今天是:

ལས་བྱེད་པའི་བྱ་བ།

ལས་བྱེད་པའི་སློབ་གསོ།

མདུན་ཤོག > ལས་བྱེད་པའི་བྱ་བ། > ལས་བྱེད་པའི་སློབ་གསོ།

ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆེད་དོན་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

开班典礼

ཟླ9པའི་ཚེས25ཉིན་ནས་ཚེས28ཉིན་བར། ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ཆེད་དོན་ཟབ་སྦྱོང་འཛིན་གྲྭ་བསྡུས་པ་དང་། རྫོང་དང་གྲོང་ཁྱེར་བརྒྱད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་བགོས་འགན་གཉེར་པ་རྫོང་དཔོན་དང་གྲོང་ཁྱེར་འགོ་འཛིན་པ་དང་། དེ་མིན་ཁུལ་དང་རྫོང་གི་ཁོར་ཡུག་སྲུང་སྐྱོང་ཅུས། རྒྱལ་ཁབ་མངའ་ཁོངས་ཅུས། སྤྱི་བདེ་ཅུས། ཟས་རིགས་དང་སྨན་རྫས་ལྟ་སྐུལ་ཅུས། བདེ་འཇགས་ལྟ་སྐུལ་ཅུས། འགྲིམ་འགྲུལ་ཅུས། སྡོད་ཁང་འཛུགས་སྐྲུན་ཅུས། ཞིང་ཕྱུགས་ནགས་ལས་ཅུས་སོགས་ལས་ཁུངས་ཀྱི་འགན་འཁུར་པ་སོགས་བསྡོམས་པས་མི84 ཐེངས་འདིའི་ཟབ་སྦྱོང་ལ་ཞུགས།

ཐེངས་འདིའི་ཟབ་སྦྱོང་སྟེང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་ཁྲིམས་སློབ་གླིང་ཁོར་ཡུག་བཅའ་ཁྲིམས་སློབ་གླིང་གི་སློབ་གཙོ། ཞིང་ཆེན་ཁོར་སྲུང་ཐིན་དང་ཁུལ་ཨུའི་ཏང་གི་སློབ་གྲྭའི་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་སློབ་ཁྲིད་གནང་བ་དང་། ཚོགས་ཐོག་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་སོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུ་དེ་མཛུབ་སྟོན་དུ་བཟུང་ནས། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་སྐྱེ་ཁམས་དཔལ་ཡོན་དང་སྐྱེ་ཁམས་ཁོལ་ཡུག་སྲུང་སྐྱོང་ཐད་ལ་གནང་བའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། ཐབས་ཇུས་གསར་བ་བཅས་དང་། ཀན་སུའུ་ལ་རྟོགས་དཔྱོད་བྱེད་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཤུགས་རྒྱག་དགོས་པ་བརྒྱད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་ཏེ། སློབ་གཉེར་པ་དག་གིས་ཁྱོན་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་གཏན་ཁེལ་ལ་ཡང་དག་པར་གོ་བ་ལོན་པ་དང་ཁོང་དུ་ཆུད་པར་སྣེ་ཁྲིད་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་། སྐྱེ་ཁམས་སླར་གསོ། སྐྱེ་ཁམས་བཅོས་སྐྱོང་སོགས་གནད་དོན་གལ་ཆེན་ལ་རྟོགས་དཔྱོད་ཟབ་མོ་བྱས་ཏེ།  དངོས་གནས་སློབ་གཉེར་པ་དག་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ། སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་གི་འདུ་ཤེས་དང་ནུས་པ། ཆུ་ཚད་སོགས་མཐོར་འདེགས་སུ་བཏང་།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号