ǣ

རང་ངོས་ཏང་འཛུགས།

རང་ངོས་ཏང་འཛུགས།

མདུན་ཤོག > རང་ངོས་ཏང་འཛུགས། > རང་ངོས་ཏང་འཛུགས།

རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི༼མི་ཆོག་པ་བཅུ༽

གཅིག གོ་གནས་ཀྱི་གྲངས་ཚད་དང་བརྒལ་ནས་འགོ་ཁྲིད་ལས་བྱེད་བཀོད་སྒྲིག་བྱེད་པ་དང་གཏན་འབེབས་དང་འགལ་ནས་ལས་བྱེད་ཀྱི་འགན་རིམ་ཐོབ་ཐང་ཡར་སྤར་བྱ་མི་ཆོག

 གཉིས། པུའུ་ཀྲང་གཞུང་སྒྲུབ་ཚོགས་འདུ་དང་འགོ་ཁྲིད་པས་གཟིགས་མཆནའགོད་པ་སོགས་ཀྱི་རྣམ་པས་ཏང་ཨུའི་ཚོགས་འདུའི་ཐོག་ཐུན་མོང་གིས་གྲོས་སྡུར་བྱས་ཏེ་ལས་བྱེད་པ་བསྐོ་འཐེན་ཐག་གཅོད་བྱེད་པའི་ཚབ་བྱེད་མི་ཆོག

  གསུམ། སྐབས་ཐོག་ཏུ་ཚོགས་འདུ་འཚོགས་ཏེ་ལས་བྱེད་བསྐོ་འཐེན་བྱ་མི་རུང་།

  བཞི། མི་སྒེར་གྱིས་ལས་བྱེད་པའི་བསྐོ་འཐེན་ཐག་གཅོད་བྱ་མི་ཆོག་ལ་དང་མི་སྒེར་གྱིས་ཏང་ཨུ་ཐུན་མོང་གི་ལས་བྱེད་བསྐོ་འཐེན་གྱི་ཐག་གཅོད་བསྒྱུར་བཅོས་བྱ་མི་ཆོག

  ལྔ། གོང་རིམ་གྱི་འགོ་ཁྲིད་ལས་བྱེད་པ་བསྐོ་འཐེན་དང་བརྗེ་རེས་ཀྱི་ཐག་གཅོད་ལག་བསྟར་མིབྱེད་པའམ་དེར་ངོ་རྒོལ་བྱ་མི་རུང་།

  དྲུག རང་གི་བཟའ་ཟླ་དང་བུ་བུ་མོ། དེ་མིན་གྱི་གཉེན་ཉེ་གོ་གནས་ཡར་སྤར་བའི་རེ་འདུན་འདོན་མི་ཆོག་ལ། དྲུང་ཡིག་སོགས་ཉེ་འགྲམ་གྱི་ལས་བྱེད་མི་སྣའི་གོ་གནས་ཡར་འཐེན་པའི་བཀའ་ཕབ་མི་རུང་།

 བདུན། སྒྲིག་གཞིསྒྱུར་བཅོས་དང་འགོ་ཁྲིད་ཁོངས་མི་གཙོ་བོའི་བྱ་བ་བརྗེ་སྤོར་གྱི་སྐབསསུ། ལས་བྱེད་བསྐོ་འཐེན་དང་ལེགས་སྒྲིག་གི་བྱ་བ་འཕྲལ་སྒྲུབ་བྱ་མི་ཆོག་ཅིང་། ཡང་ན་ལས་བྱེད་བསྐོ་འཐེན་བྱས་རྗེས་དེ་སྔོན་འགན་ཁུར་བའི་ལས་ཁུངས་ཀྱི་ལས་བྱེད་བསྐོ་འཐེན་དང་བསྐོ་ཞག་བྱ་བར་ཐེ་གཏོགས་བྱ་མི་ཆོག

  བརྒྱད། འདེམ་བསྐོའི་ཁྲོད་ཏང་གི་སྒྲིག་ལམ་དང་ཁྲིམས་ལུགས་ཀྱི་གཏན་འབེབས། འབྲེལ་ཡོད་སྒྲིག་ཡིག་དང་འགལ་བའི་བྱེད་སྒོ་སྤེལ་མི་ཆོག

 དགུ ལས་བྱེད་པའི་རྟོག་ཞིབ་བྱ་བའི་ཁྲོད་དོན་དངོས་འགེབ་གསང་དང་འཁྱོག་བཤད། ཡང་ན་ལས་བྱེད་བསྐོ་འཐེན་གྲ་སྒྲིག་གི་གནས་ཚུལ་ཕྱིར་སྒྲོག་དང་གླེང་མོལ་བྱ་མི་ཆོག

  བཅུ། ལས་བྱེད་པ་བསྐོ་འཐེན་དང་བསྐོ་སྤྱོད་བྱ་བའི་ཁྲོད་རང་གི་གཉེན་ཉེ་ཁོ་ན་བསྐོ་སྤྱོད་བྱེད་པ་དང་གོ་གནས་སྤར་བའི་ཁས་ལེན་བྱེད་པ། གཡོ་ཟོལ་གྱིསསྒེར་དོན་གཉེར་བ། ཚོགས་པ་འཛུགས་པ། ཡང་ན་རྡུང་རྡེག་དང་འཁོན་ལན་སློག་པ་སོགས་བྱ་མི་རུང་།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

ʹ 62300102000044