今天是:

ལས་བྱེད་པའི་བྱ་བ།

ལས་བྱེད་པའི་སློབ་གསོ།

མདུན་ཤོག > ལས་བྱེད་པའི་བྱ་བ། > ལས་བྱེད་པའི་སློབ་གསོ།

ཀན་ལྷོ་ཁུལ་གྱིས“སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བའི་བྱ་བའི་ཚོགས་འདུ་ཚོགས།

ཟླ༥བའི་ཚེས༡༧ལ། ཀན་ལྷོ་ཁུལ་གྱིས“སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བའི་བྱ་བའི་ཚོགས་འདུ་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི“སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བའི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཨུའི“སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། ཁུལ་ཡོངས་ཀྱི“སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བའི་བྱ་བ་བཀོད་གཤོམ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧའེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནངས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་དྲིལ་སྒྲོག་པུའུ་ཀྲང་བཀྲ་ཤིས་འཚོས་ཚོགས་འདུར་འགོ་འཛིན་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆང་གིས་ཞིང་ཨུའི“སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བའི་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས།

      ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་ཏང་ཡོན་འགོ་ཁྲིད་དང་། ཁུལ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཀན་སུའུ་མི་རིགས་དགེ་ཐེན་སློབ་གླིང་གི་ཏང་ཨུའི༼ཏང་ཙུའུ༽ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུ་ཨུ་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཁུལ་ཨུའི་དྲུང་ཡིག་གཞོན་པ་ཚང་མ། རྫོང་དང་གྲོང་ཁྱེར་ཁག་གི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། རྫོང་དང་གྲོང་ཁྱེར་ཁག་གི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་ཀྲང་། ཁུལ་ཨུའི་པུའུ་ཨུ་ཁང་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། ཁུལ་ཐད་གཏོགས་གི་ཏང་ཨུ་དང་ཏང་ཙུའུ་སོ་སོའི་འགན་ཁུར་བློ་མཐུན། ཁུལ་ན་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་ལས་ཁུངས་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་བསྡོམས་པས་མི༡༢༠ལྷག་ཚོགས་འདུར་ཞུགས།

      ཡུས་ཁྲིན་ཧའེ་ཡིས་བསྟན་དོན། ན་ནིང་ནས་བཟུང་། ཁུལ་ཨུས་ཁྱབ་རྒྱ་ཅན་དང་རྒྱུན་རྣམ་ཅན། གསར་གཏོད་གཙིགས་འཛིན་དང་དངོས་ཕན་འཚོལ་སྙེག་བཅས་རྒྱུན་འཁྱོངས་དང་། “སློབ”པའི་ནང་དོན་དང“བྱེད”པའི་ཚད་གཞི། “བཅོས”པའི་བླང་བྱ་བཅས་ལ་དམ་པོར་སྦྲེལ་ཞིང་། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་ཀྱི་མིག་དཔེའི་ནུས་པ་དང་ཀྲི་པུའི་རྐང་འཛིན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁུལ་ཡོངས་ཀྱི་ཏང་ཀྲི་པུའུ༢༢༧༠ཡིས་གཞི་རྩའི་སྡེ་ཚན་དང་ཏང་ཡོན་ཁྲི༦.༤ལྷག་སྣེ་ཁྲིད་རྩ་འཛུགས་བྱས་ཏེ་ལུས་སེམས་ཡོངས་དང་ཕྱོགས་ཡོངས་ནས་ནང་ཞུགས་བྱས་པར། “སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཡོད་དེ། ཏང་ཡོན་ལས་བྱེད་ལ་སློབ་གསོ་ནན་མོ་བཏང་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་བཏང་། ཏང་ནང་གི་ཆབ་སྲིད་འཚོ་བ་སྔར་ལས་ཚད་ལྡན་བཏང་ནས། “ཁྲོ་ཐབ་ཀྱི་ནུས་པ”སྔར་ལས་མངོན་གསལ་དུ་བཏང་། གཞི་རིམ་གྱི་འབུར་ཐོན་གནད་དོན་ནུས་ལྡན་ཐག་གཅོད་བྱས་ནས། “འཐབ་འཛིང་གི་བཙན་རྫོང”སྔར་ལས་ཇེ་བརྟན་དུ་བཏང་། ཏང་ཡོན་གྱི་སྤྱོད་སྟངས་ལེགས་བཅོས་ཤུགས་སྣོན་མངོན་གསལ་བཏང་ནས། “དར་ཆའི་ཚད་ཤིང”སྔར་ལས་འཛུགས་སྐྲུན་བྱས།

      ཡུས་ཁྲིན་ཧའེ་ཡིས། “སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བར། “སློབ་སྦྱོང་ངོ་མ་དང་བྱེད་པ་མངོན་སུམ”འབུར་དུ་ཐོན་དགོས་ལ། ནུས་ཤུགས་ཡོད་རྒུས་རྒྱ་སྐྱེད་ཟབ་སྤེལ་གྱི་ཕྱོགས་ལ་འབད་པ་བྱ་དགོས། སློབ་སྦྱོང་གི་འཆར་གཞི་ནན་མོ་དང་སློབ་སྦྱོང་གི་གཙོ་གནད་གཏན་ཁེལ། སློབ་སྦྱོང་གི་རྣམ་པ་གསར་གཏོད་བཅས་ཀྱི་སྒོ་ནས། ངོ་མ“སློབ་པའི”ཕྱོགས་ལ་མུ་མཐུད་ཤུགས་སྣོན་དགོས་ལ། ཚད་གཞི་བྱེ་བྲག་ཞིབ་ཚགས་དང་སློབ་སྦྱོང་བྱ་སྟངས་གསར་གཏོད། ཚད་ལོངས་རེ་འདུན་དངོས་འབེབས་བཅས་ཀྱི་སྒོ་ནས། མངོན་སུམ“བྱེད་པའི”ཕྱོགས་ལ་མུ་མཐུད་ཤུགས་སྒྲིལ་དགོས། “འགག་རྩའི་ཉུང་ཤོས”འབུར་དུ་ཐོན་དགོས་ལ། ནུས་ཤུགས་ཡོད་རྒུས་གོང་འོག་གཅིག་སྒྲིལ་གྱི་ཕྱོགས་ལ་འབད་པ་བྱ་དགོས། འགོ་ཁྲིད་ལས་བྱེད་ཀྱིས་གོང་ནས་འོག་ལ་མིག་དཔེ་སྐུལ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཚད་གཞི་སྔར་ལས་མཐོ་བོ་དང་བླང་བྱ་སྔར་ལས་གཟབ་ནན་གྱི་སྒོ་ནས། སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་ཟབ་མོས་ཧུར་ཐག་གིས་རང་འགུལ་དང་འགན་ཁུར་གྱི་སྤྱོད་སྟངས་འཛིན་དགོས་ལ། ཀྲི་པུའུ་འཛུགས་སྐྲུན་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ལམ་ལུགས་ཚད་དང་ལྡན་པས་དངོས་འབེབས། ཏང་གི་བརྗོད་དོན་ཉིན་མོ་ཕུན་ཚོགས་གཏིང་ཟབ་བྱས་ནས། ཀྲི་པུའི་ནུས་པ་མུ་མཐུད་ཇེ་དྲག་གཏོང་དགོས། “གནད་དོན་ཁ་ཕྱོགས”འབུར་དུ་ཐོན་དགོས་ལ། ནུས་ཤུགས་ཡོད་རྒུས་རྒྱུན་རྣམ་འབྲས་བཟང་གི་ཕྱོགས་ལ་འབད་པ་བྱ་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་ཀྱིས་ཀྲུང་དབྱང་དང་ཞིང་ཨུའི་སྐོར་ཞིབ་པས་ཕྱིར་སློག་པའི་གནད་དོན་དང་ཚུར་སྣང་བྱས་པའི་གནད་དོན་རྙིང་བ་ཐག་གཅོད་ཡག་པོ་བྱ་དགོས་ལ། ཞིབ་བཤེར་ལྟ་རྟོག་རྒྱུན་འཁྱོངས་ཀྱིས་མུ་མཐུད་འབྱུང་བཞིན་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ཤེས་རྟོགས་དང་ཐག་གཅོད་ཡག་པོ་བྱེད་ཅིང་། མུ་མཐུད་ཐག་གཅོད་དང་ཤེས་རྟོགས་བྱུང་བའི་གནད་དོན་ཁྲོད་ནས་གནད་དོན་ཐག་གཅོད་བྱེད་པར་ཕན་ཡུན་རིང་བའི་ནང་རྐྱེན་འཚོལ་སྙེག་དང་གསར་འཛུགས་བྱ་དགོས། “རྩ་འཛུགས་འགོ་ཁྲིད”འབུར་དུ་ཐོན་དགོས་ལ། ནུས་པ་ཡོད་རྒུས་གཞི་ཚུགས་ནུས་ཐོན་གྱི་ཕྱོགས་ལ་འབད་པ་བྱ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“ཏང་གི་འཛུགས་སྐྲུན་དམ་འཛིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་གྲུབ་འབྲས་ཆེན་མོར”བརྩི་བའི་འདུ་ཤེས་ཇེ་བརྟན་བཏང་ནས། རིམ་པ་ལྟར་འགན་འཁྲིའི་གནོན་ཤུགས་དམ་འཛིན་དང་ལྟ་སྐུལ་ཞིབ་བཤེར་གཟབ་ནན་གྱིས་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས་ཞེས་ནན་གྱིས་བསྟན།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号