今天是:

རང་ངོས་ཏང་འཛུགས།

རང་ངོས་ཏང་འཛུགས།

མདུན་ཤོག > རང་ངོས་ཏང་འཛུགས། > རང་ངོས་ཏང་འཛུགས།

ཀན་ལྷོ་ཁུལ་གྱིས་ཁྱོན་ཡོངས་ནས་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་གྱི“ཚད་གཞི་མཐོར་འདེགས་ཟླ་བའི”

བྱེད་སྒོ་སྤེལ་འགོ་བརྩམས།

 

      ཟླ༥བའི་ཚེས༡༧ལ། ཀན་ལྷོ་ཁུལ་གྱིས་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་གྱི“ཚད་གཞི་མཐོར་འདེགས་ཟླ་བའི”བྱེད་སྒོ་སྐུལ་སློང་དང་བཀོད་སྒྲིག་གི་ཚོགས་འདུ་ཚོགས་ནས། ༢༠༡༧ལོའི་སྤྱི་དབང་མིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་སྒྲིག་གཤོམ་དང་བཀོད་སྒྲིག་བྱས་ཤིང་། “ཁེབས་རྒྱ་གཉིས”རྒྱ་སྐྱེད་དང་ཚད་གཞི་ཅན་འཛུགས་སྐྲུན་སྐུལ་སྤེལ་བྱས་པར། ནུས་ཤུགས་ཡོད་རྒུས་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བ་སྐུལ་འདེད་ཀྱིས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཇེ་བརྟན་དུ་བཏང་།

      ཁུལ་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་པུའུ་ཀྲང་ཞི་ཆང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནངས། ཁུལ་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གི་བྱ་བྱེད་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཁུལ་ཐད་གཏོགས་ཀྱི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་དང་ཏང་གི་གཞུང་ལས་ཁང་གི་ཀྲུའུ་རིན་སྐོར་ཞིག རྫོང་དང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་པུའུ་ཀྲང་ཚང་མ་དང་། སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་བཟོ་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། རྫོང་དང་གྲོང་ཁྱེར་གྱི་དམངས་སྲིད་ཅུས་དང་བཟོ་ཚོང་ཅུས་ཀྱི་ཅུང་ཀྲང་། ཏང་ལས་དོན་གྱི་བྱ་བྱེད་མི་སྣ་བཅས་བསྡོམས་པས་མི༨༠ལྷག་ཚོགས་འདུར་ཞུགས། ཚོགས་འདུར་ཞིང་ཨུའི་ཧྲུའུ་ཅི་ལིན་ཏའོ་ཡིས་ཟླ༤བའི་ཚེས༢༤ལ་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་ཆེད་དོན་ཞིབ་འཇུག་བརྟག་དཔྱད་དང“སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྤེལ་བའི་གནས་ཚུལ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

      ཞི་ཆང་གིས་བསྟན་དོན། ༢༠༡༦ལོ་ནས་བཟུང་། རྫོང་དང་གྲོང་ཁྱེར། ལས་ཁུངས་སོ་སོའི་སྤྱི་དབང་མིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་ཏང་འཛུགས་སྐྲུན་བྱ་བའི་ཕྱོགས་ལ་ཡར་རྒྱས་ངེས་ཅན་དང་ཕན་འབྲས་སྐོར་ཞིག་བླངས་ཡོད་ལ། བྱ་བའི་ཉམས་མྱོང་སྐོར་ཞིག་ཀྱང་བསགས་ཡོད། འོན་ཀྱང་ད་རུང་བྱ་བ་ཚད་མ་ལོངས་ས་ཅུང་མང་སྟེ། ཏང་ཡོན་གྱི་གྲངས་ཀ་ཉུང་བ་དང་། ཏང་གི་རྩ་འཛུགས་འཛུགས་རྒྱུ་དཀའ་བ། ཕན་ནུས་འདོན་ཚད་མི་གསལ་བ། འཁོར་སྐྱོད་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཡོད་པ་ཡང་ཤེས་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྔར་ལས་ལྷག་པར་གནད་དོན་གྱི་འདུ་ཤེས་ཇེ་ཟབ་དང་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། རང་འགུལ་གྱིས་གནད་དོན་གཙིགས་འཛིན་བཅས་ཀྱི་སྒོ་ནས། སྤྱི་དབང་མིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་བྲེལ་བའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཤུགས་སྣོན་དམ་འཛིན་བྱས་ཏེ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་ཆབ་སྲིད་ཀྱི་དོན་སྙིང་དང་ལག་ལེན་གྱི་དོན་སྙིང་། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ངོས་ཟིན་ཡོང་རྒྱུར་ཤུགས་སྣོན་དགོས།

      ཞི་ཆང་གིས་རེ་འདུན་བཏོན་པར། གཙོ་གནད་འབུར་ཐོན་དང་དཀའ་གནད་དོགས་སེལ་གྱིས་ནུས་ཤུགས་ཡོད་རྒུས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བ་སྐུལ་འདེད་ཀྱིས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་ན། གཙོ་བོ་སྒྲིག་གཞི་མཐུན་སྦྱོར་དང་ཁྱབ་རྒྱ་ཇེ་ཆེ། རྩ་འཛུགས་འཁོར་སྐྱོད་ཚད་ལྡན་དང་དཔེ་སྟོན་བྱེད་ས་གསར་འཛུགས་བཅས་ཀྱི་ཕྱོགས་ནས་ཐོད་བརྒལ་བྱ་དགོས། སྔར་ལས་ལྷག་པའི་དོ་དམ་སྒྲིག་གཞི་མཐུན་སྦྱོར་གྱི་ཆོད་སེམས་བརྟན་མོ་དང་། གཞི་རིམ་བྱ་བའི་སྟོབས་ཤུགས་འཐུས་ཚང་། ཕྱོགས་ཡོངས་ནས་བྱ་བའི་འདིང་གཞི་ནང་བྱན་ཆུད་པའི་སྒོ་ནས། སྔར་ལས་ལས་དོན་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་མོ་འཛུགས་དགོས། སྔར་ལས་ལྷག་པའི་ནུས་ཤུགས་ཆེན་མོས“ཁེབས་རྒྱ་གཉིས”སྐུལ་འདེད་དང་། “སྔ་ས་ནས་འཛིན་པ་དང་ཆུང་ས་ནས་འཛིན་པ། དཀའ་ས་ནས་འཛིན་པ”འབུར་ཐོན། ནུས་ཤུགས་ཡོད་རྒུས་ཏང་གི་རྩ་འཛུགས་ཁེབས་རྒྱ་དང་བྱ་བའི་ཁེབས་རྒྱའི་ཕྱོགས་ལ་འབད་པ་བྱས་ནས། ཟླ༩བའི་ཟླ་མཇུག་གི་སྔོན་ལ་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་ཁེབས་རྒྱ༦༠ལ་བསླེབ་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་ཁེབས་རྒྱ༨༠ཡན་བརྟན་སྲུང་ཐུབ་པར་བརྩོན་པ་བྱ་དགོས། སྔར་ལས་ལྷག་པའི་བདེན་དངོས་བྱེད་ཐབས་ཀྱིས་རྩ་འཛུགས་ཀྱི་འཁོར་སྐྱོད་ཚད་ལྡན་དང་། “སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་རྒྱུ་དམ་འཛིན། “ཚོགས་འདུ་གསུམ་དང་སློབ་ཐུན་གཅིག”དང“ཏང་གི་བརྗོད་དོན་ཉིན་མོ”སོགས་ཏང་ནང་གི་བྱེད་སྒོ་གཙོ་གནད་དུ་བཟུང་ནས། ཏང་རྩ་འཛུགས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཇེ་མཐོ་དང་། ཏང་རྩ་འཛུགས་ཀྱི་ཕན་ནུས་འདོན་སྤེལ་ཡར་སྐུལ་དགོས། སྔར་ལས་ལྷག་པའི་བླང་བྱ་ནན་མོས་རྐང་འཛིན་གྱི་དཔུང་སྡེ་གསོ་སྐྱོང་དང་། ནུས་ཤུགས་ཡོད་རྒུས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲུག ཏང་གི་ལས་དོན་བྱ་བའི་མི་སྣ་གསོ་སྦྱོང་བྱེད་རྒྱུ་དམ་འཛིན། ཏང་ཡོན་སློབ་གསོའི་དོ་དམ་ཤུགས་སྣོན་བཅས་ཀྱི་སྒོ་ནས། ཕྱོགས་ཡོངས་ནས་ཏང་འཛུགས་སྐྲུན་གྱི་བྱ་བའི་རྨང་གཞི་ཇེ་བརྟན་གཏོང་དགོས། སྔར་ལས་ལྷག་པའི་ཚད་གཞི་མཐོན་པོས་ཏང་འཛུགས་སྐྲུན་གྱི་དཔེ་སྟོན་ས་ཚིགས་གསར་འཛུགས་དང་། ཕྱོགས་ཡོངས་ནས་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་དཔེ་སྟོན་སྣེ་ཁྲིད་ལས་དོན་སྐུལ་འདེད་བཏང་ནས། ཁུལ་རིམ་པ་དང་རྫོང་དང་གྲོང་ཁྱེར་ནས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས༤༠དང་སྤྱི་ཚོགས་རྩ་འཛུགས༢༠ལ་ཏང་འཛུགས་སྐྲུན་གྱི་དཔེ་སྟོན་ས་ཚིགས་བཙུགས་ཏེ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་ཀྱི་བྱ་བར་གསལ་ཆ་ཡོད་པ་དང་ལྟ་རིན་ཡོད་པར་ཁག་ཐེག་བྱ་དགོས།

      ཞི་ཆང་གིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྔར་ལས་ལྷག་པར་འགོ་ཁྲིད་དང་ནུས་ཤུགས་གཅིག་བསྡུ་ལ་ཤུགས་བསྣན་ནས། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་ལས་འགན་དངོས་འབེབས་ཞིབ་ཚགས་དང་གཞི་ཚུགས་རྐང་ཚུགས་ལ་ཁག་ཐེག་བྱ་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འགན་འཁྲི་དངོས་འབེབས་ལ་ཤུགས་སྣོན་དང་བྱ་བའི་ནུས་ཤུགས་གཅིག་བསྡུ་བྱས་ཏེ། ཆབ་སྲིད་ཀྱི་འགན་བབས་མཐོན་པོས་བྱ་བ་ཡག་པོར་སྒྲུབ་པ་དང་། བྱ་བའི་སྤྱོད་སྟངས་གཟབ་ནན་དང་བྱ་བའི་བྱེད་ཐབས་དངོས་ཡོད་ཀྱི་སྒོ་ནས། བརྟན་བརླིང་ཕན་འབྲས་ལྡན་པས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་གྱི་ལས་འགན་སྣ་ཚོགས་དངོས་འབེབས་རྐང་ཚུགས་ཐུབ་པར་སྐུལ་འདེད་བྱ་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号