今天是:

རང་ངོས་ཏང་འཛུགས།

རང་ངོས་ཏང་འཛུགས།

མདུན་ཤོག > རང་ངོས་ཏང་འཛུགས། > རང་ངོས་ཏང་འཛུགས།

ཁུལ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་ཆ་འཕྲིན་དྲིལ་སྒྲོག་བྱ་བ་སྔར་ལས་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ།

ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གནས་ཚུལ་གསར་བ་དང་གྲུབ་འབྲས་ཕུལ་བྱུང་དུས་ལྟར་ཤེས་རྟོགས་དང་ཡར་ཞུ། བརྗེ་རེས་བྱེད་པ་དང་། ཆ་འཕྲིན་གྱིས་ཇུས་ཐག་ལ་ཞབས་ཞུ་དང་། ལམ་ཁྲིད་ལ་སྣེ་ཁྲིད། ལག་ལེན་ལ་མཛུབ་སྟོནདངོས་འབེབས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་གལ་ཆེ་འདོན་སྤེལ་བྱེད་པ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་སྐུལ་འདེད་གཏོང་བ་སོགས་ལས་དོན་སོ་སོའི་ཁྲོད་འཚོལ་ཞིབ་དང་གསོག་འཇོག་བྱས་པའི་བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ། དཔེ་སྟོན་བཟང་པོབརྗེ་རེས་སྐུལ་སྤེལ་བྱེད་པ། རྩ་འཛུགས་བྱ་བའི་ལག་བསྟར་ནུས་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་མཐོར་གཏོང་བ་བཅས་ཀྱི་ཆེད་དུ། འདི་ནས་ཁུལ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་ཆ་འཕྲིན་དྲིལ་སྒྲོག་བྱ་བ་སྔར་ལས་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་བ་གཤམ་གསལ་ལྟར་ཡིན་ཏེ།

གཅིག ངོས་ཟིན་མཐོར་འདེགས་ཀྱིདྲིལ་སྒྲོག་ནང་དོན་ཚང་མ་དོན་དངོས་ཡིན་པ་ཁག་ཐེག་བྱ་དགོས། ཆ་འཕྲིན་དྲིལ་སྒྲོག་ནི་བྱ་བ་མཚོན་བྱེད་ཀྱི་ལམ་བུ་གཙོ་བོ་ཡིན་ལ། ཚན་རིག་ཐབས་ཇུས་ཀྱི་གཞི་འཛིན་ས་གཙོ་བོ་དང་། དཔེ་སྟོན་ཉམས་མྱོང་དྲིལ་སྒྲོག་ཁྱབ་སྤེལ་གཏོང་བར་ཕན་པའི་གཞི་རྟེན་ཡང་ཡིན། རྫོང་དང་གྲོང་ཁྱེར་སོ་སོའི་ཚན་ཁག་སོ་སོས་དེ་གཙིགས་སུ་བཟུང་ནས། “ཞབས་ཞུ་ཐབས་ཇུས་ཀྱིས་ལྟེ་བ་དང་། དངོས་འབེབས་སྐུལ་འདེདལ་དམ་འཛིནསྣང་བརྙན་བཞེངས་སྐྲུན་གྱིས་གཙོ་གནད། ཡིད་རྟོན་སྐུལ་སྤེལ་གྱིས་སྒུལ་ཤུགསབྱེད་པའི་རྩ་དོན་ལྟར བརྗོད་གཞི་གསར་རྐྱང་དྲང་བདེན་དང་བརྗོད་དོན་ཕུན་ཚོགས་བབ་ཆགས་ཀྱིས། ཉམས་མྱོང་ཕྱོགས་སྡོམ་བྱས་པར་མཛུབ་སྟོན་གྱི་རང་བཞིན་འབུར་དུ་ཐོན་པ་དང་། ཁྱད་ཆོས་སྔོག་འདོན་བྱས་པར་ལག་ལེན་གྱི་རང་བཞིན་འབུར་དུ་ཐོན་པ། དཔེ་སྟོན་གསར་འཛུགས་བྱས་པར་འཐུས་ཚབ་ཀྱི་རང་བཞིན་འབུར་དུ་ཐོན་། གནད་དོན་ཤེས་རྟོགས་བྱས་པར་དངོས་ཡོད་ཀྱི་རང་བཞིན་འབུར་དུ་ཐོན་། བསམ་འཆར་གྲོས་གཞི་བཀོད་པརལག་ལེན་གྱི་རང་བཞིན་འབུར་དུ་ཐོན་པ་དང་ཆ་འཕྲིན་གྱི་ཁ་བྱང་དོན་འདུས་འདྲ་ཆགས་ཡིན་པ། རྩོམ་ལུས་ཚགས་དམ་ལུགས་མཐུན་ཡིན་རྗོད་བྱེད་གནད་དུ་ཁེལ་བ་བཅས་ཀྱི་སྒོས། ངེས་པར་དུ་བཤད་ན་བདེན་དཔང་ཡོད་པ་དང་བཤད་པར་གནས་ལུགས་ཡོད་པ། བཤད་སའི་གཞི་ཞིག་ཡོད་པ་བཅས་བྱ་ཐུབ་དགོས། ཚང་མས་དོ་སྣང་བྱ་སའི་ཆ་འཕྲིན་འཛིན་པའི་ནུས་པ་ཇེ་ཆེར་བཏང་ནས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་གནད་ཆེའི་ཐབས་ཇུས་དང་བཀོད་འདོམས་གལ་ཆེན་དངོས་འབེབས་བྱས་པའི་གནས་ཚུལ་དང་ལས་བྱེད་མང་ཚོགས་ཀྱིས་དོ་ཁུར་གཙིགས་འཛིན་བྱེད་པའི་གནད་དོན་ནས་འགོ་བརྩམས་ཏེ། ཚོར་བ་སྐྱེན་པོ་དང་ཁུངས་སྣེ་བཙན་པོར་བསམ་བློ་གནད་སྨིན་བཏང་ནས་ཆ་འཕྲིན་གྱི་ཡིག་རིགས་གྲུབ་ཏུ་འཇུག་དགོས།

གཉིས། ལངས་ཕྱོགས་ཡང་དག་གིའཆར་གཞི་འགོད་དུས་དཀྱིལ་སྙིང་སྤྱི་ཁོག་ལྟེ་བར་འཛིན་དགོས། རྩ་འཛུགས་བྱ་བ་ལྟེ་བ་དཀྱིལ་སྙིང་དུ་འཛིན་ཞིང་སྤྱི་ཁོག་ལ་ཞབས་ཞུ་སྒྲུབ་པའི་བྱ་བའི་ལངས་ཕྱོགས་ངོས་ཟིན་ཡང་དག་གིས། ཁུལ་ཡོངས་ཀྱི་སྤྱི་ཁོག་གི་བྱ་བ་དང་ཞིང་ཆེན་དང་ཁུལ་རྩ་འཛུགས་བྱ་བ་བཅས་ཀྱི་ལས་འགན་གཙོ་བོར་དམིགས་ཞིང་ འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་དང་ལས་བྱེད་པའི་འཇོན་མི་དཔུང་སྡེ་འཛུགས་སྐྲུན། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར་སོགས་ལས་འགན་གཙོ་བོར་དམིགས་ནས། དུས་ལྟར་ཁུལ་ཡོངས་ཀྱི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་ཁྲོད་བྱུང་བའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ། ཉམས་མྱོང་གསར་བ། བྱེད་ཐབས་གསར་བ་བཅས་འཚོལ་བསྡུ་བྱ་དགོས། ཁུལ་ཕྱི་ནང་གི་མཐོང་སྣེ་གཉིས་ནས་གནས་བབས་ཆེན་པོ་དང་གནས་ཚུལ་ཆེན་མོ་ཤེས་རྟོགས་བྱ་མཁས་པོ་ཡིས། ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་གཉིས་ནས་བྱེད་ཕྱོགས་དང་སྲིད་ཇུས་ལ་རྒྱུས་ལོན་དང་ བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གནད་རྩ་གཉིས་ནས་བྱ་བའི་གཙོ་གནད་བཀོད་སྒྲིག བརྟག་ཐབས་དང་ཤེས་རྟོག་གི་ཟུར་གཉིས་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱས་ནས། ཆ་འཕྲིན་ལ་དོན་དངོས་ཀྱི་གཞི་འཛིན་ས་ཡོད་ཅིང་བསམ་བློའི་ནང་སྙིང་ཡོད་པ། རྒྱལ་ཡོངས་དང་ཞིང་ཆེན་ལ་མིག་རྒྱང་ཕྱོགས་ཤིང་ཀན་ལྷོའི་དོན་དངོས་་མཐུན་པར་འབད་པ་བྱ་དགོས་ལ སྤྱི་ཁོག་གི་ནང་ནས་ཁྱད་ཆོས་མངོན་ཞིང་རྒྱུན་སྲོལ་གྱི་ཁྲོད་ནས་ཉམས་མྱོང་ལོན་པ། གསར་གཏོད་ཀྱི་ལམ་ནས་ཡར་ཐོན་སྙེག་ཐུབ་པ་འབད་པ་བྱ་དགོས།  

གསུམ། བསམ་བློ་གཏོང་མཁས་ཀྱིདཔེ་མཚོན་དྲིལ་སྒྲོག་བྱ་དུས་ཟུར་བལྟས་ལེབ་མཐོང་བྱ་དགོས། རྩ་འཛུགས་བྱ་བའི་དུས་རབས་ཀྱི་བླང་བྱ་དང་ནང་གི་ཆོས་ཉིད་ལ་འདང་ཟབ་མོ་རྒྱག་ཅིང་བྱིའུ་བཤའ་བཅོས་བྱེད་པའི་བྱ་ཐབས་མཁས་པོ་ཡིས། སྔོན་ཐོན་དཔེ་མཚོན་གྱིས་སྤྱི་ཡོངས་ཀྱི་གྲུབ་འབྲས་མཚོན་པ་དང་། གནད་དོན་གྱི་ཟུར་ངོས་ནས་ལེབ་རྒྱའི་མི་འདང་ས་དབྱེ་ཞིབ་བྱེད་པ། གྱོད་དཔེ་བྱེ་བྲག་གིས་ཡོངས་ཁྱབ་ཀྱི་བདེན་དོན་ལ་འགྲེལ་བཤད་རྒྱག་དགོས། ཁ་ཐོར་ཚད་ལྡན་མིན་པའི་ཐོག་མའི་ཆ་འཕྲིན་ཁྲོད་ནས་ཁུངས་སྣེ་གསར་བ་དང་བསམ་ཕྱོགས་གསར་བ་རྙེད་མཁས་པོ་ཡིས། ཆ་འཕྲིན་གྱི་བརྟོལ་སྒོ་ཡང་དག་བརྒྱུད་ཆོས་ཉིད་རང་བཞིན་དང་ཡོངས་ཁྱབ་དོན་སྙིང་ལྡན་པའི་ནང་དོན་བཙལ་ནས། ཆ་འཕྲིན་གྱི་གཏིང་རིམ་རིན་ཐང་ཚད་མཐོན་པོས་སྔོག་འདོན་བྱ་དགོས། ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་ལས་འགན་གཙོ་བོ་དངོས་འབེབས་བྱེད་པར་སྦྲགས་ནས། རང་གི་རྫོང་དང་གྲོང་ཁྱེར། རང་གི་ལས་ཁུངས་ཀྱི་ཏང་འཛུགས་དབུལ་ཐར་འགག་སྒྲོལ་དང་ཏང་འཛུགས་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་སྐུལ་འདེད། “སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་སོགས་ཀྱི་ཕྱོགས་སུ་སྤྱད་པའི་བྱ་བ་སྒྲུབ་སྟངས་འཚོལ་བསྡུ་ལེགས་སྒྲིག་དང་རྗེས་འདེད་འགོད་སྤེལ། དུས་ཐོག་ཡར་ཞུ་བྱས་ནས། ཆ་འཕྲིན་གྱི་ནང་དོན་ལ“ས་གནས་ཀྱི་ཁྱད་ཆོས”དང“འདམ་རྫབ་ཀྱི་དྲི་ངདཡོད་དུ་བཅུག་སྟེ་ཚུར་སྣང་བྱས་པའི་ནང་དོན“མང་ཚོགས་ལ་འབྲེལ”དུ་འཇུག་དགོས།

བཞི། ཕྱོགས་སྡོམ་འཇོན་པོ་ཡིབྱེད་སྟངས་ཉམས་མྱོང་ལ་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱ་དགོས། བདག་གཞན་མཉམ་བརྗེ་ཡི་བསམ་བློ་གཏོང་མཁས་པོས། ཇུས་ཐག་གཅོད་མཁན་གྱི་བསམ་ཕྱོགས་ནས་གནད་དོན་ལ་ལྟ་རྟོག་དང་དབྱེ་ཞིབ། ཨ་ལན་སྟེར་ཤེས་དགོས། ཆ་འཕྲིན་གྱི་ཚོར་སྐྱེན་དྲག་པོའི་སྒོ་ནས། ད་ལྟའི་བྱ་བ་གཙོ་བོ་དང་དོ་སྣང་བྱེད་ས་ཁོང་དུ་ཆུད་ཅིང་།  གོང་རིམ་འགོ་ཁྲིད་ལས་ཁུངས་ཀྱིས་དོ་ཁུར་བྱེད་ས་དང་ཁོ་ཚོས་ཤེས་འདོད་པའི་བྱ་བའི་གནད་རྩའམ་འགག་རྩ་ཁོང་དུ་ཆུད་ནས། སྣེ་འཛིན་རྒྱུ་ཡོད་ཅིང་སྣ་སྟོན་རྒྱུ་ཡོད་པ་བྱ་དགོསཆ་འཕྲིན་གྱི་ཡོངས་ཁྱབ་ངོས་ལེནཚོར་བ་ཇེ་དྲག་གཏོང་ཞིང་། གཞི་རིམ་་ཟབ་ཞུགས་བྱས་ནས། སྲིད་ཇུས་དངོས་འབེབས་བྱ་དུས་ཀྱི“འགོག་རྐྱེན”རྒྱུས་ལོན་ཤེས་རྟོགས་དང་། སྤྱི་ཡོངས་ཀྱི་བྱ་བ་མཐོར་འདེགས་ལ་ངན་རྐྱེན་ཐེབས་པའི“གནད་འགག”ཡང་དག་འཚོལ་དགོས། ནང་སྒོས་སུ་རོང་འབྲོག་ཁུལ་གྱི་་ཁོངས་མི་འདྲ་བའི་ཁྱད་ཆོས་དང་ཡུལ་སྲོལ་གོམས་འདྲིས་མི་འདྲ་བ། རིག་གནས་མི་འདྲ་བ་ལ་གཞིགས་ནས། དབྱེ་ཞིབ་ཞིབ་འཇུག་ཟབ་མོ་དང་འཚོལ་ཞིབ་གསེད་དཀྲོལ་ནན་མོ་བྱས་ནས། ཕྱོགས་སྡོམ་བྱས་པའི་ཉམས་མྱོང་དང་དབྱེ་ཞིབ་བྱས་པའི་གནད་དོན། གྲོས་གཞི་བཏོན་པའི་བསམ་འཆར་བཅས་ལས་དོན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཀན་ལྷོའི་གནས་ཚུལ་དངོས་ལ་མཐུན་དུ་འཇུག་དགོས།

ལྔ། དོ་དམ་ནན་མོ་སྒོདཔྱད་ཞིབ་དང་དཔྱད་བསྡུར་ལ་འགན་འཁྲི་ལོན་ཚད་དངོས་འབེབས་བྱ་དགོས། ཆ་འཕྲིན་དཔྱད་ཞིབ་དོ་དམ་ལ་ཤུགས་སྣོན་རྒྱུ་ནི་ཆ་འཕྲིན་གྱི་སྤུས་ཚད་ཇེ་མཐོར་གཏོང་བའི་བྱ་ཐབས་གཙོ་བོ་ཡིན། རྫོང་དང་གྲོང་ཁྱེར་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་དང་པུའུ་ནང་གི་ཚན་ཁག་སོ་སོས་ལོ་འཁོར་མོའི་ཆ་འཕྲིན་ཡར་ཞུའི་ལས་འགན་ལེགས་འགྲུབ་ནན་མོ་བྱ་དགོས་ལ། ཆ་འཕྲིན་གྱི་སྤུས་ཚད་ཇེ་མཐོར་བཏང་ནས། ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་ཆ་འཕྲིན་ཆུ་ཚད་སྐུལ་འདེད་གཏོང་བར་འབད་པ་བྱ་དགོས། གཅིག་ནས་ཡར་ཞུའི་གོ་རིམ་ཚད་ལྡན་གཏོང་དགོས། ཁུལ་ཨུའི་རྩ་འཛུགས་པུའུ་གཞུང་ལས་ཁང་གིས་ཆ་འཕྲིན་ཞིབ་ཞིབ་བཤེར་གཏན་འབེབས་དང་ཡར་ཞུའི་བྱ་བ་ཡོངས་ལ་འགན་ཁུར་དགོས། རྫོང་དང་གྲོང་ཁྱེར་གྱིས་ཡར་ཞུ་བྱ་རྒྱུའི་ཆ་འཕྲིན་ཚང་མ་རྩ་འཛུགས་པུའུ་ཀྲང་གིས་ཞིབ་བཤེར་གཏན་འབེབས་ཀྱི་མིང་རྟགས་བཀོད་རྗེས། ད་གཟོད་དུས་ལྟར་བརྙན་སྐྱེལ་བརྒྱུད་ནས་ཁུལ་ཨུའི་རྩ་འཛུགས་པུའུ་ལ་ཤོག་བུའི་པར་གཞི་སྐུར་དགོས་ལ། ཆ་འཕྲིན་ཡར་ཞུ་ཡིག་སྒམ་ནང་ལ་གློག་རྡུལ་པར་གཞི་སྐུར་དགོས། པུའུ་ནང་གི་ཚན་ཁག་སོ་སོའི་ཆ་འཕྲིན་ཡར་ཞུའི་གོ་རིམ་ནི། ཚན་ཁག་གི་མི་སྣས་ཆ་འཕྲིན་གྱི་མ་ཡིག་འགོད་པ་དང་། ཚན་གཙོ་ཡིས་འགག་འཁུར་མིང་རྟགས་འགོད་པ ལས་བགོས་འགོ་ཁྲིད་ཀྱིས་ཞིབ་བཤེར་གཏན་འབེབས་ཀྱི་མིང་རྟགས་འགོད་པ གཞུང་ལས་ཁང་གིས་ཞིབ་བཤེར་ཐོ་འགོད་བྱས་རྗེས་ཡར་ཞུ་བྱ་དགོས། རྫོང་དང་གྲོང་ཁྱེར་གྱི་རྩ་འཛུགས་པུའུ་ཀྲང་དང་ཚན་ཁག་སོ་སོའི་ལས་བགོས་འགོ་ཁྲིད་ཀྱིས་ཞིབ་བཤེར་གཏན་འབེབས་ཀྱི་མིང་རྟགས་མ་བཀོད་པའམ་ཡང་ན་གོ་རིམ་ལྟར་ཡར་ཞུ་མ་བྱས་པའི་ཆ་འཕྲིན་ཚང་མ་ཐོ་འགོད་བྱ་མི་ཆོག གཉིས་ནས་ཡར་ཞུའི་ལས་འགན་ལ་གསལ་ཆ་ཡོད་དགོས། རྫོང་དང་གྲོང་ཁྱེར་སོ་སོ་དང་ཚན་ཁག་སོ་སོསཀྲུང་གུང་རྩ་འཛུགས་པུའུ་ཡི་ཆ་འཕྲིན༽དང༼ཀན་སུའུ་རྩ་འཛུགས་བྱ་བའི་ཆ་འཕྲིན༽ཀན་སུའུ་རྩ་འཛུགས་བྱ་བའི་དྲ་བ༽ཀན་ལྷོའི་རྩ་འཛུགས་བྱ་བའི་ཆ་འཕྲིན༽ཀན་ལྷོའི་ཏང་འཛུགས་དྲ་བ༽ཀན་ལྷོའི་རྩ་འཛུགས་བྱ་བའིཆ་འཕྲིན་སྐད་འཕྲིན་སྤྱི་སྟེགས༽སོགས་སྨྱན་སྦྱོར་སྟེང་གི་ཆ་འཕྲིན་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྫོང་དང་གྲོང་ཁྱེར་གྱིས་ལོ་རེར་ཡར་ཞུ་བྱས་པའི་ཆ་འཕྲིན༣༠ལས་ཉུང་མི་རུང་ཞིང་ཟླ་རེར་ཆ་འཕྲིན༢ལས་ཉུང་མི་རུང་། དེའི་ནང་ནས༼ཀན་ལྷོའི་རྩ་འཛུགས་བྱ་བའི་ཆ་འཕྲིན༽དངཀན་ལྷོའི་ཏང་འཛུགས་དྲ་བ༽ཀན་ལྷོའི་རྩ་འཛུགས་བྱ་བའི་དུས་དེབ༽བཅས་སུ་ཉུང་མཐའ་ལོ་རེར་ཆ་འཕྲིན༡༢འགོད་དགོས། ༼ཀྲུང་གུང་རྩ་འཛུགས་པུའུ་ཡི་ཆ་འཕྲིན༽དངཀན་སུའུ་རྩ་འཛུགས་བྱ་བའི་ཆ་འཕྲིན༽ཀན་སུའུ་རྩ་འཛུགས་བྱ་བའི་དྲ་བ༽བཅས་སུ་ཉུང་མཐའ་ལོ་རེར་ཆ་འཕྲིནརེ་འགོད་དགོས། ཚན་ཁག་སོ་སོས་ལོ་རེར་ཡར་ཞུ་བྱས་པའི་ཆ་འཕྲིན༤ལས་ཉུང་མི་རུང་ཞིང་དུས་ཚིགས་རེར་ཆ་འཕྲིན༡ལས་ཉུང་མི་རུང་། ཀྲུང་དབྱང་ངམ་ཞིང་ཆེན་དང་ཁུལ་རིམ་པར་ཉུར་མཐར་ཡང་ཆ་འཕྲིན༡ཡན་འགོད་དགོས། གསུམ་ནས་སྐར་གསོག་དོ་དམ་ནན་མོ་བྱ་དགོས། གཞུང་ལས་ཁང་གིས་ཆ་འཕྲིན་ཡར་ཞུ་ཐོ་འགོད་ཀྱི་བྱ་བ་ཡོངས་ལ་འགན་ཁུར་དགོས་པ་མ་ཟད གཤམ་གྱི་བྱེད་ཐབས་ལྟར་སྐར་མ་བསགས་ནས་ཨང་རིམ་སྒྲིག་དགོས། ཀྲུང་གུང་རྩ་འཛུགས་པུའུ་ཡི༼རྩ་འཛུགས་བྱ་བའི་ཆ་འཕྲིན༽གྱིས་ཆ་འཕྲིན༡བཀོད་ཚེ་སྐར་མ༢༠དང་། ཀན་སུའུ་རྩ་འཛུགས་བྱ་བའི་ཆ་འཕྲིན༽གྱིས་ཆ་འཕྲིན༡བཀོད་ཚེ་སྐར་མ༡༥ ཕྱོགས་བསྡུས་བསྡུ་སྒྲིག་བྱས་ཚེ་སྐར་མ༡༠། “ཀན་སུའུ་རྩ་འཛུགས་བྱ་བའི་དྲ་བས”ཆ་འཕྲིིནབཀོད་ཚེ་སྐར་མ༡༠། ཀན་ལྷོའི་རྩ་འཛུགས་བྱ་བའི་ཆ་འཕྲིན༽ཀན་ལྷོའི་ཏང་འཛུགས་དྲ་བ༽ཀན་ལྷོའི་རྩ་འཛུགས་བྱ་བའིཆ་འཕྲིན་དུས་དེབ༽བཅས་ཀྱིས་ཆ་འཕྲིན༡བཀོད་ཚེ་སྐར་མ༥ཕྱོགས་བསྡུས་བསྡུ་སྒྲིག་བྱས་ཚེ་སྐར༢བཅས་ཐོབ། སྨྱན་སྦྱོར་དང་དུས་དེབ་གཉིས་སམ་དེའི་ཡན་གྱིས་མཉམ་དུ་བཀོད་ཚེ་སྐར་མ་ཆེས་མཐོ་ཤོས་དེ་ཁོ་ན་མ་གཏོགས་བརྩི་མི་ཆོག བཞི་ནས་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་དགོས། གཞུང་ལས་ཁང་གིས་ཆ་འཕྲིན་ཕྱོགས་སྡོམ་དང་སྐར་མ་གསོག་པ། ཨང་རིམ་སྒྲིག་པ་བཅས་ཀྱི་བྱ་བ་ཚང་མར་འགན་ཁུར་ས། སྐར་མ་ཕྱོགས་སྡོམ་བྱ་དུས་ཀྱང་རྩིས་རྒྱག་བྱེད་ཐབས་ལྟར་ནན་ཏན་བྱ་དགོས་ལ། ལོ་འཁོར་མོའི་ཡར་ཞུ་ལས་འགན་ལེགས་གྲུབ་བྱུང་བའི་རྫོང་དང་གྲོང་ཁྱེར། པུའུ་ཡི་ཚན་ཁག་སོ་སོའི་སྤྱིའིཐོབ་སྐར་གྱི་སྟེང་ལ་སྐར་མ༡༠སྣོན་དགོས། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ཟླ་བ་གཉིས་རེའི་ནང་ཆ་འཕྲིན་ཡར་ཞུའི་བྱ་བ་བརྡ་ཁྱབ་རེ་གཏོང་དགོས། ལོ་མཇུག་ལ་རྫོང་དང་གྲོང་ཁྱེར་གྱི་ཨང་རིམ་སྔོན་མ་གསུམ་དང་། པུའུ་ནང་ཚན་ཁག་གི་ཨང་རིམ་སྔོན་མ་གསུམ་ལ་བརྡ་ཁྱབ་སྤེལ་ནས་བསྟོད་པ་བྱ་དགོས་པ་མ་ཟདརྫོང་དང་གྲོང་ཁྱེར་གྱི་ཨང་རིམགཞུག་མ་གཉིས་དང་ཚན་ཁག་གི་ཨང་རིམ་གཞུག་མ་གཉིས་ལ་སྐྱོན་བརྗོད་བྱ་དགོས། དེ་དང་ཆབས་ཅིག་ཏུ། ཆ་འཕྲིན་ཡར་ཞུའི་བྱ་བ་དེ༼རྩ་འཛུགས་བྱ་བའི་དམིགས་འབེན་འགན་འཁྲིའི་དོ་དམ་ཡི་གེའི༽དཔྱད་ཞིབ་ཁོངས་སུ་བཞག་ནས། ཁྱད་ཆོས་ལྡན་པའི་བྱ་བ༡༼ཀྲུང་གུང་རྩ་འཛུགས་པུའུ་ཡི་ཆ་འཕྲིན༽སྟེང་བཀོད་ཚེ་སྤྱིའི་ཐོབ་སྐར་སྟེང་སྐར་མ༡སྣོན་དགོསཀན་སུའུ་རྩ་འཛུགས་བྱ་བའི་ཆ་འཕྲིན༽ཀན་སུའུ་རྩ་འཛུགས་བྱ་བའི་དྲ་བ༽སྟེང་དུཆ་འཕྲིན་ཐེངས་མ༢ཡན་བཀོད་ཚེ་སྤྱིའི་ཐོབ་སྐར་སྟེང་སྐར་མ༡སྣོན་དགོས ལོ་འཁོར་མོའི་ཆ་འཕྲིན་ཡར་ཞུའི་འགན་ཁུར་མ་འགྲུབ་པའི་པུའུ་ནང་གི་ཚན་ཁག་ལ། ཚན་ཁག་ཁོངས་མིའི་ལོ་མཇུག་དཔྱད་ཞིབ་ཀྱི་ཐོབ་སྐར་ནས་སྐར་མགཅོག་དགོས། ལོ་འཁོར་མོའི་ཆ་འཕྲིན་བསྡུ་སྤྱོད་ཀྱི་འགན་ཁུར་མ་འགྲུབ་པའི་པུའུ་ནང་གི་ཁུལ་ཚན་ཁག་ལ། ཚན་ཁག་འགན་འཛིན་པའི་ལོ་མཇུག་དཔྱད་ཞིབ་ཀྱི་ཐོབ་སྐར་ནས་སྐར་མ༢གཅོག་དགོས།

གཞན་ཡང་། རྫོང་དང་གྲོང་ཁྱེར་སོ་སོས་ཟླ༢པའི་ཚེས༢༥ཡི་སྔོན་ལ་རྩ་འཛུགས་བྱ་བའིཆ་འཕྲིན་དྲིལ་སྒྲོག་བྱ་བར་འགན་ཁུར་བའི་པུའུ་ཀྲང་གཞོན་པ་དང་ཆ་འཕྲིན་མི་སྣའི་མིང་ཐོ་ཡར་ཞུ་བྱ་དགོས་ལ། ཚན་ཁག་སོ་སོས་ཀྱང་ཆ་འཕྲིན་འབྲེལ་གཏུག་པ༡རེ་གཏན་འཁེལ་བྱ་དགོས།

འབྲེལ་གཏུག་བྱེད་སཧུའུ་ཕིན།

འབྲེལ་གཏུག་ཁ་པར། ༠༩༤༡—༨༢༡༩༢༧༡

ཆ་འཕྲིན་ཡར་ཞུའི་བརྙན་སྐྱེལ། ༠༩༤༡—༨༢༡༣༡༡༨

ཆ་འཕྲིན་ཡར་ཞུའི་ཡིག་སྒམ། gnzwzzbxx@༡༢༦.com

                     ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས

                          ༢༠༡༧ལོའི་ཟླ༢པའི་ཚེས༢༢ཉིན

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号