今天是:

ལས་བྱེད་པའི་བྱ་བ།

ལས་བྱེད་པའི་སློབ་གསོ།

མདུན་ཤོག > ལས་བྱེད་པའི་བྱ་བ། > ལས་བྱེད་པའི་སློབ་གསོ།

“གནད་ཁེལ་དྲུག”དམིགས་སུ་བཟུང་ནས།།“དོ་སྣང་བཞི”དངོས་འབེབས་བྱ་དགོས།།

ཀན་ལྷོ་ཁུལ་གྱིས་སློབ་གསོ་གསོ་སྦྱོང་གནད་ཁེལ་ཅན་མུ་མཐུད་སྐུལ་འདེད་བཏང་།

      ད་ལོ་ནས་བཟུང་། ཁུལ་ཡོངས་ཀྱི་ལས་བྱེད་སློབ་གསོ་གསོ་སྦྱོང་བྱ་བའི་ཆེད་དོན་ཞིབ་འཇུག་བརྟག་དཔྱད་ཀྱི་རྨང་གཞིའི་སྟེང་། སློབ་སྦྱོང་གསོ་སྦྱོང་གི“ཁ་ཕྱོགས་དང་ནང་དོན། སློབ་དེབ། དགེ་རྒན། རྩ་འཛུགས། ཕན་འབྲས”བཅས“གནད་ཁེལ་དྲུག”མངོན་འགྱུར་གཏོང་བའི་བསམ་ཕྱོགས་ལྟར། ཚན་རིག་གི་སྒོ་ནས་གཅིག་གྱུར་འཆར་འགོད་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་སྲིད་ཇུས་ཆ་ཚང་དང་ལམ་ལུགས་འབྲེལ་མཐུད། ཐོན་ཁུངས་མཉམ་སྤྱོད། ཕན་ཚུན་རོགས་འདེགས་བཅས་པའི་ལས་བྱེད་སློབ་གསོ་གསོ་སྦྱོང་གི་རྣམ་པ་ཞིག་གྲུབ་ཏུ་བཅུག་པ་དང་། སློབ་སྦྱོང་གསོ་སྦྱོང་དེ་ལས་བྱེད་ཡར་སྐྱེད་སྐུལ་འདེད་གཏོང་བའི་དམིགས་འབེན་ཕྱོགས་སུ་བསམ་བློ་གཅིག་བསྡུ་དང་གོང་འོག་ཡར་མར་རོགས་རེས་བྱེད་པའི་གནས་བབས་ཕྱོགས་སུ་ནུས་ཤུགས་གཅིག་བསྡུ། མུ་མཐུད་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཇེ་ཆེར་གཏོང་བའི་གྲུབ་འབྲས་ཕྱོགས་སུ་གཅིག་བསྡུ་བྱེད་དུ་བཅུག་ཡོད།

      སྔར་ལས་ལྷག་པར་རིམ་པ་སོ་སོར་དོ་སྣང་ཆེན་མོ་བྱས། སྤྱི་ཁོག་གི་སྙིང་པོ་སྐུལ་འདེད་གཏོང་བར་ལས་བྱེད་བཟང་པོ་མཁོ་ལ་ལྷག་པར་དུ་ལས་བྱེད་བཟང་པོ་གསོ་སྐྱོང་བྱ་དགོས། ཁུལ་བརྙན་འཕྲིན་སློབ་ཆེན་གྱི་མིང་ཐོག་ནས་ཕྱི་ཕྱོགས་ནས་ཉོ་བ་དང་རང་གིས་བསྒྲིགས་པར་བརྟེན་ནས༼ཀན་ལྷོ་བོད་ཁུལ་གྱི་རྒྱུན་སྤྱོད་བོད་སྐད་ཚིག་རྐང་དགུ་བརྒྱ་མ༽དང༼གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང༽། ༼བོད་ཁུལ་ཡུལ་སྐོར་རིག་གནས་ཀྱི་མཚན་སྙན་སྐྲུན་ནས་ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ༽སོགས་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་སློབ་སྦྱོང་གི་ཁྲིད་གཞི༡༧༠ལྷག་བཟོས་པ་མ་ཟད། ལས་བྱེད་པ༡༩༥༠༠ལྷག་རྩ་འཛུགས་ཀྱིས་སྐུད་ཐོག་སློབ་སྦྱོང་ལ་ཞུགས་སུ་བཅུག་པས། རིམ་པ་མི་འདྲ་བ་དང་ལས་རིགས་ཁོངས་གཏོགས་མི་འདྲ་བའི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་དགོས་མཁོ་བསྐངས་ཡོད། “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”སྐབས་ཀྱི་ཁུལ་ཡོངས་ཀྱི་བྱ་བ་གཙོ་བོ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། མིག་རྒྱང་རྒྱ་སྐྱེད་དང་ནུས་པ་ཡར་སྐྱེད་ཀྱི་དམིགས་འབེན་བཟུང་ནས། རྫོང་རིམ་པའི་ལས་བྱེད༡༣དང་ཁའོ་རིམ་པའི་ལས་བྱེད༤ཐེན་ཅིན་གྲོང་ཁྱེར་དང་འགྲིམ་འགྲུལ་སྡེ་ཁག་ཏུ་འགན་བཏགས་སྦྱོང་བརྡར་བྱེད་པར་མངགས་གཏོང་བྱས། ཀན་ལྷོ་ས་ཁུལ་གྱི་འཕེལ་རྒྱས་ཁོར་ཡུག་དང་སློབ་གསོ་རྨང་གཞིའི་བར་ཆད་ལ་དོ་སྣང་ཡོད་ཅིང་། ལས་བྱེད་ཡར་སྐྱེད་ལ་ཕན་པ་དང་ནུས་པ་ཆེར་སྐྱེད་ལ་ཕན་པ། བྱ་བ་སྐུལ་འདེད་ལ་ཕན་པ་ལྟར། རྩ་འཛུགས་བརྟག་དཔྱད་གསོ་སྦྱོང་དང་གཅིག་བསྡུས་བརྒྱུད་སྐོར་གསོ་སྦྱོང་། ཆེད་དོན་གསོ་སྦྱོང་། འགན་བཏགས་གསོ་སྦྱོང་སོགས་ཀྱི་རྣམ་པས། རིགས་སོ་སོའི་ལས་བྱེད་མི་ཐེངས༢༣༥ལ་བརྟག་དཔྱད་གསོ་སྦྱོང་དང་། ཁའོ་རིམ་པ་ཡན་གྱི་ལས་བྱེད་མི་ཐེངས༡༠༤༡ལ་གསོ་སྦྱོང་། སྡེ་བ་དང་ཚོ་ཆུང་གི་ལས་བྱེད་མི་ཐེངས༩༡༨ལ་གསོ་སྦྱོང་བྱས། ཁུལ་ཡོངས་ཀྱི་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་བྱ་བའི་བཀོད་སྒྲིག་ལ་དམིགས་ཤིང་། ཕྱོགས་མང་པོ་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། ཞང་གྲོང་གི་ལག་རྩལ་རྐང་འཛིན་མི་སྣ་དང་ཞིང་ལས་ལག་རྩལ་མི་སྣ། ཕྱུག་འགྱུར་སྣེ་ཁྲིད་མི་སྣ༡༢༠ལྷག་འདེམས་མངགས་བྱས་ཏེ། ཞིང་ཆེན་གྱི་ཞིང་སྡེའི་འཇོན་མི་སློབ་གསོ་གསོ་སྦྱོང་རྟེན་གཞིར་སོང་ནས་སྤྱོད་སྒོ་ཆེ་བའི་ལག་རྩལ་སྣ་ཚོགས་གསོ་སྦྱོང་བྱེད་པར་ནང་ཞུགས་བྱེད་དུ་བཅུག་ཡོད།

      སྔར་ལས་ལྷག་པར་འོས་བསྟུན་མཁོ་སྤྲོད་ལ་དོ་སྣང་ཆེན་མོ་བྱ་དགོས། གནད་ཁེལ་གསོ་སྦྱོང་བྱ་ཚེ་རང་འགུལ་གྱིས་བྱ་བ་སྐུལ་འདེད་དང་ལས་བྱེད་ཡར་སྐྱེད། ལས་དོན་དགོས་མཁོ་སོགས་ཕྱོགས་མི་འདྲ་བའི་དངོས་ཡོད་དགོས་མཁོ་ཡར་ཞུ་བྱས་ན་ད་གཟོད་གནད་ཁེལ་གཅིག་བསྡུ་དང་འབེན་ཕྱོགས་ཇུས་འདོན་བྱ་ཐུབ། རོང་འབྲོག་སྡེ་བའི་བྱ་བའི་དགོས་མཁོ་ལ་རྐང་བཙུགས་ཏེ། གཞི་རིམ་གྱི་ཏང་གི་འཛུགས་སྐྲུན་དམ་འཛིན་དང་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཀྱི་བྱ་བ་སྒྲུབ་པ་བཅས་ཀྱིས་ནང་དོན་གཙོ་བོ་བྱེད་ཅིང་། མུ་མཐུད“ཞང་གྲོང་ལས་བྱེད་ཁྲི་ཕྲག་གི་སྤུས་ཚད་ཇེ་མཐོར་གཏོང་བའི་ལས་དོན”ལག་བསྟར་བྱས་ནས། བསྡོམས་པས་གཞི་རིམ་གྱི་ལས་བྱེད་གཞོན་ནུ༥༧༠ལ་གསོ་སྦྱོང་བྱས་ཡོད། དང་ལེན་ལས་ཁུངས་ཀྱི་བྱ་བའི་དགོས་མཁོ་དང་འགན་བཏགས་ལས་བྱེད་མི་སྒེར་ཡར་སྐྱེད་གཏོང་བའི་དངོས་ཡོད་གཉིས་ཟུང་འབྲེལ་བྱེད་ཅིང་། མི་སྒེར་གྱིས་མིང་ཐོ་འགོད་པ་དང་རྩ་འཛུགས་ཀྱིས་གདམ་གསེས་བྱེད་པ། འོས་མི་སྐོར་ཞིག་ལ་མིང་བཏགས་ནས་འདེམ་ཐོན་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་ནས། རྫོང་དང་གྲོང་ཁྱེར་ནས་ལས་བྱེད༢༢འོས་སྦྱོར་བྱས་ཏེ་ཁུལ་ཐད་གཏོགས་ལས་ཁུངས་སུ་འགན་བཏགས་སྦྱོང་རྡར་བྱེད་དུ་བཅུག་ཅིང་། ལས་བྱེད༡༧ཁུལ་ཕྱི་ལ་འགན་བཏགས་སུ་མངགས་གཏོང་བྱས་ཡོད། གསར་དུ་བསྐོ་འཇོག་བྱས་པའི་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་རང་འགན་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བར་དམིགས་ཤིང་། ཁུལ་ཨུའི་ཏང་གི་སློབ་གྲྭའི་ཉམས་མྱོང་དང་སློབ་དེབ། དོ་དམ་སོགས་ཕྱོགས་ཀྱི་ཆ་རྐྱེན་བཟང་པོ་བཀོལ་སྤྱོད་བྱས་ཏེ། རོང་ཁུལ་དང་འབྲོག་ཁུལ་བགོས་པའི་འཛིན་གྲྭ་གཉིས་ཚུགས་ཤིང་། ཁུལ་ཡོངས་ཀྱི་གསར་དུ་བསྐོ་འཇོག་བྱས་པའི་རོང་འབྲོག་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི༡༠༤ལ་ལས་རྐང་སྔོན་གྱི་གཅིག་བསྡུས་གསོ་སྦྱོང་བྱས་ཡོད། རོང་འབྲོག་སྡེ་བའི་ཏང་ཡོན་མང་ཚོགས་ལ་སྤྱོད་སྒོ་ཆེ་བའི་ལག་རྩལ་གྱི་དགོས་མཁོ་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། ཞང་གྲོང་དང་སྡེ་བའི་ལས་བྱེད་ཀྱིས་ཞིང་འབྲོག་སྡེ་བའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནས་སྤྱོད་སྒོ་ཆེ་བའི་ལག་རྩལ་སློབ་སྦྱོང་བྱེད་པའི་སྒུལ་ཤུགས་གཉོམ་པོར་ཡོད་པའི་གནད་དོན་ལ་དམིགས་ཏེ། ཕྱོགས་མང་པོ་ནས་གསོ་སྦྱོང་ལས་ཁུངས་སྣ་ཚོགས་སུ་ཡོད་པའི་སློབ་དེབ་ལ་རྒྱུས་ལོན་དང་། སྤྱོད་སྒོ་ཆེ་བའི་ལག་རྩལ་གསོ་སྦྱོང་གི་ནུས་ཤུགས་ཇེ་ཆེར་བཏང་ནས། ད་ལོར་ཞང་གྲོང་ལས་བྱེད་དང་སྡེ་ཚོ་ལས་བྱེད། སློབ་ཆེན་སྡེ་དཔོན་བཅས་མི༡༤༠ལ་ཞིང་སྡེ་གློག་རྡུལ་ཚོང་དོན་འཇོན་མིའི་ཆེད་དམིགས་གསོ་སྦྱོང་བྱས་ཡོད།

      སྔར་ལས་ལྷག་པར་བོད་རྒྱ་སྐད་གཉིས་ལ་དོ་སྣང་ཆེན་མོ་བྱ་དགོས། “སུས་ཁྲིད་རྒྱུའི”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་སློབ་གསོ་གསོ་སྦྱོང་ལ་ཕན་ནུས་ཐོན་རྒྱུའི་འགག་རྩའི་ཁག་ཐེག་ཡིན་ཞིང་། ཀན་ལྷོ་ཁུལ་གྱི་ཞང་གྲོང་ལས་བྱེད་གཞོན་ནུའི་བོད་རྒྱ“སྐད་གཉིས”གསོ་སྦྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་། ས་གནས་ལག་ལེན་གྱི་ཁྱད་ཆོས་ལྡན་པའི་ལས་བྱེད་གསོ་སྦྱོང་གི་རྟེན་དངོས་མུ་མཐུད་ཁོད་ཇེ་ཡངས་གཏོང་བའི་ཆེད་དུ། མ་རྩ་སྒོར་ཁྲི༣༨༥ཐབས་འཚོལ་བྱས་ཏེ། བོད་རྒྱ“སྐད་གཉིས”དགེ་རྒན་གྱི་ཆེད་ལས་གསོ་སྦྱོང་དང་། བོད་རྒྱ“སྐད་གཉིས”གསོ་སྦྱོང་གི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མ་རྩ་བཏང་བའི་འགན་སྲུང་ལ་ཤུགས་ཡོད་པ་དང་དགེ་རྒན་གྱི་སྟོབས་ཤུགས་ཇེ་ཆེར་འགྲོ་རྒྱུ་མངོན་འགྱུར་ཡོང་བར་འབད་པ་བྱས། ཞིང་ཨུ་རྩ་འཛུགས་སྡེ་ཁག་གི་ཕྱོགས་ལྷུང་ཆེན་མོ་དང་རོགས་སྐྱོར་འོག མུ་མཐུད་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་དང་ཀན་ལྷོ་སློབ་གསོ་ཏང་གི་སློབ་གྲྭ ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བཅས་ལ་རྟེན་ནས། བོད་རྒྱ“སྐད་གཉིས”ཀྱི་རྨང་གཞིའི་འཛིན་གྲྭ་དང་ཟབ་སྦྱོང་འཛིན་གྲྭ མཐོར་འདེགས་འཛིན་གྲྭ་སྐབས༡རེ་བསྒྲུབས་པར་གཞི་རིམ་གྱི་ལས་བྱེད་པ༢༧༠ལྷག་ལ་གསོ་སྦྱོང་བྱས་ཤིང་། དེ་དང་ཆབས་ཅིག རྫོང་དང་གྲོང་ཁྱེར་སོ་སོར་མཛུབ་སྟོན་བྱས་ཏེ་བོད་རྒྱ“སྐད་གཉིས”ཀྱི་གསོ་སྦྱོང་འཛིན་གྲྭ༡༦བསྡུས་པར་འབྲོག་ཁུལ་གྱི་སྡེ་བ་དང་ཚོ་བའི་ལས་བྱེད་པ༦༢༧ལ་རྒྱ་སྐད་ཀྱི་གསོ་སྦྱོང་བྱས། བོད་རྒྱ“སྐད་གཉིས”ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་དོན་སྙིང་གལ་ཆེན་དྲིལ་སྒྲོག་ཤུགས་ཆེར་བྱས་ཏེ། ཁུལ་ཡོངས་ཀྱི་ཞང་གྲོང་ལས་བྱེད་པའི་ཁྲོད་དུ“གཅིག་གིས་གཅིག་གམ་གཅིག་གིས་གཉིས”ལ་བོད་རྒྱ“སྐད་གཉིས”སློབ་རོགས་སློབ་ཁྲིད་སློབ་སྐུལ་བྱེད་པའི་བྱེད་སྒོ་གཏིང་ཟབ་མོར་སྤེལ་ནས། ནུས་ཤུགས་ཡོད་རྒུས“སྐད་གཉིས”སློབ་སྦྱོང་དང“སྐད་གཉིས”ཤེས་པ། “སྐད་གཉིས”བཀོལ་བའི་ཁོར་ཡུག་སྣུམ་པོ་ཞིག་སྐྲུན་པ་དང་། བོད་རྒྱ“སྐད་གཉིས”གསོ་སྦྱོང་གི་གྲུབ་འབྲས་ཀྱིས་གཞི་རིམ་ལས་བྱེད་དང་མང་ཚོགས་ཀྱི་བྱ་བ་ཡོངས་ཀྱི་ཞིབ་ཕྲའི་ལག་ལེན་ཁྲོད་དུ་སྐྱེད་ཐུབ་པར་འབད་པ་བྱས།

      སྔར་ལས་ལྷག་པར་ཞབས་ཞུ་ལག་ལེན་ལ་དོ་སྣང་ཆེན་མོ་བྱ་དགོས། སློབ་དེབ་བཟང་པོ་ཞིག་གིས་ལས་བྱེད་གསོ་སྐྱོང་གི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ལས་བྱེད་གསོ་སྦྱོང་བྱས་རྗེས་ཀྱི་སློབ་སྦྱོང་དང་བྱ་བ། ལག་ལེན་བཅས་ཀྱི་དགོས་མཁོ་ལ་ཡང་འཚམ་པོ་ཡོད། “གང་ཞིག་མཁོ་ན་དེ་སློབ་པ་དང་གང་ཞིག་གཉོམ་ན་དེར་ཤུགས་རྒྱག་པའི”རེ་འདུན་ནས་འགོ་བརྩམས་ཏེ། གནད་ལ་ཁེལ་བའི་སྒོ་ནས་གསོ་སྦྱོང་གི་སློབ་དེབ་གཏན་ཁེལ་དང་། ཉེ་བའི་ལོ་འདི་དག་རིང་གི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཞིང་འབྲོག་གི་སྲིད་ཇུས་ལ་འབྲེལ་བ་དང་ཁུལ་ཕྱི་ནང་ནས་ཞིང་འབྲོག་སྡེ་བའི་ཏང་ཡོན་ལས་བྱེད་པ་སྒྲིག་འགལ་ཁྲིམས་འགལ་རྩད་གཅོད་བྱས་པའི་གྱོད་དོན་ཁྲོད་ནས་དཔེ་སྟོན་གྱོད་གཞི༤༥ཕྱོགས་བསྡུས་ལེགས་བསྒྲིགས་བྱས་ཏེ། རང་འགུལ་གྱིས༼ཀན་ལྷོ་ཁུལ་རོང་འབྲོག་སྡེ་བའི་ཞིང་སྟོབས་ཞིང་ཕན་སྲིད་ཇུས་ཀྱི་ཡིག་ཆ་ཕྱོགས་བསྒྲིགས༽དང༼རོང་འབྲོག་སྡེ་བའི་ཏང་ཡོན་ལས་བྱེད་པ་སྒྲིག་ལ་འགལ་བའི་གནད་དོན་ལས་དཔེ་སྟོན་གྱོད་གཞི་བདམས་བསྒྲིགས༽གཉིས་རྩོམ་སྒྲིག་པར་འདེབས་བྱས། ཆེད་དོན་གསོ་སྦྱོང་གི་ཟུར་ལྟའི་སློབ་དེབ་ཡིན་པའི་ཆ་ནས། གསོ་སྦྱོང་སློབ་དེབ་ཀྱིས་ལས་བྱེད་གསོ་སྦྱོང་བྱ་དུས་ལྟ་ཤེས་པ་དང་གསོ་སྦྱོང་མཇུག་སྒྲིལ་རྗེས་བཀོལ་ཐུབ་པ་ཁག་ཐེག་བྱས་ཡོད། ཕྱོགས་མང་པོར་བརྟག་དཔྱད་ཞིབ་འཇུག་དང་རྒྱུས་ལོན་བྱ་རྒྱུ་རྒྱུན་འཁྱོངས་སྒོས། སློབ་གསོ་གསོ་སྦྱོང་གི་སྤྱིར་བཏང་རང་བཞིན་གྱི་རེ་འདུན་དང་། རིགས་མི་འདྲ་བ་དང་རིམ་པ་མི་འདྲ་བ། ལས་གནས་མི་འདྲ་བ་བཅས་ཀྱི་ལས་བྱེད་པའི་དམིགས་བསལ་རང་བཞིན་ལ་ཟུང་འབྲེལ་བྱས་ཏེ། གསོ་སྦྱོང་ལས་ཁུངས་མི་འདྲ་བ་ལ་གསོ་སྦྱོང་བྱེད་སྟངས་མི་འདྲ་བའི་བླང་བྱ་འདོན་ཞིང་། སྐོར་ཐེངས་མི་འདྲ་བ་དང་འཛིན་གྲྭ་ཆུང་བ་འཛུགས་པ། གནད་ལ་ཁེལ་བ་བཅས་ཀྱི་གསོ་སྦྱོང་བྱ་སྟངས་བཀོལ་ནས། གསོ་སྦྱོང་ལས་ཁུངས་མི་འདྲ་བའི་ཐོན་ཁུངས་གནས་བབས་བཟང་པོ་དེ་ཕན་འབྲས་ལྡན་པས་ལས་བྱེད་སྤུས་ཚད་ལ་སྒྱུར་བ་གཏོང་དགོས། ད་ལོ་ནས་བཟུང་གཞི་རྒྱ་ཆེ་ཞིང་སྣ་མང་ཅན་གྱི་གསོ་སྦྱོང་བརྒྱུད། ང་ཚོས་སློབ་གསོ་གསོ་སྦྱོང་བྱ་རྒྱུ་དེ་སྤྱི་ཁོག་ལ་གཅིག་བསྡུ་དང་། ལས་བྱེད་ཡར་སྐྱེད་ལ་ཞབས་ཞུ། བྱ་བ་སྐུལ་འདེད་ལ་ཤུགས་སྒྲིལ་བའི་དམིགས་འབེན་བཅས་ལ་རེ་བ་གསར་བའི་སྔོན་དཔག་བྱས་ཡོད་དོ།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号