ǣ

ལས་བྱེད་པའི་བྱ་བ།

ལས་བྱེད་པའི་སློབ་གསོ།

མདུན་ཤོག > ལས་བྱེད་པའི་བྱ་བ། > ལས་བྱེད་པའི་སློབ་གསོ།

ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྲོལ་ཡིག

ལེའུ་དང་པོ།  སྤྱིའི་རྩ་དོན། 

དོན་ཚན་དང་པོ།ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱ་བ་ཚན་རིག་ཅན་དང་ལམ་ལུགས་ཅན།  ཚད་ལྡན་ཅན་བཅས་སུ་སྐུལ་འདེད་དང་།  བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་གསོ་སྐྱོང་བྱེད་ཆེད།  ཀྲུང་གོ་ཁྲན་ཏང་གི་སྒྲིག་ཡིགདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁང་གི་གཞུང་ཞབས་པའི་བཅའ་ཁྲིམསདང་དེ་མིན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་ལ་ཕབ།

དོན་ཚན་གཉིས་པ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ནི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པའི་སྣེ་ཁྲིད་རང་བཞིན་དང་རྨང་གཞིའི་རང་བཞིན།  འཐབ་ཇུས་རང་བཞིན་བཅས་ཀྱི་ལས་གྲྭ་ཞིག་ཡིན་པས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་དང་ཏང་གི་འཛུགས་སྐྱོང་གསར་བའི་རླབས་ཆེན་ལས་གྲྭ་སྐུལ་འདེད་བྱེད་ཁྲོད་དུ་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་ཡང་ལྡན།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་དོན།  ཏིང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།  ༼མཚོན་བྱེད་གསུམ་༽གྱི་དགོངས་དོན་གལ་ཆེན།   གསོ་སྦྱོང་བྱ་བ་ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས་སློབ་སྟོན་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་གལ་ཆེན་གཏིང་ཟབ་མོས་ལག་ལེན་མཐར་ཕྱིན་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་དང་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ།  ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྱོན་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་བཅས་ཀྱིས་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས།  ཕུགས་འདུན་གྱི་ཡིད་ཆེས་བརྟན་པོ་དང་སྲིད་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།  སྲིད་སྐྱོང་གི་ནུས་པ་མཐོར་འདེགས་གཏོང་རྒྱུ་བཅས་གཙོ་གནད་དུ་བཟུང་སྟེ།  ༼ནན་གསུམ་དྲང་གསུམ་༽གྱི་བླང་བྱ་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བརྒྱུད་རིམ་ཚང་མར་ཁྱབ་པར་བྱེད་པ་དང་།  འདུ་ཤེས་བརྟན་པོ་དང་དམངས་ལ་ཞབས་འདེགས་ཞུ་བ་དང་།  སྲིད་བརྩོན་ལས་གཉེར།  འགན་ཁུར་ཕོད་པ་དང་གཞུང་དྲང་སྤྱོད་གཙང་བཅས་ཀྱི་ལས་བྱེད་པ་བཟང་བོ་གསོ་སྐྱོང་བྱེད་པ་དང་།  སློབ་སྦྱོང་ཅན་དང་ཞབས་ཞུ་ཅན།   གསར་སྐྲུན་ཅན་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་གི་འཛུགས་སྐྲུན་དང་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།  རྒྱལ་ཁབ་བདག་སྐྱོང་གི་མ་ལག་དང་བདག་སྐྱོང་གི་ནུས་པ་སྐུལ་སྤེལ་བཏང་ནས།  མུ་མཐུད་དུ་ཀྲུང་གོའི་ཁྱང་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ཐོབ་པར་བརྩོན་ལེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་བསམ་བློའི་ཆབ་སྲིད་ཀྱི་ཁག་ཐེག་དང་ཤེས་ལྡན་མི་སྣའི་ཁག་ཐེག  བློ་རིག་གི་སྟོབས་ཤུགས་རྒྱབ་སྐྱོར་བཅས་མཁོ་འདོན་བྱ་དགོས།

དོན་ཚན་གསུམ་པ།  སྲོལ་ཡིག་འདི་ཏང་གི་ལས་ཁུངས་དང་དམངས་ཆེན་ལས་ཁུངས།  སྲིད་འཛིན་ལས་ཁུངས།  སྲིད་གྲོས་ལས་ཁུངས།  འདྲི་གཅོད་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས།  དེ་མིན་གཞུང་ཞབས་པའི་བཅའ་ཁྲིམས་ཀྱི་ཁོངས་སུ་བཀོད་པའི་ལས་ཁུངས་གཞན་དག་དང་གཞུང་ཞབས་པའི་བཅའ་ཁྲིམས་གཞིར་བཟུང་ནས་དོ་དམ་བྱེད་པའི་ལས་ཁུངས༼སྡེ་ཁག༽བཅས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བར་སྤྱོད་གོ་ཆོད།

རྒྱལ་དབང་ཁེ་ལས་དང་གཞུང་ཞབས་པའི་བཅའ་ཁྲིམས་ལྟར་དོ་དམ་མི་བྱེད་པའི་ལས་དོན་སྡེ་ཚན་གྱིས་རང་དགར་གྱི་གནས་ཚུལ་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་ལག་བསྟར་བྱ་དགོས།

དོན་ཚན་བཞི་བ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བར་གཤམ་གྱི་རྩ་དོན་བརྩི་སྲུང་བྱ་དགོས་ཏེ།

གཅིགཁྱོན་ཆེན་ལ་ཞབས་འདེགས་བསྒྲུབས་ནས་གང་མཁོ་དེ་ལྟར་སློབ་སྟོན་བྱེད་དགོས།   ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས།  ཏང་དང་རྒྱལ་ཁབ་ལས་དོན་གྱི་འཕེལ་རྒྱས་དགོས་མཁོ་ལ་དམ་པོར་དམིགས་པ་དང་ལས་བྱེད་པའི་ལས་གནས་འགན་འཁྲི་དང་སྐྱོན་བྲལ་ངང་འཕེལ་བའི་དགོས་མཁོ་ཟུང་འབྲེལ་བྱེད་ཅིང་།  སློབ་གསོ་གསོ་སྦྱོང་དར་སྤེལ་བཏང་སྟེ་ཁྱོན་ཡོངས་ནས་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་དགོས།

གཉིསཀུན་སྤྱོད་གཙོར་བཟུང་ནས་ནུས་པ་དོ་སྣང་ཆེན་པོ་བྱེད་དགོས།   ལས་བྱེད་པའི་དཔུང་སྡེ་གསར་བརྗེ་ཅན་དང་ན་གཞོན་ཅན།   ཤེས་ཡོན་ཅན་དང་ཆེད་ལས་ཅན་བཅས་ཀྱི་བྱེད་ཕྱོགས་སུ་ཁྱབ་པར་འཇུག་པ་དང་།   སྤྱོད་ཡོན་ཟུང་ལྡན་དང་ཀུན་སྤྱོད་གཙོར་འཛིན་རྒྱུན་འཁྱོངས་བྱེད་པ།  ཕུགས་བསམ་གྱི་ཡིད་ཆེས་བསམ་པའི་སློབ་གསོ་དང་།   ཏང་གཤིས་དང་ཏང་སྲོལ་ལམ།  ཏང་གི་སྒྲིག་ལམ་བཅས་ཀྱི་སློབ་གསོ་འབུར་དུ་ཐོན་པར་བྱེད་པ་དང་།   ནུས་པའི་སྐྱེད་སྲིང་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བཅུག་སྟེ་ཁྱོན་ཡོངས་ནས་ལས་བྱེད་པའི་སྤྱོད་ཡོན་ཟུང་གི་འགན་འཁྲི་ལག་བསྟར་ནུས་པ་མཐོར་འདེགས་གཏོང་དགོས། 

གསུམརིམ་པ་ཕྱེ་ནས་ལས་བཟོ་བ་ཚང་མ་གསོ་སྦྱོང་བྱེད་དགོས།   ལས་བྱེད་པ་དོ་དམ་གྱི་དབང་ཚད་ལྟར་སློབ་གསོ་གསོ་སྦྱོང་རྩ་འཛུགས་བྱས་ནས་ལག་བསྟར་བྱེད་དགོས།   ཡོངས་ཁྱབ་རང་བཞིན་གྱི་བླང་བྱ་དང་རིགས་དང་རིམ་པ་མི་གཅིག་པ།   ལས་གནས་མི་གཅིག་པའི་ལས་བྱེད་པའི་དམིགས་བསལ་དགོས་མཁོ་བཅས་ཟུང་འབྲེལ་བྱས་ནས།  དམིགས་སའི་རང་བཞིན་ཤུགས་ཆེར་བཏང་སྟེ་ཁྱོན་ཡོངས་ཁེབས་པ་ཁག་ཐེག་ཏན་ཏིག་བྱ་དགོས། 

བཞིདོན་དངོས་ཟུང་འབྲེལ་བྱས་ནས་སྦྱངས་པ་དེ་སྤྱོད་གོ་ཆོད་པར་བྱེད་དགོས།   མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་ཤུགས་ཆེན་གྱིས་དར་སྤེལ་གཏོང་བ་དང་ལྟེ་བའི་བྱ་བར་དམིགས་པ་དང་།   གནད་དོན་ཁྲིད་ཕྱོགས་བྱས་ནས་སློབ་གསོ་གསོ་སྦྱོང་དར་སྤེལ་གཏོང་བ་དང་ལས་བྱེད་པ་སྣེའི་ཁྲིད་དེ་རང་སྣང་གི་འཇིག་རྟེན་སྒྱུར་བཀོད་བྱེད་པ་དང་ཆབས་ཅིག   སྦྱངས་པའི་རིག་པའི་གཞུང་ལུགས་དང་ཤེས་བྱ་བཀོལ་སྤྱད་ནས་ལག་ལེན་དངོས་སློབ་སྟོན་དང་བྱ་བ་སྐུལ་འདེད་གཏོང་དགོས།

ལྔདུས་བསྟུན་མདུན་བསྐྱོད་དང་བཅོས་བསྒྱུར་གསར་སྐྲུན་བྱེད་དགོས།   གནས་བབ་ལས་འགན་གྱི་འཕེལ་རྒྱས་འགྱུར་ལྡོག་ལ་མཐུན་པར་བྱེད་པ་དང་།   ལས་བྱེད་པ་འཚར་ལོངས་འབྱུང་བའི་ཆོས་ཉིད་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཆོས་ཉིད་དང་བཅས་བརྩི་སྲུང་བྱས་ཏེ།   སྒོ་འབྱེད་ཀྱི་སློབ་སྒྲུབ་རྒྱུན་འཁྱོངས་དང་གསོ་སྦྱོང་གི་ནང་དོན་འཐུས་སྒོ་ཚང་བར་གཏོང་བ།  གསོ་སྦྱོང་བྱེད་སྟངས་ལེགས་བཅོས་སུ་གཏོང་བ།  གསོ་སྦྱོང་གི་ཐོན་ཁུངས་གཅིག་བསྡུ་དང་གསོ་སྦྱོང་དཔུང་སྡེ་ལེགས་བསྒྱུར་བྱས་ནས།  མུ་མཐུད་དུ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གཞུང་ལུགས་གསར་སྐྲུན་དང་ལག་ལེན་གསར་སྐྲུན།  ལམ་ལུགས་གསར་སྐྲུན་བཅས་སྐུལ་སྤེལ་གཏོང་དགོས།

དྲུགཁྲིམས་ལྟར་སློབ་ཁྲིད་བདག་སྐྱོང་བྱས་ཏེ་གཟབ་ནན་སྒོས་དོ་དམ་བྱེད་དགོས།   ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཁྲིམས་སྲོལ་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་།   ཁྲིམས་སྲོལ་ལྟར་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དར་སྤེལ་གཏོང་བ་དང་།  སློབ་གྲྭ་དང་སློབ་ཁྲིད།   སློབ་སྦྱོང་བཅས་ཀྱི་བདག་སྐྱོང་གཟབ་ནན་བྱས་ནས་སློབ་ཁྲིད་སྒྲིག་ལམ་དང་སློབ་སྦྱོང་གི་སྲོལ་རྒྱུན་བཟང་བོ་རྒྱུན་སྲུང་བྱེད་དགོས།  

ལེའུ་གཉིས་པ།   དོ་དམ་སྒྲིག་གཞི།

དོན་ཚན་ལྔ་བ། རྒྱལ་ཡོངས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱ་བ་དེ་ཏང་ཀྲུང་དབྱང་གི་འགོ་ཁྲིད་བྱེད་འོག་ཏུ་ལག་ལེན་བྱེད་དགོས་པ་དང་།   ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གཙོ་བདག་བྱེད་ཅིང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་བྱ་བའི་སྡེ་ཁག་གིས་ལས་བགོས་ཀྱི་འགན་འཁུར་བ་དང་།   ཀྲུང་དབྱང་དང་ས་གནས་ཀྱི་རིམ་ཕྱེ་དོ་དམ་གྱི་སྒྲིག་གཞི་ཡིན།

དོན་ཚན་དྲུག་པ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རྒྱལ་ཡོངས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྤྱི་ཁོག་གི་འཆར་འགོད་དང་ལམ་ལུགས་འཛུགས་སྐྲུན།   ཆེ་མཐོང་གི་སློབ་སྟོན། མཐུན་སྦྱོར་ཞབས་ཞུ་དང་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་འགན་ནུས་ལག་བསྟར་བྱེད་དགོས།

རྒྱལ་ཡོངས་ལས་བྱེད་པའི་སློབ་གསོའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འབྲེལ་ཡོད་ཀྱི་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་བྱ་བའི་འགན་འཁུར་དགོས།

   ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་རང་ལས་རིགས་དང་རང་ཁོངས་གཏོགས་ཀྱི་ལས་སྒོའི་གསོ་སྦྱོང་གི་འགན་འཁུར་དགོས།

དོན་ཚན་བདུན་པ།   ས་གནས་རིམ་པ་སོ་སོའི་ཏང་ཨུ་ཡིས་རང་ས་ཁུལ་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་བྱེད་ཕྱོགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱ་བ་དེ་རང་ས་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་བཀོད་ནས་གཅིག་གྱུར་གྱིས་ཞིབ་འཇུག་བཀོད་སྒྲིག་བྱེད་དགོས།

ས་གནས་རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རང་ས་ཁུལ་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་གཙོ་གཉེར་བྱེད་དགོས།   ས་གནས་རིམ་པ་སོ་སོའི་ལས་བྱེད་པའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་དང་ཡང་ན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འབྲེལ་ཡོད་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་འགན་འཁུར་དགོས།

དོན་ཚན་བརྒྱད་པ།  ལས་བྱེད་པ་རང་ཡོད་སའི་ལས་ཁུངས་ཀྱིས་ལས་བྱེད་པ་དོ་དམ་དབང་ཚད་ལྟར་རང་ལས་ཁུངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་རྩ་འཛུགས་དང་ལག་བསྟར་བྱེད་པའི་འགན་འཁུར་དགོས།

ལས་བྱེད་པ་སློབ་གསོ་གསོ་སྦྱོང་དར་སྤེལ་བྱེད་པའི་བྱ་བའི་གནས་ཚུལ་དེ་འགོ་ཁྲིད་ཚན་ཁག་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་བརྩི་དགོས།  ལས་བྱེད་པ་རང་ཡོད་སའི་ལས་ཁུངས་ཀྱིས་གཏན་འབེབས་ལྟར་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འགན་འཁྲི་ལག་བསྟར་མ་བྱས་པ་ལ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་དུས་བཅད་ནང་དག་ཐེར་ལེགས་བཅོས་བྱེད་དུ་འཇུག་པ་མ་ཟད།  ཁྱོན་ངེས་ཅན་ནང་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་རྒྱུ།

དོན་ཚན་དགུ་བ།   ཐད་ཀའི་དོ་དམ་སྡེ་ཁག་གི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་དེ་སྡེ་ཁག་གིས་འགན་འཁུར་དགོས།

དོ་དམ་གཉིས་ཁུར་ལས་ཁུངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱ་བ་དེ་གཙོ་གཉེར་ཕྱོགས་ཀྱིས་འགན་འཁུར་དགོས་པ་དང་།  གྲོས་མོལ་བྱེད་པར་བརྒྱུད་ནས་དོ་དམ་བྱེད་རོགས་ཕྱོགས་ཀྱིས་འགན་ཁུར་ནའང་ཆོག

དོན་ཚན་བཅུ་བ།  ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྡེ་ཁག་གིས་རིམ་པ་འོག་མའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་ཁོངས་མི་སྐོང་འཐེན་བྱས་ནས་གསོ་སྦྱོང་བྱེད་ཆོག་པ་དང་།   འོན་ཀྱང་ངེས་པར་དུ་རིམ་པ་གཅིག་པའི་ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱས་ནས་ཞིང་མཆན་འགོད་དགོས་ཏེ།  ཕྱོགས་མང་པོ་དང་ཡང་བསྐྱར་གསོ་སྦྱོང་མེད་པ་བྱེད་དགོས།

དོན་ཚན་བཅུ་གཅིག་པ།   རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དེའི་འབྲེལ་ཡོད་བྱ་བའི་སྡེ་ཁག་   ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་ཁུངས།   ལས་བྱེད་པ་རང་ཡོད་སའི་ལས་ཁུངས་དང་ལས་བྱེད་པ་རང་ཉིད་བཅས་ཀྱིས་ངེས་པར་དུ་སྲོལ་ཡིག་འདི་གཟབ་ནན་གྱིས་ལག་བསྟར་བྱས་ཏེ།   རང་རྟོགས་ཀྱིས་རྩ་འཛུགས་དང་མང་ཚོགས།   སྤྱི་ཚོགས་བཅས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱ་བ་དང་སྲོལ་ཡིག་འདི་ལག་བསྟར་མཐར་ཕྱིན་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས།   སྲོལ་ཡིག་འདིར་འགལ་བའི་སྤྱོད་ཚུལ་སྔོན་འགོག་དང་ཡོ་བསྲང་བྱེད་པ་མ་ཟད་དེའི་འབྲེལ་ཡོད་འགན་ཁུར་བར་ཐག་གཅོད་བསམ་འཆར་དང་གྲོས་གཞི་འདོན་དགོས།

ལེའུ་གསུམ་པ།   སློབ་གསོ་གསོ་སྦྱོང་གི་བྱ་ཡུལ།

དོན་ཚན་བཅུ་གཉིས་པ། ལས་བྱེད་པར་སློབ་གསོ་གསོ་སྦྱོང་དང་ལེན་བྱེད་པའི་ཁེ་དབང་དང་འོས་འགན་ཡོད།

དོན་ཚན་བཅུ་གསུམ་པ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱ་ཡུལ་ནི་ལས་བྱེད་པ་ཚང་མ་ཡིན་ལ་གཙོ་བོར་རྫོང་རིམ་པ་དང་ཁྲུའུ་རིམ་པ་ཡན་གྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་ཕུལ་བྱུང་ཅན་གྱི་འབྲིང་གཞོན་ལས་བྱེད་པ་དེ་ཡིན།

དོན་ཚན་བཅུ་བཞི་བ། ལས་བྱེད་པས་གནས་ཚུལ་མི་འདྲ་བ་གཞིར་བཟུང་ནས་བབ་མཐུན་གྱི་སློབ་གསོ་གསོ་སྦྱོང་ལ་ཞུགས་དགོས།

གཅིགཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གི་གཅིག་བསྡུས་སྐོར་སྦྱོང་དོན་འཁྱོལ་མཐར་ཕྱིན་བྱེད་དགོས།

གཉིསཏང་གི་རྩ་བའི་གཞུང་ལུགས་དང་ཏང་གཤིས་སློབ་གསོའི་ཆེད་དོན་གསོ་སྦྱོང་།

གསུམགསར་དུ་བསྡུ་ལེནགདན་ཞུབྱེད་པའི་ཐོག་མའི་བསྐོ་སྤྱོད་གསོ་སྦྱོང་།

བཞིའགོ་ཁྲིད་གོ་གནས་ལ་འཕར་བའི་ལས་འགན་འཁུར་བའི་གསོ་སྦྱོང་།

ལྔལས་ཐོག་ན་ཡོད་སྐབས་ཀྱི་ལས་གནས་གསོ་སྦྱོང་།

དྲུགཆེད་གཉེར་རྣམ་གྲངས་ཀྱི་བྱ་བ་གཉེར་བའི་ཆེད་དམིགས་ལས་སྒོའི་གསོ་སྦྱོང་།

བདུནགསོ་སྦྱོང་གཞན་དག

དོན་ཚན་བཅོ་ལྔ་བ།  ཞིང་ཆེན་དང་པུའུ།   ཐིན་དང་རྫོང་ཁྲུའུ་བཅས་རིམ་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་ལོལྔ་རེའི་ནང་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་།   ལས་བྱེད་པའི་སློབ་གླིང་དང་ད་རུང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དོ་དམ་སྡེ་ཁག་གིས་ཁས་ལེན་པའི་གསོ་སྦྱོང་ལས་ཁུངས་གཞན་དག་ཏུ་བསྡོམས་པས་ཟླ་༣དང་ཡང་ན་སློབ་ཁྲིད་ཀྱི་དུས་ཡུན་༥༥༠ཡན་ཆད་ཀྱི་གསོ་སྦྱོང་ལ་ཞུགས་དགསོ།  འགོ་ཁྲིད་ལས་གནས་སུ་ཡར་འཐེན་བྱས་ནས་འགན་ཁུར་བ་དེ་དམིགས་བསལ་གྱི་གནས་ཚུལ་དབང་དངོས་ཡར་འཐེན་བྱེད་སྔོན་དུ་སློབ་གསོ་གསོ་སྦྱོང་གི་བླང་བྱར་བསླེབས་མེད་པ་ལ།   ཡར་འཐེན་བྱས་རྗེས་ཀྱི་ལོ་གཅིག་གི་ནང་དུ་གསོ་སྦྱོང་འགྲུབ་དགོས།   ལས་བྱེད་པ་སློབ་གསོ་གསོ་སྦྱོང་དོ་དམ་སྡེ་ཁག་གིས་འཆར་འགོད་དང་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་དགོས། 

ལས་བྱེད་པ་གཞན་དག་སློབ་གསོ་གསོ་སྦྱོང་ལ་ཞུགས་པའི་དུས་ཚོད་དེ་འབྲེལ་ཡོད་གཏན་འབེབས་དང་བྱ་བའི་དགོས་མཁོ་གཞིར་བཟུང་ནས་གཏན་འཁེལ་བྱེད་པ་དང་།   ལོ་རེ་བསྡོམས་པས་ཉིན༡༩དང་ཡང་ན་སློབ་ཁྲིད་དུས་ཡུན་༩༠ལས་ཉུང་མི་རུང་།

དོན་ཚན་བཅུ་དྲུག་པ།   ལས་བྱེད་པས་ངེས་པར་དུ་སློབ་གསོ་གསོ་སྦྱོང་གི་སྒྲིག་སྲོལ་ལམ་ལུགས་གཟབ་ནན་སྒོས་བརྩི་སྲུང་བྱེད་པ་དང་།   སློབ་གསོ་གསོ་སྦྱོང་དང་སྤྱོད་གཙང་རང་གཅུན་གཏན་འབེབས་ཚང་མ་གཟབ་ནན་གྱིས་བརྩི་སྲུང་བྱས་ནས་གཏན་འབེབས་བྱས་པའི་སློབ་གསོ་གསོ་སྦྱོང་གི་ལས་འགན་འགྲུབ་པར་འཇུག་དགོས།

ལས་བྱེད་པ་རྒྱུ་རྐྱེན་ག་གེ་མོའི་དབང་གིས་གཏན་འབེབས་ལྟར་སློབ་གསོ་གསོ་སྦྱོང་ལ་ཞུགས་མ་ཐུབ་པའམ་ཡང་ན་སློབ་གསོ་གསོ་སྦྱོང་གི་བླང་བྱར་བསླེབས་མ་ཐུབ་ཚེ་དུས་ཐོག་ཏུ་གསབ་སྦྱོང་བྱ་དགོས།  ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་ཚད་གཞིར་མ་ལོངས་ཚེ་ལོ་འཁོར་གྱི་དཔྱད་ཞིབ་རིམ་པ་ཕུལ་བྱུང་དུ་གཏན་འཁེལ་བྱེད་མི་ཆོག  ལུགས་མཐུན་རྒྱུ་མཚན་མེད་པར་སློབ་གསོ་གསོ་སྦྱོང་ལ་མི་ཞུགས་པ་ལ་སྐྱོན་བརྗོད་སློབ་གསོ་བྱེད་པ་དང་ཡང་ན་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་རྒྱུ།   ལས་བྱེད་པས་མི་བདེན་རྫུན་བཟོའི་སྒོ་ནས་གསོ་སྦྱོང་བརྒྱུད་རིམ་དང་།  སློབ་གཉེར་བརྒྱུད་རིམ་དང་ཡང་ན་ཤེས་ཡོན་གྱི་མིང་བཏགས་ཐོབ་པ་ལ་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་གཟབ་ནན་བྱེད་རྒྱུ།

དོན་ཚན་བཅུ་བདུན་པ།  ལས་བྱེད་པ་རྩ་འཛུགས་ཀྱིས་བདམས་མངག་བྱས་ནས་ལས་བྲལ་སློབ་གསོ་གསོ་སྦྱོང་ལ་ཞུགས་སྐབས་སུ།  སྤྱིར་བཏང་ལས་གནས་སུ་ཡོད་པའི་ཕོགས་ཐོབ་འདྲ་མཚུངས་ལོངས་སུ་སྤྱོད་ཆོག་པ་དང་།   སྤྱིར་བཏང་དུ་རང་ཡོད་སའི་ལས་ཁུངས་ཀྱི་རྒྱུན་ལྡན་བྱ་བ་དང་རྒྱལ་ཁོངས་ཕྱི་རུ་སོང་ནས་རྟོག་ཞིབ་སོགས་ཀྱི་ལས་འགན་ཁུར་མི་དགོས།  དམིགས་བསལ་ལ་གནས་ཚུལ་གྱི་དབང་གིས་དགོངས་ཞུ་བྱེད་དགོས་པ་ལ་ངེས་པར་དུ་གཟབ་ནན་སྒོས་འགྲོ་ལུགས་བསྒྲུབ་དགོས།

དོན་ཚན་བཅོ་བརྒྱད་པ།  ལས་བྱེད་པ་རང་ཉིད་སྤྱི་ཚོགས་ཅན་གྱི་གསོ་སྦྱོང་ལ་ཞུགས་པའི་འགྲོ་གྲོན་ཚང་མ་རང་གིས་འཁུར་དགོས་ཤིང་།   ནོར་སྲིད་འགྲོ་སོང་དང་ལས་ཁུངས་ཀྱི་འགྲོ་སོང་ནང་རྩིས་ཞུ་རྒྱག་མི་ཆོག་ལ།  ལས་ཁུངས་གང་དང་མི་གཞན་གྱིས་རོགས་དངུལ་དང་ཐབས་བསྒྱུར་རོགས་དངུལ་ལེན་མི་ཆོག

ལེའུ་བཞི་བ་སློབ་གསོ་གསོ་སྦྱོང་གི་ནང་དོན།

དོན་ཚན་བཅུ་དགུ་བ།  ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱེད་པར་ཕུགས་བསམ་གྱི་འདུ་ཤེས་དང་ཏང་གཤིས་བློ་སྦྱོང་།  ཆབ་སྲིད་ཀྱི་གཞུང་ལུགས།  སྲིད་ཇུས་དང་ཁྲིམས་སྲོལ།  ཀུན་སྤྱོད་གཤིས་རྒྱུད་བཅས་ཀྱི་སློབ་གསོ་གསོ་སྦྱོང་རྒྱུན་འཁྱོངས་བྱེད་པ་གཙོ་གནད་དུ་འཛིན་པ་མ་ཟད།  ལས་སྒོའི་ཤེས་བྱ་དང་ཚན་རིག་གི་མི་ཆོས་བྱང་ཚད་སོགས་ཕྱོགས་ཀྱི་སློབ་གསོ་གསོ་སྦྱོང་དོ་སྣང་བྱས་ཏེ་ཁྱོན་ཡོངས་ནས་ལས་བྱེད་པའི་སྦྱོང་བརྡར་ཐེབས་ཚད་དང་ནུས་པ་མཐོང་འདེགས་གཏོང་དགོས།

དོན་ཚན་ཉི་ཤུ་བ།  ཆབ་སྲིད་གཞུང་ལུགས་ཀྱི་སློབ་གསོའི་ཕྱོགས་སུ་གཙོ་བོར་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་དོན།  ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།༼མཚོན་བྱེད་གསུམ༽གྱི་དགོངས་དོན་གལ་ཆེན།   ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་སྙིང་དོན་གྱི་སློབ་གསོ་གསོ་སྦྱོང་དར་སྤེལ་གཏོང་བ་དང་།   ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ།   ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས།  རྒྱལ་ཁབ་གནས་བབ་སོགས་ཀྱི་སློབ་གསོ་གསོ་སྦྱོང་ཤུགས་ཆེར་གཏོང་བ་དང་།   ལས་བྱེད་པ་སྣེ་འཁྲིད་དེ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཐུན་མོང་གི་ཕུགས་བསམ་བརྟན་པོར་གཏོང་བ་དང་།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་གཞུང་ལུགས།  ལམ་ལུགས་བཅས་ཡིད་ཆེས་ཡོད་པ་ཤུགས་ཆེར་གཏོང་བ་དང་།  མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་ཚུལ།  བྱེད་ཐབས་བཅས་སྤྱད་ནས་དོན་དངོས་གནད་དོན་དབྱེ་ཞིབ་དང་ཐག་གཅོད་པའི་ནུས་པ་མཐོར་འདེགས་བཏང་སྟེ།   བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་འགོ་ཁྲིད་པའི་ནུས་པ་ཤུགས་ཆེར་གཏོང་དགོས།

ཏང་ཡོན་ལས་བྱེད་པར་ངེས་པར་དུ་ཏང་གཤིས་ཀྱི་སློབ་གསོར་ཤུགས་བསྣན་ནས།  ཏང་སྲོལ་དང་ཏང་གི་སྒྲིག་ལམ།   ཏང་གི་སྲོལ་རྒྱུན་བཟང་བོ་དང་ཏང་སྲོལ་སྲིད་གཙངའཛུགས་སྐྲུན་བཅས་ཀྱི་སློབ་གསོ་གསོ་སྦྱོང་སྤེལ་བ་དང་།  ཏང་ཡོན་ལས་བྱེད་པ་སྣེ་འཁྲིད་དེ་ཏང་གི་འདུ་ཤེས།  འགན་འཁྲིའི་འདུ་ཤེས་དང་ལུགས་སྲོལ་འདུ་ཤེས་བཅས་ཤུགས་ཆེར་བཏང་སྟེ།   ཏང་ལ་བློ་དཀར་ཞིང་རང་ཉིད་གཙང་དག་ཡིན་པ་དང་འགན་ཁུར་ཕོད་པ་བཅས་བྱེད་དགོས།

ཏང་ཕྱིའི་ལས་བྱེད་པ་ལའང་དེའི་ཁྱད་ཆོས་གཞིར་བཟུང་ནས་དེར་བསྟུན་གྱིས་ཆབ་སྲིད་གཞུང་ལུགས་ཀྱི་སློབ་གསོ་སྤེལ་དགོས།  

དོན་ཚན་ཉེར་གཅིག་པ།  སྲིད་ཇུས་ཁྲིམས་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སློབ་གསོར་ཤུགས་སྣོན་པ་དང་།   ཏང་ཀྲུང་དབྱང་གི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྱོང་།   རིག་གནས་འཛུགས་སྐྱོང་།  སྤྱི་ཚོགས་འཛུགས་སྐྲུན།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྱོང་སོགས་ཕྱོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཆེན་པོའི་གསོ་སྦྱོང་སྤེལ་ཏེ།  ལས་བྱེད་པའི་ཚན་རིག་གི་སྲིད་སྲིད་དང་དམངས་གཙོའི་སྲིད་སྐྱོང་།   ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།

སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སློབ་གསོ་སྤེལ་ཏེ་ལས་བྱེད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་རྒྱལ་ཁབ་བདེ་འཇགས་འཛུགས་སྐྱོང་གི་འཇོན་ཐང་སྐུལ་འདེད་གཏོང་དགོས།

དོན་ཚན་ཉེར་གཉིས་པ།  ལས་སྒོའི་ཤེས་བྱ་གསོ་སྐྱོང་ཕྱོགས་སུ་ལས་བྱེད་པའི་ལས་གནས་ཀྱི་ཁྱད་ཆོས་དང་བྱ་བའི་བླང་བྱ་གཞིར་བཟུང་ནས།  དམིགས་ས་ཡོད་པའི་སྒོ་ནས་ལས་གནས་འགན་འཁྲི་མཁོ་བའི་ཤེས་བྱའི་གསོ་སྦྱོང་དར་སྤེལ་དང་ལག་བསྟར་བྱེད་དགོས་ཤིང་།  ཤེས་བྱ་གསར་བ་དང་ནུས་རྩལ་གསར་བ་སྣ་འཛོམས་ཀྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་།  ལས་བྱེད་པར་རོགས་རམ་བྱས་ནས་ཆེད་ལས་བྱང་ཚད་དང་དོན་དངོས་ཀྱི་བྱ་བའི་ནུས་པ་མཐོར་འདེགས་གཏོང་དགོས།

དོན་ཚན་ཉེར་གསུམ་པ། ཚན་རིག་གི་མི་ཆོས་བྱང་ཚད་ཀྱི་སློབ་གསོའི་ཕྱོགས་སུ་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་བའི་བླང་བྱ་ལྟར།   ཚད་མ་རིག་པ་དང་ལོ་རྒྱུས།  ཚན་རྩལ།   རྩོམ་རིག  སྒྱུ་རྩལ་དང་དམག་དོན།  ཕྱི་འབྲེལ།  མི་རིགས།   ཆོས་ལུགས།  གསར་སྲུང་དང་སེམས་ཁམས་བདེ་ཐང་སོགས་ཕྱོགས་ཀྱི་སློབ་གསོ་གསོ་སྦྱོང་སྤེལ་ཏེ།  ལས་བྱེད་པར་རོགས་བྱས་ཤེས་བྱ་གསར་སྒྱུར་བྱེད་པ་དང་ཤེས་བྱ་ལེགས་སྒྱུར་བྱེད་ཅིང་མིག་གི་མཐོང་རྒྱ་རྒྱ་བསྐྱེད་གཏོང་དགོས།

 

ལེའུ་ལྔ་བ།  སློབ་གསོ་གསོ་སྦྱོང་གི་བྱེད་སྟངས་བྱེད་ཐབས།

དོན་ཚན་ཉེར་བཞི་བ།ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཕྱོགས་སུ་ལས་བྲལ་གསོ་་སྦྱོང་དང་ཏང་ཨུཏང་ཙུའུལྟེ་བའི་ཚན་ཆུང་གི་སློབ་སྦྱོང་།   དྲ་རྒྱའི་གསོ་སྦྱོང་དང་ལས་གནས་སུ་རང་སྦྱོང་གི་བྱེད་སྟངས་སྤྱད་ནས་བསྒྲུབ་དགོས།

དོན་ཚན་ཉེར་ལྔ་བ།  ལས་བྲལ་གསོ་སྦྱོང་གི་ཕྱོགས་སུ་རྩ་འཛུགས་ཀྱིས་གསོ་སྦྱོང་ལེགས་སྒྲིག་བྱེད་པ་གཙོར་བྱེད་དགོས།  ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་དོ་དམ་སྡེ་ཁག་གིས་ལས་བྱེད་པའི་གསོ་སྦྱོང་ལེགས་སྒྲིག་གི་འཆར་གཞི་འགན་ཁུར་ནས་གཏན་འབེབས་བྱེད་པ་དང་།   ལས་བྱེད་པ་བདམས་འཐེན་བྱས་ནས་ལས་བྲལ་གསོ་སྦྱོང་དུ་ཞུགས་ཏེ་ལས་གནས་གཙོ་བོའི་ལས་བྱེད་པར་མིང་བཏོན་ནས་གསོ་སྦྱོང་ལེགས་སྒྲིག་བྱེད་ཆོག  ལས་བྱེད་རང་ཡོང་སའི་ལས་ཁུངས་ཀྱིས་འཆར་གཞི་ལྟར་གསོ་སྦྱོང་ལེགས་སྒྲིག་གི་ལས་འགན་འགྲུབ་ཏུ་འཇུག་དགོས་ཤིང་ལས་བྱེད་པས་ངེས་པར་དུ་རྩ་འཛུགས་ཀྱི་གསོ་སྦྱོང་ལེགས་སྒྲིག་དང་ལེན་བྱེད་དགོས།

དོན་ཚན་ཉེར་དྲུག་པ།   ཏང་ཨུཏང་ཙུའུལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས།   ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཕྱོགས་སུ་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས།  བྱེད་ཕྱོགས་སྲིད་ཇུས་བཅས་གཞི་རྩའི་ནང་དོན་བྱས་ཏེ།  རང་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱེད་པའི་རྨང་གཞིའི་ཐོག་དུས་ཚིགས་རེར་ཉུང་མཐར་ཐེངས་༡ལ་ཐུན་མོང་གིས་ཞིབ་འཇུག་དང་གྲོས་བསྡུར་བྱ་དགོས། 

དོན་ཚན་ཉེར་བདུན་པ།  དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་གང་ལེགས་བྱེད་པ་དང་དྲ་རྒྱའི་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།  ཀུན་འདུས་དང་སྒོ་འབྱེད།   མཉམ་སྤྱོད་དང་ཚད་ལྡན་བཅས་ཀྱི་ལས་བྱེད་པའི་དྲ་རྒྱའི་གསོ་སྦྱོང་མ་ལག་གསར་འཛུགས་བྱེད་དགོས།   ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སློབ་ཁྲིད་དང་ཆ་འཕྲིན་ཅན་དོ་དམ་གྱི་ཆུ་ཚད་མཐོར་འདེགས་བཏང་ནས།   གྲངས་འཛིན་ཆེན་པོ་དང༼འབྲེལ་མཐུད་དྲ་བ+༽སོགས་ཀྱི་ལག་རྩལ་བྱེད་ཐབས་ལེགས་པོར་སྤྱོད་དགོས།

དོན་ཚན་ཉེར་བརྒྱད་པ། ལས་བྱེད་པར་རང་ལས་གནས་སུ་རང་སྦྱོང་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།  ལས་བྱེད་པ་རང་ཡོད་སའི་ལས་ཁུངས་ཀྱིས་ལས་གནས་སུ་རང་སྦྱོང་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་དགོས་པ་མ་ཟད།  དགོས་ངེས་ཀྱི་ཆ་རྐྱེན་མཁོ་འདོན་བྱ་དགོས།

དོན་ཚན་ཉེར་དགུ་བ།  མངའ་ཁོངས་ཕྱིའི་གསོ་སྦྱོང་བྱ་བ་གཟབ་ནན་གྱིས་ཚད་ལྡན་དང་ལེགས་བཅོས་གཏོང་དགོས།  ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་དོ་དམ་སྡེ་ཁག་གིས་བྱ་བའི་དགོས་མཁོ་གཞིར་བཟུང་ནས།   གཙོ་གནད་འབུར་ཐོན་དང་ཕན་འབྲས་དོ་སྣང་ཆེན་པོ་བྱེད་པ།  གསོ་སྦྱོང་བྱ་ཡུལ་བཟང་གྲས་བདམས་མངག་བྱེད་པ་དང་གསོ་སྦྱོང་ལས་ཁུངས་ལུགས་མཐུན་གྱིས་གཏན་ཁེལ་བྱས་ནས།  གསོ་སྦྱོང་གི་བྱ་རིམ་དོ་དམ་དང་གྲུབ་འབྲས་གདེང་འཇོག་གཟབ་ནན་བྱེད་དགོས།

དོན་ཚན་སུམ་བཅུ་བ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཕྱོགས་སུ་ནང་དོན་གྱི་བླང་བྱ་དང་ལས་བྱེད་པའི་ཁྱད་ཆོས་གཞིར་བཟུང་ནས།  སློབ་ཁྲིད་ཀྱི་མ་དཔེ་དང་ཞིབ་འཇུག་གྲོས་བསྡུར་གྱི་མ་དཔེ།  གྱོད་དོན་དཔེ་མཚོན་གྱི་མ་དཔེ།  ལད་ཟློས་ཀྱི་མ་དཔེ་དང་ཉམས་ལེན་གྱི་མ་དཔེ་སོགས་སློབ་ཁྲིད་བྱེད་ཐབས་མཉམ་དུ་བཀོལ་སྤྱོད་བྱས་ནས།  འཆད་སློབ་ཟུང་འཕེལ་དང་སློབ་པ་ཟུང་འཕེལ་མངོན་འགྱུར་བྱེད་དགོས།

ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས།

 

ལེའུ་དྲུག་པ།  སློབ་གསོ་གསོ་སྦྱོང་གི་ལས་ཁུངས།

 

དོན་ཚན་སུམ་ཅུ་སོ་གཅིག་པ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས།   ལས་བགོས་གསལ་བོ་དང་བཟང་ཆ་ཕན་ཚུན་གསབ་རེས།  བཀོད་སྒྲིག་བྱེད་ཚུལ་བབ་མཐུན་དང་འགྲན་རྩོད་སྒྲིག་ཡོད་བཅས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱི་མ་ལག་འཛུགས་སྐྱོང་བྱེད་དགོས།   ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་།   ལས་བྱེད་པའི་སློབ་གླིང་བཅས་ཀྱིས་ལས་བྱེད་པའི་གསོ་སྦྱོང་ཁྲོད་ཀྱི་འབྲེལ་ལམ་གཙོ་བོ་དང་བརྩོན་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང་འཛུགས་སྐྲུན་ཤུགས་ཆེར་གཏོང་དགོས།

དོན་ཚན་སོ་གཉིས་པ།  ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་།   ལས་བྱེད་པའི་སློབ་གླིང་དང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས་གནས་ཐིག་གཏན་ཁེལ་རྒྱུན་འཁྱོངས་བྱེད་པ་དང་སློབ་བསྒྲུབ་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས་འགན་ནུས་ཀྱི་ལས་བགོས་ལྟར་ལས་བྱེད་པའི་སློབགསོ་གསོ་སྦྱོང་བྱ་བ་དར་སྤེལ་གཏོང་དགོས།

སྡེ་ཁག་དང་ལས་རིགས་ཁོངས་གཏོགས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱིས་རང་གི་འགན་འཁྲི་ལྟར་ཆེད་ལས་ཅན་གྱི་སློབ་སྒྲུབ་ཆུ་ཚད་མཐོ་རུ་བཏེགས་ནས།  རང་སྡེ་ཁག་དང་ལས་རིགས་དེ་དང་ཁོངས་གཏོགས་དེའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་ལེགས་པོར་བསྒྲུབ་དགོས།

ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་དོ་དམ་སྡེ་ཁག་གིས་ཆ་རྐྱེན་མཐུན་པའི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་སློབ་གླིང་།  སྤྱི་ཚོགས་གསོ་སྦྱོང་ལས་ཁུངས་སོགས་ལ་མངགས་བཅོལ་བྱས་ནས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་ལས་འགན་ཁུར་ལེན་བྱེད་ཆོག

ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་ལས་ཁུངས་སྣ་རིགས་ཀྱིས་མཉམ་འབྲེལ་སྤེལ་རེས་བྱེད་པར་ཤུགས་སྣོན་པ་དང་མཉམ་འབྲེལ་སློབ་སྒྲུབ་སོགས་བྱེད་སྟངས་བརྒྱུད་ནས།   ཐོན་ཁུངས་ལེགས་བསྒྱུར་དང་བཀོད་སྒྲིག་སྐུལ་འདེད་གཏོང་བ་དང་སློབ་གྲྭ་སྒྲུབ་ཤུགས་དང་དངོས་ཤུགས་ཆསེ་རུ་གཏོང་དགོས།

ལས་ཡུལ་དངོས་ཀྱི་སློབ་ཁྲིད་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།   གཅིག་གྱུར་འཆར་འགོད་དང་ཚད་ལྡན་སྒོས་དོ་དམ་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་འདེགས་དགོས།

དོན་ཚན་སོ་གསུམ་པ།  ལས་བྱེད་པ་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱིས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱེད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་ལེན་མཐར་ཕྱིན་བྱེད་དགོས།   གཏན་འབེབས་དང་འགལ་བ་ལ་ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་དོ་དམ་སྡེ་ཁག་གིས་བཀའ་ཕབ་ནས་དུས་བཅད་ནང་དག་ཐེར་ལེགས་བཅོས་བྱ་དགོས་ཤིང་།   དུས་བཅད་ལས་འདའ་བར་ལེགས་བཅོས་མི་བྱེད་པ་ལ་བརྡ་ཁྱབ་ཏང་ནས་སྐྱོན་བརྗོད་བྱེད་པ་དང་།   གནད་དོན་ཚབས་ཆེན་ཡིན་པ་ལ་འབྲེལ་ཡོད་སྡེ་ཁག་གིས་གཙོ་འགན་ཁུར་བའི་འགོ་ཁྲིད་མི་སྣ་དང་སྒྲིག་ཁྲིམས་ཀྱི་ཆད་གཅོད་བྱེད་རྒྱུ།

དོན་ཚན་སོ་བཞི་བ།   སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱིས་སློབ་ཁྲིད་ལྟ་བར་བྱས་ནས་སློབ་ཁྲིད་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སློབ་གསོའི་ནང་དོན་འཐུས་ཚང་དུ་གཏོང་བ།  ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྦྱོང་སྤེལ་གྲངས་དང་སློབ་ཡུན་བཀོད་སྒྲིག་བྱེད་པ་དང་ཚན་རིདག་གི་སྒྲིག་གཞི་ལེགས་སྒྱུར་བྱེད་པ།  སློབ་ཚན་ཇུས་འགོད་ལེགས་བཅོས་གཏོང་བ་དང་སློབ་ཁྲིད་བྱེད་ཐབས་གསར་སྐྲུན་བྱས་ནས་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།

དོན་ཚན་སོ་ལྔ་བ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱི་འགོ་ཁྲིད་ཚན་རིག་གི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་གཏོང་དགོས།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྨང་གཞི་ཅུང་བཟང་ལ་གནས་བབ་ལེགས་པོ་གཟེངས་སུ་ཐོན་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ལེགས་པོར་བསྒྲུབ་པ་རྒྱུན་འཁྱོངས་བྱས་ནས།  སློབ་སྒྲུབ་ཀྱི་ནུས་པ་དང་ཆ་རྐྱེན་མི་ལྡན་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ལེགས་སྒྲིག་དང་དག་ཐེར་བྱེད་དགོས།

དོན་ཚན་སོ་དྲུག་པ།   ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱི་ཞུགས་འཐུས་ལམ་ལུགས་ལག་བསྟར་བྱེད་དགོས། 

ཕྱོགས་སུ་ནང་དོན་གྱི་བླང་བྱ་དང་ལས་བྱེད་པའི་ཁྱད་ཆོས་གཞིར་བཟུང་ནས།  སློབ་ཁྲིད་ཀྱི་མ་དཔེ་དང་ཞིབ་འཇུག་གྲོས་བསྡུར་གྱི་མ་དཔེ།   ལད་ཟློས་ཀྱི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་།  སྤྱི་ཚོགས་གསོ་སྦྱོང་ལས་ཁུངས་ནས་ངེས་པར་དུ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་འགན་ཁུར་ནས་ངེས་པར་དུ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དོ་དམ་སྡེ་ཁག་གི་བབ་ཐོབ་ངོས་ཐོབ་དགོས།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དོ་དམ་སྡེ་ཁག་གིས་བབ་མཐུན་གྱི་ཞུགས་འཐུས་ཚད་གཞི་གཏན་འབེབས་དང་ཁྱབ་སྒྲོག་བྱེད་དགོས།  ལས་བྱེད་པ་རྩ་འཛུགས་བྱས་ནས་བབ་ཐོབ་མེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་སུ་གསོ་སྦྱོང་བྱེད་མི་ཆོག

ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཚོང་ར་གསོ་སྐྱོང་དང་ཚད་ལྡན་དུ་བཏང་ནས།  སློབ་གསོ་གསོ་སྦྱོང་ལས་ཁུངས་སྣེ་ཁྲིད་དང་སྐུལ་འདེད་བཏང་ནས་ཧུར་ཐག་གིས་ཞུགས་པ་དང་ཚད་ལྡན་ངང་འཁོར་སྐྱོད་བྱེད་པ།  ཞབས་ཞུ་ལེགས་སྒྱུར་དང་སྤུས་ཚད་མཐོར་འདེགས་བཅས་བཏང་སྟེ།   རིམ་བཞིན་ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་གཙོ་གཉེར་ལས་ཁུངས་ཀྱིས་སློབ་སྟོན་བྱས་ནས་ཡོངས་གྲངས་འདྲ་མཉམ་དང་འགྲན་རྩོད་སྒྲིག་ཡོད།  ནང་དུ་འགྲོ་ཐུབ་ལ་ཕྱིར་ཡང་འབུད་ཐུབ་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཚོང་རའི་ནང་རྐྱེན་འགྲུབ་ཏུ་འཇུག་དགོས།  ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་དངུལ་བསྡུའི་ཚད་གཞི་ཚད་ལྡན་དུ་བཏང་སྟེ་ལས་བྱེད་པ་སློབ་གསོ་གསོ་སྦྱོང་བྱེད་པར་ཁ་གཡར་ནས་ཚུལ་མིན་གྱི་ཁེ་ཕན་ལེན་པ་གཏན་འགོག་བྱེད་དགོས། 

དོན་ཚན་སོ་བདུན་པ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་གཞིའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས།  ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་དོ་དམ་སྡེ་ཁག་གིས་ཐད་ཀར་མངག་བཅོལ་དང་སུས་འཇོན་དེ་འགུག   སུ་འཇོན་དེ་ལེན་སོགས་ཀྱི་བྱེད་ཐབས་སྤྱད་ནས་སློབ་གསོ་གསོ་སྦྱོང་གི་འགན་འཁུར་བའི་སློབ་གསོ་གསོ་སྦྱོང་གི་ལས་ཁུངས་གཏན་ཁེལ་བྱེད་ཆོག 

དོན་ཚན་སོ་བརྒྱད་པ།  ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་དོ་དམ་དཔུང་སྡེ་འཛུགས་སྐྱོང་དང་སྐྱེད་སྲུང་ལ་ཤུགས་སྣོན་རྒྱག་པ་དང་།   གཟབ་ནན་སྒོས་དོ་དམ་བྱེད་པ།   ཕན་ཚུན་སྤེལ་རེས་སྐུལ་སྤེལ་གཏོང་ཞིང་སྒྲིདག་གཞི་ལེགས་བསྒྱུར་བྱས་ནས་བྱང་ཚད་མཐོར་འདེགས་གཏོང་དགོས།

ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གཞུང་ལུགས་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ།

 

ལེའུ་བདུན་པ།   དགེ་རྒན་དང་སློབ་ཚན།   སློབ་གཞི་དང་འགྲོ་གྲོན།

དོན་ཚན་སོ་དགུ་བ།  ཆབ་སྲིད་ཐོག་ཚད་ལོན་པ་དང་བྱང་ཚད་ཕུལ་བྱུང་ཡིན་པ།   གཞི་ཁྱོན་འོས་འཚམ་ཡིན་པ།   སྒྲིག་གཞི་ལུགས་མཐུན་ཡིན་པ་དང་ཆེད་ལས་གཅིག་ལྕོགས་ཟུང་འབྲེལ་ཡིན་པ་བཅས་ཀྱི་རྩ་དོན་ལྟར།  བྱང་ཚད་མཐོ་བའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བྱེད་དགོས།

དོན་ཚན་བཞི་བཅུ་བ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱ་བ་གཉེར་པའི་དགེ་རྒན་དེ་ངེས་པར་དུ་ཏང་ལ་བློ་དཀར་ཞིང་ཆབ་སྲིད་ཀྱི་ལོངས་ཕྱོགས་པ།  སྒྲིག་ལམ་ནན་སྲུང་དང་སློབ་གཉེར་གཟབ་ནན་བཅས་ཡིན་དགོས་པ་ལས།   ལས་རིགས་ཀྱི་ཀུན་སྤྱོད་དང་བློ་རིག་བཟང་བོ།  དངོས་གནས་ཀྱི་ཆེད་ལས་ཤེས་བྱའི་རྨང་གཞི་ཡོད་པ།  དོན་དངོས་ཀྱི་བྱ་བའི་ཉམས་མྱོང་ངེས་ཅན་ལྡན་པ།  དེང་རབས་ཀྱི་སློབ་གསོ་གསོ་སྦྱོང་གི་གཞུང་ལུགས་དང་བྱེད་ཐབས་ཁོང་དུ་ཆུད་ཅིང་།   འཆད་ཁྲིད་ཀྱི་འགན་ཁུར་ཐུབ་པ་དང་ཚན་ཞིབ་བྱ་བའི་ནུས་པ་བཅས་ལྡན་དགོས།

དོན་ཚན་ཞེ་གཅིག་པ།   ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་བྱ་བ་གཉེར་བའི་དགེ་རྒན་ཞིག་ཡིན་ཕྱིན་དོན་དངོས་ཟུང་འབྲེལ་བྱས་ནས་སློབ་ཁྲིད་སྤེལ་ཏེ།  འབེན་སར་མདའ་འཕེན་པ་དང་སྟོང་བཤད་མི་བྱེད་པ་དང་འཆད་སྟེགས་སྒྲིག་ལམ་ནན་སྲུང་བྱས་ནས།   ཏང་གི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་སོགས་ལ་འགལ་བ་དང་ཀྲུང་དབྱང་གི་གཏན་འབེབས་དང་འགལ་བའི་ནོར་འཁྲུལ་ལྟ་བ་བརྒྱུད་སྒྲོག་བྱེད་མི་ཆོག་འཆད་འཁྲིད་སྒྲིག་ལམ་དང་འགལ་དང་འགལ་བ་ལ་སྐྱོན་བརྗོད་དང་སློབ་གསོ་བྱེད་པ་མ་ཟད་སྒྲིག་ཁྲིམས་ཐོག་ཆད་པ་གཅོད་རྒྱུ།

དོན་ཚན་ཞེ་གཉིས་པ།  ཆེད་གཉེར་དགེ་རྒན་ལས་འགན་གྱི་གདན་ཞུས་ལས་བསྐོས་དང་ལས་འགན་འགྲན་རྩོད་ལས་ལུགས་ལག་བསྟར་བྱེད་པ་དང་།  དཔྱད་ཞིབ་དང་བྱ་དགའ་ཆད་གཅོད།   སློབ་གསོ་གསོ་སྦྱོང་བྱེད་པ་བཅས་བརྒྱུད་ནས།   ཆེད་གཉེར་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་དགོས།

ཆེད་གཉེར་དགེ་རྒན་གྱི་ཤེས་བྱ་གསར་སྒྱུར་ནང་རྐྱེན་དང་ལག་ལེན་སྦྱོང་བརྡར་ལམ་ལུགས་བཙུགས་ནས་ཆེད་གཉེར་དགེ་རྒན་ལོ་རེར་སློབ་གསོ་གསོ་སྦྱོང་ལ་ཞུགས་པའི་དུས་ཚོད་བསྡོམས་པས་ཟླ༡ལས་ཉུང་མི་རུང་།  རིམ་བཞིན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཁྱད་ཆོས་དང་མཐུན་པའི་དགེ་རྒན་དཔུང་སྡེ་དཔྱད་ཞིབ་གདེང་འཇོག་གི་མ་ལག་གསར་འཛུགས་བྱེད་དགོས།

དོན་ཚན་ཞེ་གསུམ་པ།  བསམ་བློའི་ཆབ་སྲིད་ཀྱི་འདུ་ཤེས་བརྟན་མོ་དང་ལག་ལེན་དངོས་ཀྱི་ཉམས་མྱོང་ལྡན་པ།   གཞུང་ལུགས་ཀྱི་ཆུ་ཚད་ཅུང་མཐོ་བའི་འགོ་ཁྲིད་ལས་བྱེད་པ།   ཁེ་ལས་གཉེར་བའི་དོ་དམ་མི་སྣ།  ཆེད་ལས་མཁས་པ་དང་སྔོན་ཐོན་གྱི་དཔེ་སྟོན་མི་སྣ།   གཞི་རིམ་གྱི་ཕུལ་བྱུང་ལས་བྱེད་པ་བཅས་གདན་ཞུ་བྱས་ནས་གཅིག་ལྕོགས་དགེ་རྒན་གྱི་འགན་ཁུར་ཏེ་གཅིག་ལྕོགས་དགེ་རྒན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

འགོ་ཁྲིད་ལས་བྱེད་པ་འཆད་སྟེགས་སུ་འབུད་པའི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།   རྫོང་རིམ་པ་ཡན་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་འགོ་ཁྲིད་ནས་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་།   ལས་བྱེད་པའི་སློབ་གླིང་།  སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང་དང་མཐོ་རིམ་སློབ་གྲྭ་བཅས་སུ་དཔེ་ཁྲིད་བྱེད་དགོས།

དོན་ཚན་ཞེ་བཞི་བ།  ཀྲུང་དབྱང་རྩ་འཛུགས་དང་ཞིང་ཆེན་སོ་སོ།  རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དགེ་དཔུང་མིང་མཛོད་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།  ཆ་རྐྱེན་ལྡན་པའི་ས་ཁུལ་དང་སྡེ་ཁག་གིས་བྱ་བའི་དགོས་མཁོ་གཞིར་བཟུང་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དགེ་དཔུང་མིང་མཛོད་གསར་འཛུགས་བྱེད་དགོས།

དོན་ཚན་ཞེ་ལྔ་བ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སློབ་ཚན་གསར་སྤེལ་དང་གསར་སྒྱུར་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས།  དུས་རབས་ཀྱི་ཁྱད་རྟགས་དང་ལག་ལེན་གྱི་ཁྱད་ཆོས་ལྡན་པ། དོན་དངོས་གཉེར་ཞིང་ཕན་ཡོད་ལྡན་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སློབ་ཚན་མ་ལག་འཛུགས་སྐྱོང་བྱེད་དགོས།

དོན་ཚན་ཞེ་དྲུག་པ། སློབ་ཚན་སྤུས་ལེགས་འཛུགས་པར་ཤུགས་སྣོན་བརྒྱབ་ནས།  གཙོ་བོར་མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་བ་དང་ཁྱབ་ཁོངས་སོ་སོའི་གཞུང་ལུགས་དང་ལག་ལེན་གསར་སྐྲུན་གྱི་སློབ་ཚན་སྤུས་ལེགས་གསར་སྤེལ་བྱེད་དགོས།

དོན་ཚན་དོན་ཞེ་བདུན་པ།  རིགས་སྣ་མི་གཅིག་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དགོས་མཁོར་བསྟུན་པ་དང་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཀྱི་ནུས་པ་མཐོར་འདེགས་གཏོང་བར་གཞིགས་ནས།  རིམ་བཞིན་གསར་འབྱེད་དང་རྣམ་པ་མང་ལ་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་སློབ་དེབ་མ་ལག་གསར་འཛུགས་བྱེད་དགོས། 

དོན་ཚན་ཞེ་བརྒྱད་པ།  ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་སློབ་དེབ་གསར་སྤེལ་དང་བཀོལ་སྤྱོད་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  དུས་བསྟུན་མདུན་སྐྱོད་དང་ཚན་རིག་གི་འཆར་འགོད།  རྩོམ་སྒྲིག་ཞུ་བཤེར་དང་ཕན་འབྲས་ཐོན་ཐུབ་བཅས་བྱེད་དགོས། 

དོན་ཚན་ཞེ་དགུ་བ།  ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་སློབ་དེབ་རྩོམ་སྒྲིག་དང་པར་སྐྲུན།   འགྲེམ་སྤེལ།  བདེ་སྤྱོད་བཅས་ཀྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་དགོས།

རྒྱལ་ཡོངས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སློབ་དེབ་ཞུ་བཤེར་དང་སློབ་སྟོན་ཨུ་ཡོན་ལྷན་ཁང་གིས་ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་སློབ་དེབ་འཛུགས་སྐྲུན་གྱི་འཆར་འགོད་རྩ་འཛུགས་དང་གཏན་འབེབས་བྱེད་པའི་འགན་ཁུར་ནས་རྒྱལ་ཡོངས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སློབ་དེབ་ཞིབ་བཤེར་གཏན་འབེབས་བྱེད་དགོས།  འབྲེལ་ཡོད་ས་གནས་དང་སྡེ་ཁག  ལས་ཁུངས་བཅས་ཀྱིས་སློབ་དེབ་འཛུགས་སྐྲུན་འཆར་འགོད་ཀྱི་བླང་བྱ་ལྟར།  དགོས་མཁོར་མཐུན་ཞིང་སོ་སོའི་ཁྱད་ཆོས་ལྡན་པའི་ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་རྩོམ་སྒྲིག་བྱེད་ཆོག་པ་དང་།  ཧུར་བརྩོན་གྱིས་རྩོམ་སྒྲིག་དང་མཚམས་སྦྱོར་བྱས་པའི་དབང་གྲངས་ཀྱི་སློབ་གཞི་དང་སློབ་སྦྱོང་གི་ཀློག་དེབ་བདམས་བཀོལ་བྱེད་དགོས་པ་མ་ཟད།  རྒྱལ་ཁབ་ཕྱི་ནང་གི་པར་སྐྲུན་ཡིག་རིགས་བདམས་བཀོལ་བྱེད་ཆོག

དོན་ཚན་ལྔ་བཅུ་བ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འགྲོ་གྲོན་དེ་རིམ་པ་སོ་སོའི་སྲིད་གཞུང་གི་ལོ་འཁོར་གྱི་ནོར་སྲིད་སྔོན་རྩིས་ཁྲོད་བཞག་སྟེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱ་བའི་དགོས་མཁོ་ཁག་ཐེག་བྱེད་དགོས།

ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འགྲོ་གྲོན་དོ་དམ་ལ་ཤུགས་བསྣན་ཏེ།   གྲོན་ཆུང་ནན་ཏན་དང་བརྩོན་བསྲིས་སློབ་སྒྲུབ་འཛུགས་གཉེར་བྱས་ནས་འགྲོ་གྲོན་བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་གཏོང་དགོས།

 དོན་ཚན་ང་གཅིག་པ།  གསར་བརྗེ་རྒན་རབས་གནས་གཞི་དང་མི་རིགས་ས་ཁུལ།  མཐའ་མཚམས་ས་ཁུལ་བཅས་ཀྱི་ལས་བྱེད་པར་སློབ་གསོ་གསོ་སྦྱོང་གི་རྒྱབ་སྐྱོར་བྱེད་ཚད་ཆེ་རུ་བཏང་སྟེ།  སྤུས་ཚད་ལེགས་པོའི་གསོ་སྦྱོང་ཐོན་ཁུངས་གཞི་རིམ་གྱི་ཕྱོགས་སུ་ཁྱབ་པར་འཇུག་དགོས།

 

ལེའུ་བརྒྱད་པ།  དཔྱད་ཞིབ་དང་གདེང་འཇོག

 

དོན་ཚན་ང་གཉིས་པ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དཔྱད་ཞིབ་དང་སྐུལ་སློང་ནང་རྐྱེན་འཛུགས་དགོས།   ལས་བྱེད་པས་སློབ་གསོ་གསོ་སྦྱོང་དང་ལེན་བྱེད་ཚུལ་དེ་ལས་བྱེད་པ་དཔྱད་ཞིབ་ཀྱི་ནང་དོན་དང་ལས་འགན་འཁུར་བ།  གོ་གནས་སྤར་བ་བཅས་ཀྱི་ཁུངས་ལུང་བྱེད་རྒྱུ།

དོན་ཚན་ང་གསུམ་པ།  ལས་བྱེད་པ་དཔྱད་ཞིབ་བྱེད་པའི་ནང་དོན་ལ་ལས་བྱེད་པའི་སློབ་སྦྱོང་གི་རྣམ་འགྱུར་དང་མཚོན་སྟངས་།  གཞུང་ལུགས་དང་ཤེས་བྱ་ཁོང་དུ་ཆུད་ཚད།   ཏང་གཤིས་བློ་སྦྱོང་དང་སྤྱོད་ཚུལ་དེ་དང་དོན་དངོས་ཐག་གཅོད་ཀྱི་ནུས་པ་སོགས་འདུ།

དོན་ཚན་ང་བཞི་བ།   ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དཔྱད་ཞིབ་དེ་སློབ་གསོ་གསོ་སྦྱོང་གི་བྱེད་སྟངས་མི་གཅིག་པའི་དབྱེ་བ་ཕྱེ་ནས་སོ་སོའི་ལག་བསྟར་བྱེད་དགོས།  ལས་བྲལ་གསོ་སྦྱོང་གི་དཔྱད་ཞིབ་དེ་གཙོ་སྒྲུབ་ལས་ཁུངས་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་ཁུངས་ཀྱིས་ལག་བསྟར་བྱེད་དགོས་ཤིང་།   དྲ་རྒྱའི་གསོ་སྦྱོང་དང་མངའ་ཁོངས་ཕྱིའི་གསོ་སྦྱོང་དཔྱད་ཞིབ་དེ་གཙོ་སྒྲུབ་ལས་ཁུངས་དང་ལས་བྱེད་པ་རང་ཡོད་སའི་ལས་ཁུངས་ཀྱིས་ལག་བསྟར་བྱེད་དགོས།

མཉམ་ཞུགས་དོ་དམ་གྱི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་གི་དཔྱད་ཞིབ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས།

དོན་ཚན་ང་ལྔ་བ།  རྩ་འཛུགས༼མི་དོན༽སྡེ་ཁག་གིས་ལས་བྱེད་པའི་ལོ་འཁོར་དཔྱད་ཞིབ་དང་བསྐོ་སྤྱོད་རྟོག་ཞིབ་བྱེད་སྐབས།  ལས་བྱེད་པས་སློབ་གསོ་གསོ་སྦྱོང་དང་ལེན་བྱེད་ཚུལ་དེ་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས།  ལས་བྱེད་པ་ལས་བྲལ་གསོ་སྦྱོང་ལ་ཞུགས་ཚུལ་དེ་ལས་བྱེད་པའི་ལོ་འཁོར་དཔྱད་ཞིབ་རེའུ་མིག་ཏུ་འགོད་པ་དང་།   ཟླ༢ཡན་གྱི་ལས་བྲལ་གསོ་སྦྱོང་ལ་ཞུགས་ཚུལ་དེ་ལས་བྱེད་པ་བསྐོ་འཐེན་གྱི་ཞིབ་མཆན་རེའུ་མིག་ནང་འགོད་དགོས།

དོན་ཚན་ང་དྲུག་པ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དཔྱད་འཇོག་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་ཁུངས་དང་ལས་གཞི་དེ་དང་སློབ་ཚན་བཅས་ཀྱི་དཔྱད་འཇོག་ལ་ཤུགས་སྣོན་རྒྱག་དགོས།

དོན་ཚན་ང་བདུན་པ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དོ་དམ་སྡེ་ཁག་གིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་ཁུངས་ལ་དཔྱད་འཇོག་བྱེད་པ་དང་།  ཡང་ན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དོ་དམ་སྡེ་ཁག་གིས་ཁས་ལེན་ཐོབ་པའི་ལས་ཁུངས་ལ་མངགས་བཅོལ་བྱས་ནས་དཔྱད་འཇོག་བྱེད་ནའང་ཆོག

ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱིས་དཔྱད་འཇོག་བྱེད་པའི་ནང་དོན་ལ་སློབ་སྒྲུབ་བྱེད་ཕྱོགས་དང་གསོ་སྦྱོང་སྤུས་ཚད།   དགེ་རྒན་དཔུང་སྡེ།  རྩ་འཛུགས་དང་དོ་དམ།  སློབ་སྲོལ་འཛུགས་སྐྱོང་།  རྨང་གཞིའི་སྒྲིག་ཆས་དང་འགྲོ་གྲོན་དོ་དམ་སོགས་འདུ།

ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་དོ་དམ་སྡེ་ཁག་གིས་དཔྱད་དཔོག་མཇུག་འབྲས་བཀོལ་སྤྱོད་གང་ལེགས་བྱས་ནས་ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་ལས་ཁུངས་ཀྱིས་བྱ་བ་ལེགས་བཅོས་བཏང་བར་སློབ་སྟོན་བྱ་དགོས།

དོན་ཚན་ང་བརྒྱད་པ།  ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་གཞིའི་དཔྱད་དཔོག་དེ་ལས་གཞི་མངགས་བཅོལ་བྱེད་ཕྱོགས་ཀྱིས་རྩ་འཛུགས་དང་ལག་བསྟར་བྱ་དགོས།

ལས་གཞི་དཔྱད་འཇོག་གི་ནང་དོན་ལ་གསོ་སྦྱོང་ཇུས་འགོད་དང་གསོ་སྦྱོང་ལག་བསྟར།  གསོ་སྦྱོང་དོ་དམ་དང་གསོ་སྦྱོང་ཕན་འབྲས་བཅས་འདུ།

དཔྱད་འཇོག་མཇུག་འབྲས་དེ་སློབ་གསོ་གསོ་སྦྱོང་གི་ལས་ཁུངས་ཀྱིས་སློབ་སྒྲུབ་སྤུས་ཚད་གདེང་འཇོག་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་དགོས་པ་དང་།  སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱིས་གསོ་སྦྱོང་གིལས་འགན་འཁུར་བ་གཏན་ཁེལ་གྱི་ཁུངས་ལུང་གལ་ཆེན་བྱེད་དགོས།

དོན་ཚན་ང་དགུ་བ།   ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སློབ་ཚན་དཔྱད་འཇོག་དེ་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱིས་རྩ་འཛུགས་བྱས་ནས་ལག་བསྟར་བྱ་དགོས།

སློབ་ཚན་དཔྱད་འཇོག་གི་ནང་དོན་ལ་སློབ་ཁྲིད་རྣམ་འགྱུར་དང་སློབ་ཁྲིད་ནང་དོན།  སློབ་ཁྲིད་བྱེད་ཐབས་དང་ཕན་འབྲས་བཅས་འདུ།

སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱིས་དཔྱད་འཇོག་གི་མཇུག་འབྲས་དེ་སློབ་ཁྲིད་སྡེ་ཁག་དང་དགེ་རྒན་གྱིས་སློབ་ཁྲིད་ལེགས་བཅོས་གཏོང་བར་སློབ་སྟོན་བྱེད་པའི་ཁུངས་ལུང་གལ་ཆེན་དུ་བརྩི་དགོས།

ལེའུ་དགུ་བ།  ཞར་བྱུང་།

དོན་ཚན་དྲུག་ཅུ་བ།ཀྲུང་གོའི་མི་དམངས་བཅོངས་གྲོལ་དམག་དང་ཀྲུང་གོའི་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གི་ལས་བྱེད་པའི་གསོ་སྦྱོང་བྱེད་ཐབས་དེ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདིའི་གཞི་རྩའི་དགོངས་དོན་གཞིར་བཟུང་ནས་གཏན་འབེབས་བྱ་དགོས།

དོན་ཚན་རེ་གཅིག་པ།  སྲོལ་ཡིག་འདི་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགན་ཁུར་ནས་འགྲེལ་བཤད་རྒྱག་རྒྱུ།

དོན་ཚན་རེ་གཉིས་པ།  སྲོལ་ཡིག་འདི༢༠༡༥ལོའི་ཟླ༡༠བའི་ཚེས༡༤ཉིན་ནས་བཟུང་ལག་བསྟར་བྱས་ཤིང་།  ༢༠༠༦ལོའི་ཟླ༡པའི་ཚེས༢༡ཉིན་ཀྲུང་དབྱང་གིས་དཔར་འགྲེམ་བྱས་པའི༼ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་བྱ་བའི་སྲོལ་ཡིག༼ཚོད་ལྟའི་ལག་ལེན ༽དུས་མཉམ་དུ་མེད་པར་བཟོས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

ʹ 62300102000044