今天是:

ལས་བྱེད་པའི་བྱ་བ།

ལས་བྱེད་པའི་ལྟ་སྐུལ།

མདུན་ཤོག > ལས་བྱེད་པའི་བྱ་བ། > ལས་བྱེད་པའི་ལྟ་སྐུལ།

གནས་བབས་གསལ་མོས་འགག་རྩ་དམ་འཛིན་དང་།།གནོན་ཤུགས་དྲག་པོས་ལྟ་སྐུལ་སྐུལ་འདེད་གཏོང་།།

ཀན་ལྷོ་ཁུལ་གྱིས༢༠༡༧ལོའི་ལས་བྱེད་ལྟ་སྐུལ་བྱ་བ་བཀོད་སྒྲིག་ནན་མོ་བྱས།

 

      ཟླ༥བའི་ཚེས༡༧ལ། ཀན་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་ལས་བྱེད་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་པུའུ་ཀྲང་བློ་མཐུན་ཞི་ཆང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་གནངས། བཞུགས་མོལ་ཚོགས་འདུར་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཧྲན་ཆིན་ཞུའུ་ཡིས་འགོ་འཛིན་བྱས། རྫོང་དང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚང་མ་དང་། ཁུལ་ཨུ་རྩ་འཛུགས་པུའུ་ཡི་ཚན་ཁག་ཁོངས་མི་དང་ཚན་ཁག་སོ་སོའི་འགན་ཁུར་བ། ཁུལ་ཐད་གཏོགས་ཏང་གི་བྱ་བྱེད་ཨུ་སོ་སོའི་ཧྲུའུ་ཅི་དང་ཏང་གཞུང་ལས་ཁང་གི་ཀྲུའུ་རིན་བཅས་བསྡོམས་པས་མི༦༠ལྷག་ཚོགས་འདུར་ཞུགས། ཚོགས་སྟེང་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་ནན་མོ་བྱས་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་ཚུན་གྱི་ཁུལ་ཡོངས་ཀྱི་ལས་བྱེད་ལྟ་སྐུལ་བྱ་བར་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱིར་རྟོག་ཕྱོགས་བསྡོམས་བྱས་ཤིང་། ད་ལྟའི་གནས་བབས་དང་གནད་དོན་ཡོད་རིགས་ལ་དབྱེ་ཞིབ་ཐག་གཅོད་ཀྱིས༢༠༡༧ལོའི་བྱ་བ་སྒྲིག་གཤོམ་དང་བཀོད་སྒྲིག་བྱས།

      པུའུ་ཀྲང་ཞི་ཆང་གིས་བསྟན་དོན། ལས་བྱེད་ལྟ་སྐུལ་བྱ་བ་ནི་ལས་བྱེད་བྱ་བའི་གནད་འགག་གཙོ་བོ་ཡིན་ལ། ཏང་གི་འཛུགས་སྐྲུན་གྱི་གྲུབ་ཆ་གཙོ་བོ་ཡང་ཡིན། ཁུལ་ཡོངས་ཀྱི་རྩ་འཛུགས་སྡེ་ཁག་གིས་ཁྱོན་ཡོངས་ནས་ཏང་སྐྱོང་བླང་བྱ་ནན་མོ་ལྟར། རང་རྟོག་གིས་ལས་འགན་ལག་བསྟར་དང་། རང་འགུལ་གྱི་སྤྱོད་སྟངས་ཀྱིས་ལས་བྱེད་ལྟ་སྐུལ་བྱ་བས་མི་འདེམ་པ་དང་མི་བཀོལ་བའི་གོམས་སྲོལ་ཡོ་བསྲང་དང་། གཞུང་དྲང་ཚུལ་མཐུན་གྱིས་མི་བཀོལ་བའི་ཁོར་ཡུག་འཛུགས་སྐྲུན། ལས་བྱེད་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་སོགས་ཀྱི་ཕྱོགས་ནས་ཕན་ནུས་གལ་ཆེན་བཏོན་ཡོད་དེ། གཙོ་བོ་ལས་བྱེད་འདེམ་བསྐོ་དང་བཀོལ་སྤྱོད་ཀྱི་བྱ་བ་སྔར་ལས་ཚད་ལྡན་དང་། འབུར་ཐོན་གནད་དོན་ཐག་གཅོད་གང་ལེགས། ལས་བྱེད“ནད་ཅན་གནས་སྤར”གྱི་འགག་སྒོ་སྔོན་ནས་མངོན་འགྱུར། འགོ་ཁྲིད་ལས་བྱེད་ཀྱིས་ལྟ་སྐུལ་དང་ལེན་བྱེད་པའི་རང་རྟོག་གི་འདུ་ཤེས་ཇེ་ཆེ། མང་ཚོགས་སྐུལ་སློང་བྱས་ནས་ལྟ་སྐུལ་གཏུག་བཤེར་བྱེད་པའི་ལམ་ཁ་ཇེ་ཡངས། མི་འདེམ་པ་དང་མི་བཀོལ་བའི་ཆབ་སྲིད་ཀྱི་ཁོར་ཡུག་སྔར་ལས་གསལ་ཁ་ལྡན་པ་བཅས་ཀྱི་ཕྱོགས་ནས་མངོན་ཡོད། གནས་བབས་གསར་བའི་འོག་གི་ལས་བྱེད་ལྟ་སྐུལ་བྱ་བ་ཡག་པོར་སྒྲུབ་ན་ངེས་པ་བཞི་རྒྱུན་འཁྱོངས་བྱ་དགོས་ཏེ། ངེས་པར་དུ་སྲོལ་རྒྱུན་ལྟ་བ་དང་སྔར་ཡོད་འདུ་ཤེས་ཀྱི་བཀག་རྒྱ་གྲོལ་སྟེ། ལྟ་སྐུལ་གྱི་བྱ་བ་ཁོ་ནའི་ཆེད་དུ་ལྟ་སྐུལ་གྱི་བྱ་བ་སྒྲུབ་མི་ཉན་པར། ཉིན་རྒྱུན་གྱི་བྱ་བ་སྣ་ཚོགས་ཚད་ལྡན་གཏོང་བའི་ཕྱོགས་ནས་དམ་འཛིན་དང་ལྟ་སྐུལ་བྱས་ནས། ཆབ་སྲིད་ཁོར་ཡུག་གི་སྲོལ་ཡག་པོ་ཞིག་ཆགས་པར་རྨང་གཞི་ཡག་པོ་འདིང་དགོས། ངེས་པར་དུ་ལྟ་རྟོག་བྱེད་སྟངས་ཀྱི་ལམ་ཁ་ཇེ་ཡངས་བཏང་སྟེ། ལྟ་སྐུལ་འཁོར་སྐྱོད་བྱེད་སྟངས་དེ་བཀག་སྡོམ་རྣམ་པའི་ལྟ་སྐུལ་ནས་སྒོ་འབྱེད་རྣམ་པའི་ལྟ་སྐུལ་དུ་སྒྱུར་བ་དང་། ལྟ་སྐུལ་འཁོར་རྒྱུགས་ཀྱི་གོ་རིམ་དེ་ལས་མཇུག་གི་ལྟ་སྐུལ་ནས་ལས་སྔོན་ནམ་ལས་ཀའི་ཁྲོད་ཀྱི་ལྟ་སྐུལ་དུ་སྒྱུར་བ། ལྟ་སྐུལ་ཐབས་ལམ་དེ་ཆིག་རྐྱང་རྣམ་པའི་ལྟ་སྐུལ་ནས་སྣ་འཛོམས་རྣམ་པའི་ལྟ་སྐུལ་དུ་སྒྱུར་དགོས། ངེས་པར་དུ་རང་འགུལ་གྱིས་ལྟ་སྐུལ་དང་ལེན་བྱས་ཏེ། ནུས་ཤུགས་ཆེན་མོས་རྩ་འཛུགས་ཀྱི་ལྟ་སྐུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་གཞི་གཅིག་ཅན་དུ་ཁྱབ་གདལ་བཏང་ནས། ལས་བྱེད་ལྟ་སྐུལ་གྱི་མཉམ་འདུས་སྟོབས་ཤུགས་ལ་ཕན་འབྲས་ཐོན་ཞིང་སྤྱི་ཡོངས་མཉམ་སྒྲིལ་གྱི་རྣམ་པ་ཡག་པོ་གྲུབ་ཏུ་འཇུག་དགོས། ངེས་པར་དུ་མཉམ་བསྲེས་ལྟ་སྐུལ་རྒྱུན་འཁྱོངས་བྱས་ཏེ། “མིའི”ལྟ་སྐུལ་དང“དོན”གྱི་ལྟ་སྐུལ་མཉམ་བསྲེས་ཟབ་མོ་དང་། ཚན་རིག་འབྲེལ་མཐུད་དང་ལུགས་ལྡན་མཐུད་སྦྱོར་ལ་ཤུགས་སྣོན། “ཁྲིམས་སྲོལ་གཉིས”དང་ལས་བྱེད་ལྟ་སྐུལ་གྱི“ལམ་ལུགས་བཞི”ལག་བསྟར་ནན་མོ་བྱས་ནས། ལས་བྱེད་ལྟ་སྐུལ་གྱི་བྱ་བ་གློད་གྲོལ་གང་ལེགས་ཀྱིས་ཆབ་སྲིད་ཁོར་ཡུག་གི་སྲོལ་ཡག་པོ་ཞིག་འཛུགས་པའི་རིན་ཐང་གི་ཕན་འབྲས་སྐུལ་འདེད་གཏོང་དགོས།

      པུའུ་ཀྲང་ཞི་ཆང་གིས་ནན་གྱིས་བསྟན་དོན། གནས་བབས་གསར་བའི་འོག་གི་ལས་བྱེད་ལྟ་སྐུལ་བྱ་བ་ཡག་པོར་སྒྲུབ་ན“སྔར་ལས་འབུར་དུ་ཐོན་པ”དྲུག་སྒྲུབ་དགོས་ཏེ། “གཟབ་ནན་གྱི་བླང་བྱ”སྔར་ལས་འབུར་དུ་ཐོན་དགོས། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་མོ་བྱེད་པའི་ཕྱོགས་ནས་རལ་གྲི་འཕྱར་བཞིན“མིན”ཟེར་ཕོད་པ་དང་། ངོ་འཕྲད་གདོང་གཏུག་བྱེད་ཕོད་པ། དམ་འཛིན་དང་དོ་དམ་བྱེད་ཕོད་པ། རྒྱུན་སྐྱོང་ཡུན་རིང་བྱེད་ཕོད་དགོས། “སྒྲིག་བསྟར་འགན་གཅོད”སྔར་ལས་འབུར་དུ་ཐོན་དགོས། སྲིད་ཇུས་ཀྱི་གཏན་འབེབས་ལ་འགལ་བའི་སྤྱོད་པ་ཞིག་ཤེས་མ་ཐག་ཏུ་འགན་འཁྲི་རྩད་གཅོད་བྱ་ངེས་ཡིན་ལ། རིམ་པ་སོ་སོའི་ཏང་ཨུའི་གཙོ་འགན་ཁུར་མཁན་དང་རྩ་འཛུགས་པུའུ་ཀྲང་། ལས་བགོས་པུའུ་ཀྲང་གཞོན་པ། འབྲེལ་ཡོད་བྱེད་བསྒོ་ཚན་ཁག་གི་འགན་ཁུར་བ། ད་དུང་བྱ་བྱེད་མི་སྣ་ཚང་མར་འགན་འཁྲི་རྩད་གཅོད་བྱ་དགོས། “སྔ་འཛིན་ཆུང་འཛིན”སྔར་ལས་འབུར་དུ་ཐོན་དགོས། ཆུང་ས་ནས་འཛིན་པ་དང་གནད་དོན་ཆུང་རིགས་ལ་དོ་དམ་བྱ་རྒྱུ་གཙིགས་སུ་བཟུང་ནས། དྲན་སྐུལ་རྣ་ཅོག་བསུན་བསུན་དང་སྐྱོན་བརྗོད་རྔུལ་ནག་ཤོར་ཤོར་བྱ་རྒྱུ་རྒྱུན་ལྡན་དུ་གཏོང་དགོས། “འགག་རྩའི་ཉུང་ཤོས”སྔར་ལས་འབུར་དུ་ཐོན་དགོས། གཙོ་འགན་ཁུར་མཁན་དེ་ཏང་རྩ་འཛུགས་དང་ཏང་ཡོན། མང་ཚོགས་བཅས་རིམ་པ་སོ་སོའི་ལྟ་སྐུལ་འོག་བཅུག་ནས། མུ་མཐུད་དུ་སློབ་གསོའི་ཁ་ཕྱོགས་རང་བཞིན་དང་དོ་དམ་གྱི་རྒྱུན་ལྡན་རང་བཞིན། ལྟ་སྐུལ་གྱི་ཕུགས་ཡུན་རང་བཞིན་བཅས་ལ་ཤུགས་སྣོན་དགོས། “འབེན་ཕྱོགས་ཇུས་འདོན”སྔར་ལས་འབུར་དུ་ཐོན་དགོས། སྔར་ལས་ལྷག་པར་བསམ་བློ་གནད་འཕིགས་དང་ཇུས་འདོན་གནད་འཕིགས། དངོས་འབེབས་གནད་འཕིགས་བཅས་གཙིགས་སུ་བཟུང་ནས། སྔར་ལས་ལྷག་པར་གཏན་འབེབས་བྱས་པའི་སྲིད་ཇུས་དང་རྩད་གཅོད་བྱུང་བའི་གནད་དོན་གོང་རིམ་གྱི་བླང་བྱར་མཐུན་ཞིང་དངོས་ཡོད་ཀྱི་གནས་ཚུལ་ལ་མཐུན་པ་གཙིགས་སུ་འཛིན་དགོས། “འཕྲེད་ཕྱོགས་མཉམ་འགུལ”སྔར་ལས་འབུར་དུ་ཐོན་དགོས། སྔར་ལས་ལྷག་པར་ལས་བྱེད་ལྟ་སྐུལ་མཉམ་འདུས་གྲོས་ཚོགས་ཀྱི་ནུས་པ་འདོན་རྒྱུ་གཙིགས་སུ་བཟུང་ནས། སྒྲིག་བཤེར་དང་ཞིབ་དཔྱོད། རྩིས་བཤེར། ཞུ་གཏུག་སོགས་ལས་ཁུངས་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱུ་གཙིགས་སུ་འཛིན་དགོས།

      པུའུ་ཀྲང་ཞི་ཆང་གིས་རེ་འདུན་བཏོན་པར། ད་ལོའི་ལས་བྱེད་ལྟ་སྐུལ་ལ་ཞིབ་ཕྲའི་ལས་དོན་ལྔ་དམ་འཛིན་བྱ་དགོས་ཏེ། ནུས་པ་ཆེན་མོས་ལེགས་བཅོས་ཀྱི་ལས་འགན་དངོས་འབེབས་བྱ་དགོས། ཆབ་སྲིད་དང་སྤྱི་ཁོག་གི་མཐོ་ཚད་ནས། ཀྲུང་དབྱང་སྐོར་ཞིབ་ཚོགས་པ་གསུམ་པའི་སྐོར་ཞིབ“ཕྱིར་བལྟས”བསམ་འཆར་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀན་སུའུ་ཡི་མི་འདེམ་ཚུལ་དང་མི་བཀོལ་ཚུལ་གྱི་བྱ་བར་ཞིབ་བཤེར་བྱས་པའི་གནད་དོན་བཅས་རིམ་པ་བཞིན་དུ་རེ་རེ་བྱས་ནས་ལེགས་བཅོས་དངོས་འབེབས་བྱ་དགོས། ནུས་ཤུགས་ཡོད་རྒུས་ཆེད་གཉེར་ལེགས་སྒྲིག་དམ་འཛིན་བྱ་དགོས། ད་ལོར་ཆེད་གཉེར་ལེགས་སྒྲིག་གསར་བ་གཉིས་བཀོད་སྒྲིག་བྱས་ཡོད་དེ། ལས་བྱེད་འདེམ་བསྐོའི་གནད་དོན་ལ་སྒྲིག་འགལ་གྱིས་ཐེ་ཇུས་ཐེ་གཏོགས་བྱེད་པར་ཆེད་གཉེར་ལེགས་སྒྲིག་དང་འགོ་ཁྲིད་ལས་བྱེད་ཀྱི་གཉེན་ཉེས་ཚོང་དོན་ཁེ་ལས་གཉེར་བའི་སྤྱོད་སྟངས་ཚད་ལྡན་གཏོང་བའི་བྱ་བའོ།། དེ་དང་ཆབས་ཅིག་ཏུ། དཔོན་གནས་ཉོ་འཚོང་དང་དཔོན་གནས་རག་ཐབས། ངན་པ་ཕྱོགས་སྒྲིག ཁྱུ་ཤོག་ཚོགས་སྒྲིག “ནད་ཅན་གནས་སྤར”། “ནད་ཅན་ལས་སྐྱོད”སོགས“གནད་དོན་གསུམ་པའི”ཆེད་གཉེར་ལེགས་སྒྲིག་བྱ་བ་སྒྲུབ་ནས། དོན་དངོས་ལ་ཟུང་འབྲེལ་གྱིས་དངོས་འབེབས་དམ་འཛིན་བྱ་དགོས། ཏན་ཏན་ཏིག་ཏིག་གིས་ཆེད་དམིགས་ཞིབ་བཤེར་བྱ་དགོས། ལོ་སྨད་ལ་ཆེད་དམིགས་ཞིབ་བཤེར་ཚོགས་པ་མངགས་གཏོང་བྱས་ནས་མི་འདེམ་པ་དང་མི་བཀོལ་བའི་གནད་དོན་ལ་ཆེད་དམིགས་ཞིབ་བཤེར་བྱ་ཞིང་། གཙོ་བོ་ཏང་གི་ཚོགས་ཆེན་བཅོ་བརྒྱད་ཚུན་གྱི་རྫོང་དང་གྲོང་ཁྱེར་ལས་བྱེད་འདེམ་བསྐོ་བསྐོ་འཇོག་བྱ་བར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་དགོས་ཏེ། གནད་དོན་བྱུང་རིགས་འབྲེལ་ཡོད་གཏན་འབེབས་ལྟར། སུས་འགན་ཁུར་ཡོད་པའམ་འགན་ག་འདྲ་ཁུར་ཡོད་པ་ལྟར་ཚང་མར་རྩད་གཅོད་ནན་མོ་བྱ་དགོས། ཉིན་རྒྱུན་གྱི་ལྟ་སྐུལ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། ཏང་ཨུའི་ཧྲུའུ་ཅིས་སྲོག་ཤིང་གི་འགན་འཁྲི་ལག་བསྟར་ནན་མོ་དང་། རྩ་འཛུགས་པུའུ་ཀྲང་གིས་འགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ། ལས་བགོས་པུའུ་ཀྲང་གཞོན་པ་དང་ལྟ་སྐུལ་ཚན་གཙོ། སྤྱིར་བཏང་གི་ལས་བྱེད་མི་སྣ་བཅས་ཀྱིས་ཐད་ཀའི་འགན་འཁྲི་ལག་བསྟར་ནན་མོ། འབྲེལ་ཡོད་འགན་ནུས་ཚན་ཁག་གིས་འགན་འཁྲི་གཙོ་བོ་ལག་བསྟར་ནན་མོ་བྱས་ནས། ལས་བྱེད་ལྟ་སྐུལ་གྱི་བྱ་བ་རྒྱུན་ལྡན་ཅན་དང་ཕན་ཡུན་རིང་བོར་གྲུབ་ཏུ་འཇུག་དགོས། དྲན་སྐུལ་དང་ཡིག་ཐོག་འདྲི་རྟོག ཐ་ཚིག་སྐུལ་ལྕག་བཅས་བཀོལ་སྤྱོད་ལེགས་པོ་བྱ་དགོས། ཁུལ་དང་རྫོང་རྩ་འཛུགས་སྡེ་ཁག་གིས་རང་གི་དོན་དངོས་ལ་འབྲེལ་བར༼དྲན་སྐུལ་དང་ཡིག་ཐོག་འདྲི་རྟོག ཐ་ཚིག་སྐུལ་ལྕག་བཅས་ཀྱི་བཀོལ་སྤྱོད་བྱེད་སྲོལ༽གཏན་འབེབས་དང་དྲིལ་སྒྲོག་བཟང་པོས་འགོ་ཁྲིད་ལས་བྱེད་ཚང་མར་བྱ་བ་སོ་སོའི་ཡོང་ཁུངས་དང་དེའི་དོན་སྙིང་གལ་ཆེན། གནས་ཚུལ་ག་འདྲའི་འོག་ཏུ་དྲན་སྐུལ་དང་ཡིག་ཐོག་འདྲི་རྟོག ཐ་ཚིག་སྐུལ་ལྕག་གཏོང་བ་དང་། ད་དུང་དེ་དག་གི་མཇུག་འབྲས་བཅས་ཤེས་སུ་བཅུག་སྟེ། དྲན་སྐུལ་དང་ཡིག་ཐོག་འདྲི་རྟོག ཐ་ཚིག་སྐུལ་ལྕག་གཏོང་རྒྱུ་དེ་དངོས་གནས་འགོ་ཁྲིད་ལས་བྱེད་ཀྱིས་རང་ཉིད་གཅུན་བྱེད་ཀྱི“ཚད་ཤིང”དང་དབང་ཆ་ཚད་ལྡན་སྤྱོད་པའི“འཇལ་ཤིང”ལ་འགྱུར་དུ་འཇུག་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号