག་ཏུ་ཐོན་དུས། ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྤྱི་འབོར་གཞི་རྩའི་སྟེང་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོར་འཚམ་པ་དང་། འཕྲོད་བསྟེན་འཇོན་མིའི་བྱང་ཚད་མངོན་གསལ་གྱི་མཐོར་འདེགས། འཕྲོད་བསྟེན་འཇོན་མིའི་གྲུབ་ཚུལ་མངོན་གསལ་གྱི་ལེགས་བསྒྱུར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ཁྱབ་ཚུལ་སྔར་ལས་ལུགས་མཐུན་ཡིན་པ། ཁུལ་རྫོང་རིམ་པ་གཉིས་ལ་སྣེ་ཁྲིད་དང་རྐང་འཛིན་འཇོན་མི་སྐོར་ཅིག་གྲུབ་པ། ཞིང་སྡེའི་འཕྲོད་བསྟེན་རྐང་འཛིན་མི་སྣ་མི་འདང་བའི་རྣམ་པ་མངོན་གསལ་གྱིས་ལེགས་བསྒྱུར་བྱུང་ནས། རིམ་གྱིས་འཕྲོད་བསྟེན་འཇོན་མི་འཕེལ་རྒྱས་ཆོས་ཉིད་དང་མཐུན་ལ། སྐྱེ་སྟོབས་འབར་བའི་འཇོན་མིའི་བྱ་བྱེད་ནང་རྐྱེན་བཙུགས་ནས། སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་འཕེལ་རྒྱས་ལ་འཚམ་པའི་ཆེད་ལས་ལག་རྩལ་དང་དོ་དམ་འཇོན་མིའི་དཔུང་ཁག་ཅིག་གསོ་སྐྱོང་དང་སྐྱེད་སྲིང་བྱ་དགོས། ཕྱོགས་ཡོངས་ནས་ནད་ཡང་མོ་སྡེ་བ་ནས་བརྟག་ཐུབ་པ་དང་རྒྱུན་མཐོང་ནད་རིགས་ཞང་ནས་བརྟག་ཐུབ་པ། ནད་ལྕི་མོ་རྫོང་ནས་བརྟག་ཐུབ་པ། ནད་ཚབས་ཆེན་ཡིན་ཚེ་ད་གཟོད་སྨན་ཁང་གཞན་ལ་བརྗེ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས།

   བཞི། ལས་འགན་གཙོ་བོ།

   (གཅིག)སྨན་བཅོས་འཇོན་མི་ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྦྱོང་གསོ་སྐྱོང་གི་འཆར་ག

ཞི་ལག་བསྟར་བྱེད་དགོས། ཐེན་ཅིན་གྱི་ཁ་གཏད་རོགས་སྐྱོར་ཐབས་ལམ་བེད་སྤྱད་ནས། ཐེན་ཅིན་གསོ་རིག་སློབ་ཆེན་དང་ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཁ་ཕྱོགས་གཏན་འཁེལ་གྱི་གསོ་རིག་དངོས་གཞིའི་སློབ་མ༥༠༠བསྡུ་ལེན་གསོ་སྐྱོང་དང་རྗེས་མཐུད་མཐུན་སྦྱོར་ཞབས་ཞུ་བྱ་བ་ལེགས་པོ་བསྒྲུབས་ནས། མཐར་ཕྱིན་སློབ་མ་ཕྱིར་རང་ཡུལ་ལ་ལོག་ནས་བྱ་བ་བཀོད་སྒྲིག་གི་བྱ་བ་མཐུན་སྦྱོར་ལེགས་པོ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཁ་ཕྱོགས་གཏན་འཁེལ་གྱི་གསོ་རིག་སློབ་མ་གསོ་སྐྱོང་རྣམ་གྲངས་ཁྲོད་ཀྱི་ཀན་ལྷོར་བཀོད་སྒྲིག་བྱས་པའི་མིགྲངས༣༠མཐུན་སྦྱོར་དོན་འཁྱོལ་ཡོང་བ་བྱ་དགོས་པ་དང་ལོ་རེར་ལན་ཀྲོའུ་སློབ་ཆེན་སོགས་ཞིང་ཆེན་ནང་གི་གསོ་རིག་སློབ་ཆེན་ནས་ཁ་ཕྱོགས་གཏན་འཁེལ་གྱི་གསོ་རིག་ཆེད་ལས་ཀྱི་ཆེད་སྦྱོང་སློབ་མ༡༢༠བསྡུ་ལེན་གསོ་སྐྱོང་བྱས་ནས། ཆེད་སྦྱོང་སློབ་མ་དངོས་གཞི་ལ་འཕར་བ་དང་འབྲིང་རིམ་ཆེད་སྦྱོང་སློབ་མ་ཆེད་སྦྱོང་སློབ་མར་འཕར་བའི༣+༢སློབ་ཐོབ་སློབ་གསོའི་བྱ་བ་ལག་བསྟར་བཟང་བོ་བྱས་ནས། ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་ཀན་སུའུ་འཕྲོད་བསྟེན་ཆེད་གཉེར་སློབ་གྲྭ་ལ་བརྟེན་ནས་ལོ་རེར་ཁ་ཕྱོགས་གཏན་འཁེལ་གྱིས་ཆེད་ལས་སྨན་པ་བཀའ་བཅུ་བའམ་ལག་རྩལ་བ་འཇོན་མི་༡༠༠གསོ་སྦྱོང་བྱ་དགོས། ལོ་རེར་མི་གྲངས༣༠༠ཡན་གྱི་ཆེད་ལས་ལག་རྩལ་བ་རྩ་འཛུགས་བྱས་ནས་ཞིང་ཆེན་ཕྱི་ནང་གི་སྨན་བཅོས་ལས་ཁུངས་ལ་ཟབ་སྦྱོང་བྱེད་པར་རྩ་འཛུགས་བྱས་ནས། བྱིས་བཙའ་དང་བྱིས་ནད། སྨན་པའི་ལག་རྩལ་སོགས་ཆེད་ལས་གཙོ་གནད་ཏུ་བཟུང་ནས་གསོ་སྦྱོང་བྱེད་དགོས།

   (གཉིས)གཞི་རིམ་གྱི་འཇོན་མི་གསོ་སྦྱོང་འཆར་གཞི་ལག་བསྟར་བྱ་དགོས།

སྡེ་བའི་འཕྲོད་བསྟེན་ཁང་གི་མི་སྣའི་དགོས་མཁོ་ལྟར། ལོ་རེར་གསོ་རིག་ཆེད་ལས་འབྲིང་རིམ་ཆེད་སྦྱོང་སློབ་མའི་ཁྲོད་སྡེ་བའི་འཕྲོད་བསྟེན་ཁང་གི་བྱ་བ་སྒྲུབ་འདོད་མི༡༠༠བདམས་ནས་ཞིང་ཆེན་ནང་ཁུལ་གྱི་གཞི་རིམ་འཕྲོད་བསྟེན་མི་སྣ་གསོ་སྦྱོང་ལས་ཁུངས་ནས་ལས་གཉེར་གསོ་སྦྱོང་དང་ལེན་བྱེད་དུ་བཅུག་ནས། མཐར་ཕྱིན་རྗེས་སྡེ་བའི་འཕྲོད་བསྟེན་ཁང་ལ་བཀོད་སྒྲིག་བྱས་ནས་ཞིང་སྡེའི་སྨན་པ་བྱེད་དུ་འཇུག་དགོས། ཞིང་ཆེན་ཡོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་གཞི་རིམ་ནས་ལས་ཀར་ཞུགས་པ་དང་གསུམ་སྐྱོར་གཅིག་རོགས་བརྩོན་ལེན་བྱེད་པའི་རྣམ་གྲངས་ཁྲོད། ལོ་རེར་རང་ཁུལ་ལ་བསྡུ་ལེན་མི་གྲངས་ངེས་ཅན་ཞིག་བཀོད་སྒྲིག་བྱེད་པ་མཐུན་སྦྱོར་བྱེད་དགོས། གལ་ཏེ་ཀན་ལྷོའི་ཐེབ་ཐོར་གཏོགས་པའི་མིང་འགོད་མཁན་གྱིས་མི་འདང་ན། རང་འཐད་འཚོལ་བསྡུའི་བྱེད་ཐབས་ཀྱིས་ཁུལ་དང་གྲོང་ཁྱེར་གཞན་པ་ནས་སྙོམ་སྒྲིག་བསྡུ་སྤྱོད་བྱས་ནས་ཞང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལས་ཁུངས་ལ་ཁ་གསབ་བྱ་དགོས། རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་མི་སྣས་རང་འགུལ་གྱིས་རྒྱ་བོད་ཡིག་རིགས་གཉིས་སློབ་པར་རྒྱབ་སྐྱོར་བྱེད་དགོས་ལ། ཞིང་སྡེའི་སྨན་པ་གཟའ་འཁོར་རེར་ཞང་གྲོང་འཕྲོད་བསྟེན་ཁང་ལ་སོང་ནས་ཉིན་གཅིག་བྱ་བ་བྱེད་པ་དང་ཞང་གྲོང་འཕྲོད་བསྟེན་ཁང་གི་མི་སྣ་ཟླ་རེར་རྫོང་སྨན་ཁང་ལ་སོང་ནས་གཟའ་འཁོར་གཅིག་ལ་བྱ་བ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་དགོས།

   (གསུམ)ནད་གཡོག་འཇོན་མི་གསོ་སྦྱོང་འཆར་གཞི་ལག་བསྟརབྱ་དགོས།

ལོ་རེར་ནད་གཡོག་མི་སྣའི་ལས་གཉེར་ནུས་པ་ཤུགས་ཆེར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཐེངས་གཅིག་བསྒྲུབས་ནས། ཐེངས་རེའི་གསོ་སྦྱོང་མི་གྲངས༡༠༠ལས་མི་ཉུང་བ་དང་། གསོ་སྦྱོང་དུས་ཡུན་ཉིན༥ལས་མི་ཉུང་བ་བྱ་དགོས། ལོ་རེར་རྐང་འཛིན་ནད་གཡོག༥༠འདེམས་གཏོང་བྱས་ནས། ཞིང་ཆེན་རིམ་པའི་སྨན་ཁང་ནས་ཟླ༣ཡན་ལ་ཟབ་སྦྱོང་བྱེད་དགོས། ནད་གཡོག་ལས་གནས་ཀྱི་དམག་སྦྱོང་བྱེད་སྒོ་སྤེལ་བར་སྐུལ་ལྕག་བཏང་ནས། ལོ་རེར་ཁུལ་ཡོངས་ཀྱི་ནད་གཡོག་རྩལ་ནུས་འགྲན་སྡུར་ཐེངས་གཅིག་སྤེལ་དགོས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་ལས་ཁུངས་ཀྱིས་ལོ་རེར་སྒྲིག་གཞི་སྟོང་བ་ངེས་ཅན་བཀོད་སྒྲིག་བྱས་ནས། མཁོ་བ་ཆེ་བའི་འཇོན་མིའི་སྲིད་ཇུས་ལྟར། ཞིང་ཆེན་ཡོངས་ལ་ཁ་གཏད་ནས་སྤྱི་གསལ་གྱིས་ཆེད་སྦྱོང་སློབ་ཆེན་ཡན་གྱི་སློབ་ཐོབ་ཀྱི་ནད་གཡོག་ཆེད་ལས་ཀྱི་ལོ་དེའི་མཐར་ཕྱིན་སློབ་མ་ནང་འགུག་བྱེད་དགོས། སྨན་བཅོས་ལས་ཁུངས་ཀྱིས་སྒྲིག་གཞིའི་ཕྱི་ནས་གདན་ཞུ་བྱས་པའི་ནད་གཡོག་མི་སྣའི་ཁྲོད། ཕྱོགས་ཡོངས་ནས་མི་དོན་ལས་ཚབ་བམ་ལམ་ངལ་ལས་མངགས་གཏོང་ལམ་ལུགས་ཁྱབ་སྤེལ་དང་། གན་རྒྱའི་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱས་ནས། རིམ་བཞིན་ལས་ཀ་གཅིག་ལ་གླ་ཐོབ་གཅིག་མངོན་འགྱུར་འབྱུང་དགོས། ༢༠༡༨ལོའི་ལོ་མཇུག་ཏུ་སླེབས་དུས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་ལས་ཁུངས་ཀྱི་སྨན་པ་དང་ནད་གཡོག་གི་བསྡུར་ཚད༡:༠.༧ལ་སླེབས་པར་འབད་པ་བྱེད་དགོས།

   (བཞི)སྤྱི་བའི་འཕྲོད་བསྟེན་མི་སྣའི་ལས་གཉེར་འཆར་གཞི་ལག་བསྟར་བྱ་དགོས།

ཞིང་ཆེན་རིམ་པའི་སྤྱི་བའི་འཕྲོད་བསྟེན་ལས་ཁུངས་དང་ཁ་གཏད་རོགས་སྐྱོར་སྟེགས་བུ་ལ་བརྟེན་ནས། ལོ་རེར་སོ་སོར་ནད་རིགས་སྔོན་འགོག་ཚོད་འཛིན་དང་འཕྲོད་བསྟེན་ཕྱོགས་བསྡུས་ལྟ་སྐུལ་མ་བུ་བདེ་སྲུང་ལས་གཉེར་ལག་རྩལ་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་བཅས་ཐེངས་རེ་སྒྲུབ་དགོས་ལ། ཐེངས་རེར་མི༡༠༠ལས་མི་ཉུང་ལ་དུས་ཡུན་ཉིན༣ལས་ཐུང་མི་ཆོག ལོ་རེར་སོ་སོ་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་འཕྲོད་བསྟེན་ཁྲིམས་འཛིན་ལྟ་སྐུལ། མ་བུ་བདེ་སྲུང་ལག་རྩལ་ལས་གནས་རྩལ་ནུས་འགྲན་སྡུར་རམ་བྲེལ་བསྟུན་སྦྱོང་བརྡར་ཐེངས་གཅིག་བྱེད་དགོས། ལོ་རེར་རྫོང་སོ་སོས་རྫོང་རིམ་པའི་ནད་རིགས་ཚོད་འཛིན་དང་། འཕྲོད་བསྟེན་ལྟ་སྐུལ། མ་བུ་བདེ་སྲུང་ལས་གཉེར་རྐང་འཛིན༨འདེམས་གཏོང་བྱས་ནས། ཞིང་ཆེན་དང་ཁུལ་ལ་དུས་ཡུན་ཟླ༣ལས་མི་ཉུང་བའི་ཟབ་སྦྱོང་བྱ་དགོས།

   (ལྔ)ཀྲུང་བོད་གསོ་རིག་ཞབས་ཞུ་ནུས་པ་མཐོར་འདེགས་འཆར་གཞི་ལག་བསྟར་བྱ་དགོས།

ཀྲུང་བོད་གསོ་རིག་མི་གསུམ་བཟོ་སྐྲུན་ལག་བསྟར་བྱས་ནས། མིང་གྲགས་ཅན་གྱི་ཀྲུང་བོད་སྨན་ཁང་༣དང་མིང་གྲགས་ཅན་གྱིཚན་ཁག༥མིང་གྲགས་ཅན་གྱི་ཆེད་མཁས༡༠དཔྱད་འདེམས་བྱེད་དགོས། ཀན་སུའུ་ཞིང་ཆེན་ཀྲུང་ལུགས་སྨན་པ་གྲགས་ཅན་དང་ཀན་སུའུ་ཞིང་ཆེན་གཞི་རིམ་ཀྲུང་ལུགས་སྨན་པ་གྲགས་ཅན་གྱི་མི་སྣ་འོས་སྦྱོར་བྱས་པ་སོ་སོ༣དང་༦ལས་མི་ཉུང་བ་དང་། ཀྲུང་བོད་སྨན་པས་སློབ་ཕྲུག་ཁྲིད་ནས་རྒྱུད་འཛིན་བྱ་བ་སྤེལ་བ་དང་། ཀྲུང་བོད་གསོ་རིག་ཆེད་མཁས༣༠དང་སློབ་མ༩༠གདམ་གསེས་བྱས་ནས་དགེ་སློབ་འབྲེལ་བ་བཙུགས་ནས། ལོ༣གྱི་ཀྲུང་བོད་སྨན་པ་བཀའ་བཅུ་བའི་རྒྱུད་འཛིན་སློབ་གསོ་སྤེལ་དགོས། ཁུལ་དང་རྫོང་རིམ་པའི་བོད་སྨན་ཁང་དང་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་ལས་ཁུངས་གཞན་པ་དང་ཟུང་འབྲེལ་གྱིས་བོད་སྨན་ཚན་ཁག་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། ཟབ་སྦྱོང་དང་ལེན་བྱས་ནས། བོད་སྨན་གྱི་སྡེབ་སྦྱོར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་ཀྱི་སྙོམ་སྒྲིག་བེད་སྤྱོད་ཀྱི་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས། ཀྲུང་བོད་གསོ་རིག་ཁྱད་ཆོས་ལྡན་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གསར་འཛུགས་ལ་སྐུལ་མ་བཏང་ནས། ཞང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས༢༠གསར་དུ་འདོན་དགོས་ཤིང་། ༢༠༡༨ལོའི་ལོ་མཇུག་ཏུ་ཞང་གྲོང་འཕྲོད་བསྟེན་ཁང་ཚང་མ་དང༨༠%ཡན་གྱི་སྡེ་བའི་འཕྲོད་བསྟེན་ཁང་གིས་ཀྲུང་བོད་གསོ་རིག་གི་ཞབས་ཞུ་འདོན་སྤེལ་ཐུབ་པར་འབད་པ་བྱེད་དགོས།

   (དྲུག)འཕྲོད་བསྟེན་དོ་དམ་མི་སྣ་གསོ་སྦྱོང་གི་འཆར་གཞི་ལག་བསྟར་བྱ་དགོས།

འཕྲོད་བསྟེན་སྲིད་འཛིན་དོ་དམ་དང་སྨན་བཅོས་ལས་ཁུངས་ཀྱི་ལས་གཉེར་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་ལྟར། རིམ་པ་མི་འདྲ་ལ་རིགས་མི་འདྲ་བའི་འཕྲོད་བསྟེན་དོ་དམ་ལས་བྱེད་གསོ་སྦྱོང་འཆར་གཞི་བཟོས་ནས། ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་དེང་རབས་དོ་དམ་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་བྱེད་དགོས། ཐེན་ཅིན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་དང་ངེད་ཞིང་ཆེན་གྱི་བོད་ཁུལ་འཕྲོད་བསྟེན་རོགས་སྐྱོར་ཐབས་ལམ་བཀོལ་སྤྱོད་བྱས་ནས། ལོ་རེར་འཕྲོད་བསྟེན་ལས་བྱེད་གསོ་སྦྱོང་འཛིན་གྲྭ་ཐེངས་གཅིག་སྤེལ་དགོས་ལ། གསོ་སྦྱོང་མི་གྲངས༥༠ལས་མི་ཉུང་བ་དང་། གསོ་སྦྱོང་དུས་ཡུན་ཉིན༥ལས་མི་ཉུང་བ་ཡིན་དགོས། ལོ་རེར་ཕུལ་བྱུང་ཁྲུའུ་དང་ཁའོ་རིམ་པའི་དོ་དམ་ལས་བྱེད༡༠འདེམས་གཏོང་བྱས་བ་ཐེན་ཅིན་གྲོང་ཁྱེར་དང་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ནས་འགན་བཏགས་ཟླ༣ལ་བྱ་དགོས། སྤྱི་བའི་དོ་དམ་དང་ཆ་འཕྲིན་ལག་རྩལ། ནོར་དོན་སོགས་དོ་དམ་ཆེད་ལས་རམ་འདེགས་འཇོན་མིའི་ནང་འགུག་དང་གསོ་སྦྱོང་ལ་ཤུགས་སྣོན་དགོས།

   ལྔ།བྱ་ཐབས་གཙོ་བོ།

   (གཅིག)འཕྲོད་བསྟེན་འཇོན་མིའི་གསོ་སྐྱོང་གསར་སྤེལ་ཤུགས་ཚད་ཇེ་ཆེར་གཏོང་། ཐེན་ཅིན་གྲོང་ཁྱེར་གྱི་གསོ་རིག་མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་ནང་གི་གསོ་རིག་སློབ་གྲྭ ཁུལ་འཕྲོད་བསྟེན་སློབ་གྲྭ་སོགས་གསོ་རིག་སློབ་གསོའི་གསོ་སྦྱོང་ཐོན་ཁུངས་བེད་སྤྱད་ནས། རིགས་སོ་སོའི་

སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་ཆེད་ལས་གསོ་སྦྱོང་ལས་ཁུངས་ལ་བརྟེན་ནས། གོ་རིམ་གསལ་ལ་ཁ་གཏད་གཅིག་གྱུར་ཡིན་པའི་འཕྲོད་བསྟེན་འཇོན་མིའི་གསོ་སྦྱོང་སློབ་གསོའི་མ་ལག་འཛུགས་སྐྱོང་བྱས་ནས། སྨན་བཅོས་འཕྲོད་བསྟེན་འཇོན་མི་གསོ་སྦྱོང་རྒྱུན་མཐུད་མཁོ་སྤྲོད་ཀྱི་ཐབས་ལམ་གཙོ་བོ་གྲུབ་པ་བྱེད་དགོས། དོན་དངོས་ཀྱི་དགོས་མཁོ་ཁྲིད་སྟོན་བྱས་ནས། ཞང་གྲོང་དངོས་སྤྱོད་འཇོན་མི་དང་ཁུལ་རྫོང་རྐང་འཛིན། སྣེ་ཁྲིད་འཇོན་མི་གསོ་སྦྱོང་བཅས་དམིགས་འབེན་བྱེད་པ་དང་། ནུབ་ལུགས་གསོ་རིག་སྨན་བཅོས་དང་སྨན་པའི་ལག་རྩལ། ནད་གཡོག་ཆེད་ལས་འཇོན་མི་གཙོ་གནད་དུ་བཟུང་ནས། ཟབ་སྦྱོང་སློབ་སྦྱོང་རྩ་འཛུགས་དང་ཆེད་དོན་གསོ་སྦྱོང་སོགས་ཐབས་ལམ་བརྒྱུད་ནས། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣའི་ལས་གཉེར་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་ལྕག་རྒྱབ་སྐྱོར་བྱེད་དགོས།

   (གཉིས)འཇོན་མི་འགྲན་རྩོད་འདེམས་སྒྲུག་ནང་རྐྱེན་འཐུས་ཚང་གཏོང་དགོས།

དོན་ལས་ལས་ཁུང

ས་དོ་དམ་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་ལྟར། འཕྲོད་བསྟེན་དོན་ལས་ལས་ཁུངས་ཀྱི་མི་ཡོངས་གདན་ཞུ་ལམ་ལུགས་དང་ལས་གནས་དོ་དམ་ལམ་ལུགས་འཚོལ་ཞིབ་འཛུགས་སྐྲུན་བྱས་ནས། ཁྲིམས་མིས་བཅོས་སྐྱོང་བཅོས་བསྒྱུར་ཚོད་ལྟ་སྤེལ་ནས། སྨན་བཅོས་དོན་ལས་ལས་ཁུངས་ལ་རང་ཚུགས་དོ་དམ་དབང་ཆ་གནང་ནས། འཇོན་མིའི་འདྲ་མཉམ་འགན་རྩོད་དང་གྲུབ་འབྲས་གདེང་འཇོག་ནང་རྐྱེན་བཙུགས་ནས། དགོས་མཁོ་ལྟར་ལས་གནས་འཛུགས་པ་དང་སྤྱི་གསལ་བསྡུ་སྤྱོད། འགྲན་རྩོད་སྒོས་ལས་གནས་ལ་ཞུགས་པ། ཚན་རིག་ལས་དཔྱད། གན་རྒྱའི་དོ་དམ་ལག་བསྟར་བྱས་ནས། འཕྲོད་བསྟེན་ལག་རྩལ་མི་སྣ་མིན་པ་འཕྲོད་བསྟེན་ལག་རྩལ་ལས་གནས་ལ་ཞུགས་པ་ནན་འགོག་བྱེད་དགོས། འཕྲོད་བསྟེན་དོ་དམ་ལས་བྱེད་རེས་མོས་ཀྱིས་བརྗེ་སྤོར་ལམ་ལུགས་དང་། སྨན་ཁང་(ས་ཚིགས)་གི་འགོ་འཛིན་སྤྱི་གསལ་འདེམས་སྒྲུག་དང་འགྲན་རྩོད་ལས་ཞུགས་ལམ་ལུགས་བཙུགས་ནས། ཕུལ་བྱུང་འཇོན་མི་དོ་དམ་ལས་གནས་སྟེང་འདེམས་སྒྲུག་བྱ་དགོས། ཁུལ་དང་རྫོང་།ཞང་བཅས་སྨན་བཅོས་ལས་ཁུངས་ཀྱིས་མཁོ་བ་ཆེ་བའི་འཇོན་མི་ནང་འགུག་ལྗང་མདོག་ལམ་བུ་བཙུགས་ནས། ཆ་རྐྱེན་ལ་མཐུན་པའི་ཕུལ་བྱུང་འཇོན་མི་ལ། ཐོབ་ཐང་དང་སློབ་ཐོབ། ཁྱིམ་ཐོ་སོགས་ཀྱི་ཚད་བཀག་གཏོར་ནས་སྨན་བཅོས་ལས་ཁུངས་ཀྱི་ཆེད་ལས་ལག་རྩལ་ལས་གནས་ལ་ནང་འགུག་བྱ་ཆོག

   (གསུམ)འཕྲོད་བསྟེན་འཇོན་མི་གདེང་འཇོག་མ་ལག་འཐུས་ཚང་གཏོང་དགོས།

མང་ཚོགས་ལ་ཞབས་འདེགས་ཞུ་བའི་དངོས་ཡོད་ནུས་པའི་ཆུ་ཚད་ཁྲིད་སྟོན་བྱས་ནས། ཆེད་ལས་ལག་རྩལ་བྱ་བའི་གྲུབ་འབྲས་སྲོག་རྩ་ཡིན་ལ། ལས་རིགས་ཀུན་སྤྱོད་དང་གཞུང་ལུགས་ཆུ་ཚད། ལས་ལེན་ནུས་པ། ངལ་རྩོལ་ལས་འབོར། ཞབས་ཞུའི་བློ་ཡིད་ཚིམ་ཚད་སོགས་ནང་དོན་གཙོ་བོ་ཡིན་པའི་འཇོན་མིའི་གདེང་འཇོག་དམིགས་ཚད་མ་ལག་འཛུགས་དགོས། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣའི་ལག་ལེན་རྩལ་ནུས་དཔྱད་ཞིབ་ཤུགས་ཆེར་བཏང་ནས། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣའི་མཐོ་རིམ་གོ་གནས་འགན་བཞེས་ཐོབ་ཐང་སྙན་ཞུ་འོས་སྦྱོར་ཁྲོད་དེའི་དངོས་ཡོད་ཞབས་ཞུ་ནུས་པ་དང་སྤུས་ཚད་ཀྱི་དཔྱད་ཞིབ་གདེང་འཇོག་དེ་གཞོགས་གཅིག་གཙོར་འཛིན་བྱས་ནས། འཕྲོད་བསྟེན་འཇོན་མི་གདེང་འཇོག་བྱ་ཐབས་དང་གདེང་འཇོག་ཚད་གཞི་འཚོལ་ཞིབ་ལེགས་བསྒྱུར་བྱས་ནས། དེང་རབས་འཇོན་མི་འཇལ་དཔྱད་བྱེད་ཐབས་བཀོལ་ནས། དངོས་ཡོད་དང་དྲང་གཞག་གིས་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣའི་ཆུ་ཚད་དང་ནུས་པར་གདེང་འཇོག་བྱེད་པ་དང་། གོ་གནས་ཐོབ་ཐང་གོང་འཕར་དང་ལེགས་འདེམས་དང་ཕུལ་བྱུང་འོས་སྦྱོར་གྱི་ཐད་ཀའི་གཞི་འཛིན་ས་བྱེད་དགོས།

   (བཞི)འཇོན་མིའི་སྐུལ་ལྕག་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱ་དགོས།

ལས་དོན་སྡེ་ཚན་གྱི་བྱས་འབྲས་ཟླ་ཕོགས་སྲིད་ཇུས་ཀྱི་བླང་བྱ་ལྟར། ཁུལ་དང་རྫོང་། ཞང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ནང་ཁུལ་གྱི་བྱས་འབྲས་བགོ་བཤའ་ལམ་ལུགས་བཙུགས་ནས། ནོར་སྲིད་རོགས་གསབ་གྲོན་དངུལ་ད་ལྟའི་ཆུ་ཚད་ལས་མི་དམའ་བ་ཁག་ཐེག་བྱེད་པ་དང་དུས་མཉམ་དུ། ཁུལ་དང་རྫོང་། ཞང་རིམ་པ་གསུམ་གྱི་སྤྱི་ཕན་སྐོར་གྱི་འཕྲོད་བསྟེན་ལས་དོན་སྡེ་ཁག་གིས་ལས་གཉེར་ཡོང་འབབ་ཀྱི༡༠-༡༥%ནང་ཁུལ་གྱི་བྱས་འབྲས་བྱ་དགའ་ལ་བཀོལ་ཆོག་པ་བྱ་དགོས། ཕྱོག་བསྡུས་བྱས་འབྲས་དཔྱད་ཞིབ་གཞི་འཛིན་ས་བྱས་ནས། ཞབས་ཞུའི་རྒྱུ་སྤུས་དང་གྲངས་ཀ་འབུར་དུ་ཐོན་པ་བྱས་ནས། ཕུལ་བྱུང་འཇོན་མི་དང་གནད་འགག་ལས་གནས་ལ་གསེག་པ་གཙིགས་སུ་བཟུང་ནས། ལུགས་མཐུན་གྱིས་ཡོང་འབབ་ཧེ་བག་ཇེ་ཆེར་བཏང་དགོས། འབུར་ཐོན་གྱི་བྱས་རྗེས་ཡོད་པའི་མཐོ་རིམ་འཇོན་མི་ལ་དམིགས་བསལ་ཕོགས་སྣོན་ལམ་ལུགས་བཙུགས་ནས། དུས་ཡུན་རིང་བོར་བོད་ལ་རོགས་སྐྱོར་བྱེད་མཁན་གྱི་མི་སྣ་དང་ཧ་ཅང་མཁོ་བ་ཆེ་བའི་ནང་འགུག་མཐོ་རིམ་འཇོན་མི་ལ། ཆོག་མཆན་བཀོད་པ་བརྒྱུད་ལས་གནས་ཕོགས་སྣོན་སོགས་སྟབས་བསྟུན་རྣམ་མང་གི་བགོ་བཤའི་བྱ་ཐབས་ལག་བསྟར་བྱ་ཆོག ཕུལ་བྱུང་འཇོན་མི་གཞི་རིམ་དང་དཀའ་སྡུག་ཆེ་བའི་མཐའ་འཁོབ་ཏུ་སོང་ནས་བྱ་བ་སྒྲུབ་པར་ཟླ་ཕོགས་གསེག་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། དཀའ་སྡུག་ཆེ་བའི་ས་ཁུལ་གྱི་ཕོགས་སྣོན་ཚད་གཞི་སྙོམ་སྒྲིག་མཐོར་འདེགས་ཧུར་ཐག་གིས་བརྩོན་ལེན་བྱས་ནས། སྨན་བཅོས་འཇོན་མིའི་ཕོགས་སྣོན་ལྟ་སྐྱོང་མཐོར་འདེགས་གཏོང་དགོས།

   (ལྔ)འཇོན་མི་རྒྱུན་ལྡན་འཁོར་སྐྱོད་ནང་རྐྱེན་འཛུགས་དགོས།

རྣམ་པ་སྣ་མང་གི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་འཇོན་མི་གཞུང་ཕྱོགས་ལ་མཉམ་འགུལ་དང་འཕྲེད་ཕྱོགས་ལ་འཁོར་སྐྱོད་བྱེད་པར་སྐུལ་ལྕག་གཏོང་དགོས། ཚོགས་སྒྲིག་རོགས་སྐྱོར་དང་འཕྲོད་བསྟེན་ཞིང་སྐྱོར་། གནས་མང་ལས་གཉེར་སོགས་ཐབས་ལམ་ལ་བརྟེན་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་གོང་རིམ་སྨན་ཁང་བར་གྱི་འཇོན་མིའི་ལག་རྩལ་མཉམ་འབྲེལ་བརྗེ་རེས་ནང་རྐྱེན་བཙུགས་ནས། ཧུར་ཐག་གིས་བསླབ་རོགས་ཁྲིད་གསུམ་གྱི་བྱེད་ནུས་འདོན་སྤེལ་བྱེད་དགོས། དངོས་ཡོད་དགོས་མཁོ་བསྐོང་བ་དམིགས་ཡུལ་བྱས་ནས། རྫོང(གྲོང་ཁྱེར)ཁོངས་ཀྱི་འཇོན་མི་གཅིག་གྱུར་སྒྲིག་སྦྱོར་དང་བབ་བསྟུན་འཁོར་སྐྱོད་ནང་རྐྱེན་འཚོལ་ཞིབ་འཛུགས་སྐྲུན་བྱས་ནས། འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་བྱ་བའི་དགོས་མཁོ་དངོས་ལྟར་གཅིག་གྱུར་གྱིས་ཁོངས་གཏོགས་ཁུལ་གྱི་ཆེད་ལས་ལག་རྩལ་འཇོན་མི་སྒྲིག་སྦྱོར་བྱས་ནས། འཕྲོད་བསྟེན་མི་ཤུགས་ཐོན་ཁུངས་ཁོད་སྙོམ་ཅན་གྱི་བཀོད་སྒྲིག་ལ་སྐུལ་འདེད་བྱ་དགོས། རྫོང་རིམ་པའི་སྨན་ཁང་གི་ཞིང་སྡེའི་འཕྲོད་བསྟེན་ཞབས་ཞུ་དྲ་རྒྱའི་མ་ལག་ཁྲོད་ཀྱི་སྣེ་འདྲེན་ནུས་པ་འདོན་སྤེལ་གྱ་ནོམ་པ་བྱས་ནས། རྫོང་ཞང་གི་འཇོན་མི་མཉམ་འགུལ་ནང་རྐྱེན་འཚོལ་ཞིབ་འཛུགས་སྐྲུན་བྱས་ནས། རྫོང་ཁོངས་སུ་སྨན་བཅོས་འཕྲོད་བསྟེན་མི་སྣའི་སྒྲིག་གཞི་གཅིག་གྱུར་འཆར་འགོད་བེད་སྤྱོད་ལག་བསྟར་དང་གཅིག་གྱུར་སྒྲིག་སྦྱོར་ལག་བསྟར་བྱས་ནས། དུས་བཅད་ལྟར་དཔྱད་ཞིབ་དང་དུས་ངེས་མེད་དུ་ལས་གནས་རེས་སྐོར་བྱེད་དགོས།

   དྲུག བྱ་བ་འགན་སྲུང་།

   (གཅིག) རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཏེ་འཇོན་མིའི་བྱ་བའི་ཆགས་སྟངས་འཐུས་

ཚང་གཏོང་དགོས། ཏན་ཏིག་གིས་རིམ་པ་སོ་སོའི་ཏང་ཨུས་འཇོན་མིའི་བྱ་བར་གཅིག་གྱུར་འགོ་ཁྲིད་བྱེད་པར་ཤུགས་བསྣན་ནས། འཕྲོད་བསྟེན་འཇོན་མིའི་འཛུགས་སྐྲུན་དེ་ཁུལ་ཡོངས་ཀྱི་འཇོན་མི་བྱ་བའི་ཁ་གཏོར་ས་བྱེད་དགོས་ལ། འབྲེལ་ཡོད་འཆར་འགོད་བཟོ་རྒྱུ་དང་གལ་ཆེའི་སྲིད་ཇུས་གཅིག་གྱུར་འཆར་འགོད། གནད་ཆེའི་འགན་འཁྲི་དོན་འཁྱོལ་སོགས་བྱ་བ་ནན་ཏན་གྱིས་འཛིན་དགོས། འཕྲོད་བསྟེན་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་གྱི་ཆེ་མཐོང་མཛུབ་ཁྲིད་དང་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣན་ནས། རིམ་པ་སོ་སོའི་ཏང་ཨུས་འཇོན་མིའི་བྱ་བའི་ཆེད་དོན་སྙན་ཞུ་ལ་ཉན་པའི་ལམ་ལུགས་བཙུགས་ནས། ཏང་ཨུས་ཆེད་མཁས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་ཚང་བཏང་ནས། སྲ་བརྟན་དང་ནུས་ཤུགས་ལྡན་པའི་རྩ་འཛུགས་འགོ་ཁྲིད་འགན་སྲུང་ནང་རྐྱེན་གྲུབ་ཏུ་འཇུག་དགོས།

   (གཉིས)སྡེ་ཁག་འགན་ནུས་ཤུགས་ཆེར་བཏང་ནས་རྩ་འཛུགས་མཐུན་སྦྱོར་ནང་རྐྱེན་འཐུ

ས་ཚང་གཏོང་དགོས། རིམ་པ་སོ་སོའི་རྩ་འཛུགས་དང་མི་དོན། སྒྲིག་གཞི། བཅོས་སྒྱུར་འཕེལ་རྒྱས། ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཁག་གིས་སྨན་བཅོས་འཕྲོད་བསྟེན་འཇོན་མིའི་དཔུང་ཁག་འཛུགས་རྒྱུར་ཤུགས་སྣོན་པ་དེ་ཆབ་སྲིད་འགན་འཁྲི་གལ་ཆེན་ཞིག་ཏུ་བཟུང་ནས། རང་སྡེ་ཁག་གི་བྱ་བའི་ཉིན་རེའི་གྲོས་རིམ་དུ་བཞག་ནས། ཧུར་ཐག་གིས་འཕྲོད་བསྟེན་སྡེ་ཁག་དང་མཐུན་

སྦྱོར་འབྲེལ་གཏུགལ་ཤུགས་བསྣན་ནས། མཐུན་སྦྱོར་འབྲེལ་གཏུག་ནང་རྐྱེན་འཐུས་ཚང་བཙུགས་ནས། དུས་ཐོག་ཏུ་འབྲེལ་ཡོད་སྲིད་ཇུས་བྱ་ཐབས་ཞིབ་འཇུག་དང་བཟོ་སྐྲུན་བྱ་དགོས།

   (གསུམ)ཞབས་ཞུའི་འགན་ནུས་འདོན་སྤེལ་བྱས་ནས་འཕྲོད་བསྟེན་སྡེ་ཁག་གི་འགན་འཁྲི་

དོན་འཁྱོལ་བྱ་དགོས། རིམ་པ་སོ་སོའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་འཕྲོད་བསྟེན་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལྟེ་བའི་འགན་འཁྲི་བྱས་ནས། དུས་ཐོག་ཏུ་འཕྲོད་བསྟེན་འཇོན་མི་འཕེལ་རྒྱས་ཀྱི་འཆར་གཞི་དང་འགན་འཁྲི་བྱེ་བྲག་ཞིབ་འཇུག་བཟོ་སྐྲུན་བྱས་ནས། དགོས་ངེས་ཀྱི་འཇོན་མི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ནས། ཧུར་ཐག་གིས་ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། ནུས་ལྡན་གྱིས་འཕྲོད་བསྟེན་འཇོན་མི་གསོ་སྐྱོང་དང་ནང་འགུག འདེམས་སྒྲུག གདེང་འཇོག བེད་སྤྱོད། སྐུལ་ལྕག་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་བཏང་ནས། འཇོན་མི་འཛུགས་སྐྲུན་གྱི་ལས་འགན་དང་བོ་དང་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཀྱི་ལྟེ་བའི་འདེགས་སྐྱོར་བྱེད་ནུས་ཏན་ཏིག་གིས་མཚོན་ཐུབ་པ་བྱ་དགོས།

   (བཞི)གྲོན་དངུལ་མ་འཇོག་ཤུགས་ཆེར་བཏང་ནས་གཞོལ་གསེག་གི་འགན་སྲུང་ཤུགས་ཚ

མངོན་དགོས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་གཙོ་ཁྲིད་ཡིན་པའི་འཕྲོད་བསྟེན་འཇོན་མིའི་བྱ་བའི་སྣ་མང་མ་འཇོག་ནང་རྐྱེན་བཙུགས་ནས། སྲིད་གཞུང་གི་འཕྲོད་བསྟེན་འགྲོ་གྲོན་སྔོན་རྩིས་ཁྲོད་དུ་ཆེད་དོན་གྲོན་དངུལ་རྣམ་གྲངས་བཙུགས་ནས། སྔོན་ལ་འཕྲོད་བསྟེན་འཇོན་མི་གསོ་སྐྱོང་དང་བྱ་བའི་ལྟ་སྐྱོང་སོགས་ཐད་ཀྱི་ནོར་སྲིད་མ་འཇོག་ལ་ཁག་ཐེག་བྱས་ནས། འཕྲོད་བསྟེན་ནོར་སྲིད་གཏོང་སྒོའི་འཕར་གྲངས་དེ་ནོར་སྲིད་རྒྱུན་ལྡན་རང་བཞིན་གྱི་གཏོང་སྒོའི་འཕར་གྲངས་ལས་མི་ཉུང་བ་འགན་ལེན་བྱ་དགོས། མ་དངུལ་དོ་དམ་ཤུགས་ཇེ་ཆེར་བཏང་ནས། འཕྲོད་བསྟེན་འཇོན་མིའི་མ་དངུལ་བེད་སྤྱོད་ཕན་ནུས་འདོན་སྤེལ་བྱེད་དགོས།

   (ལྔ)ལྟ་སྐུལ་དོན་འཁྱོལ་ཤུགས་ཆེར་བཏང་སྟེ་འཕེལ་རྒྱས་ཁོར་ཡུག་ལེགས་པོ་བསྐྲུན་དགོས།

ཁུལ་དང་རྫོང་ཏང་ཨུ་དང་སྲིད་གཞུང་རིམ་པ་གཉིས་ཀྱིས་འཕྲོད་བསྟེན་འཇོན་མིའི་བྱ་བའི་དམིགས་འབེན་འགན་འཁྲིའི་ལམ་ལུགས་འཛུགས་དགོས་ལ། རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་གཙོ་བོའི་ཕྱོགས་བསྡུས་དཔྱད་ཞིབ་དམིགས་ཚད་མ་ལག་ཁྲོད་དུ་འཕྲོད་བསྟེན་འཇོན་མིའི་བྱ་བའི་ཆེད་དོན་དཔྱད་ཞིབ་ཀྱི་ཟིན་ཚད་མཐོར་འདེགས་གཏོང་དགོས། ཞིབ་བཤེར་དོན་འཁྱོལ་ནང་རྐྱེན་འཐུས་ཚང་བཏང་ནས། གལ་ཆེའི་ཐབས་ཇུས་ཐག་གཅོད་བཀོད་སྒྲིག་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་བྱ་བའི་ཁྲོད་འཕྲད་པའི་གནད་དོན་འབུར་ཐོན་ཞིབ་འཇུག་ཐག་གཅོད་བྱེད་དགོས། གསར་འགྱུར་དྲིལ་སྒྲོག་ལ་ཤུགས་བསྣན་ནས། སྔོན་ཐོན་དཔེར་མཚོན་བཙུགས་ནས། འབད་པས་འཕྲོད་བསྟེན་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལ་འཕྲོད་པའི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བསྐྲུན་དགོས།


                         ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ནས།

                             ༢༠༡༦ལོའི་ཟླ༥བའི་ཚེས༡༨ཉིན


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

ʹ 62300102000044