今天是:

རང་ངོས་ཏང་འཛུགས།

རང་ངོས་ཏང་འཛུགས།

མདུན་ཤོག > རང་ངོས་ཏང་འཛུགས། > རང་ངོས་ཏང་འཛུགས།

པུའུ་ནང་གི་ཡིག་ཆ་དང་ལས་སྒྲུབ་བརྒྱུད་རིམ་ཚད་ལྡན་གཏོང་བའི་སྐོར་གྱི་བརྡ་ཡིག

པུའུ་ནང་ཁུལ་གྱི་ཚན་ཁག་སོ་སོ

པུའུ་ནང་གི་ཡིག་ཆ་དང་ལས་སྒྲུབབརྒྱུད་རིམ་སྔར་ལས་ཚད་ལྡན་གཏོང་བ་དང་། བྱ་བའི་ཕན་འབྲས་ཇེ་མཐོར་གཏོང་བ ཕན་ནུས་རང་བཞིན་གྱི་ལས་ཁུངས་འཛུགས་པ་བཅས་ཀྱི་ཆེད་དུ། པུའུ་ཡི་འགོ་ཁྲིད་ཀྱི་བཀོད་སྒྲིག་ལྟར་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་ལྟར་ཡིན་ཏེ།

.ཚུར་ཐོན་ཡིག་ཆ་ཚད་ལྡན་གཏོང་དགོས། གོང་རིམ་སྡེ་ཁག་གིས་བཀྲམ་པའི་ཡིག་ཆ་ཡིན་ན། གཞུང་ལས་ཁང་གིས་བླངས་ནས་ཟིན་ཐོར་བཀོད་རྗེས། གཞུང་ལས་ཁང་གི་འགན་གཙོ་ཡིས་སྒྲུབ་རྩིས་བསམ་འཆར་འགོད་དགོས། དེ་ནས་དུས་ཐོག་ཏུ་པུའུ་ཡི་འགོ་ཁྲིད་པ་ཀློག་མཆན་འགོད་དུ་འཇུག་དགོས། པུའུ་ཡི་འགོ་ཁྲིད་ཀྱིས་ཞིབ་མཆན་བཀོད་རྗེས། ཞིབ་མཆན་གྱི་དགོངས་དོན་ལྟར་དུས་ཐོག་ཏུ་འབྲེལ་ཡོད་འགོ་ཁྲིད་དམ་ཡང་ན་འབྲེལ་ཡོད་ཚན་ཁག་ལ་སྐྱེལ་ནས་སྒྲུབ་ཏུ་འཇུག་དགོས། རྫོང་དང་གྲོང་ཁྱེར་གྱིས་ཡར་ཞུ་བྱས་པའི་ཡིག་ཆའམ་ཁུལ་ཐད་གཏོགས་སྡེ་ཁག་གིས་བཀྲམ་པའི་ཡིག་ཆ་ཡིན་ན། གཞུང་ལས་ཁང་གིས་བླངས་ཏེ་ཟིན་ཐོར་བཀོད་རྗེཔུའུ་ཡི་འགོ་ཁྲིད་པ་ཀློག་མཆན་འགོད་དུ་འཇུག་དགོས། ལས་སྒོའི་ཚན་ཁག་ལ་འབྱོར་བའི་ཡིག་ཆ་ཡིན་ན། སྔོན་ལ་ལས་བགོས་པུའུ་ཀྲང་ལ་སྙན་ཞུ་འབུལ་དགོསཔུའུ་ཀྲང་ལ་གཟིགས་འབུལ་ཞུ་དགོས་ཡོད་ན་ལས་བགོས་པུའུ་ཀྲང་ངམཡང་ན་ཚན་ཁག་གི་འགན་ཁུར་བས་གཟིགས་འབུལ་ཞུ་དགོས་ལགཞུང་ལས་ཁང་གིས་གཟིགས་འབུལ་ཞུས་ཀྱང་ཆོག

.ལས་སྒྲུབ་བརྒྱུད་རིམ་ཚད་ལྡན་གཏོང་དགོས “ཁག་མིས་ཚན་ཁག་གི་འགན་ཁུར་ར་འགན་ཁུར་བ་དང་ཚན་ཁག་གི་འགན་ཁུར་བས་ལས་བགོས་འགོ་ཁྲིད་པར་འགན་ཁུར་བ། ལས་བགོས་འགོ་ཁྲིད་པས་པུའུ་ཀྲང་ལ་འགན་ཁུར་བའི”རིམ་དབྱེ་འགན་ཁུར་ལམ་ལུགས་ལག་བསྟར་ནན་མོ་བྱ་དགོས་ཤིང་། ཚན་ཁག་གི་ལས་དོན་ཡིན་ན་སྔོན་ལ་ཚན་ཁག་གི་འགན་ཁུར་བས་ལས་བགོས་འགོ་ཁྲིད་པར་སྙན་ཞུ་འབུལ་དགོས་པ་དང་། དེ་ནས་ལས་བགོས་འགོ་ཁྲིད་པས་པུའུ་ཀྲང་ལ་སྙན་ཞུ་འབུལ་དགོས། ལས་བགོས་འགོ་ཁྲིད་པས་མངག་བཅོལ་བྱས་པ་ལྟར་ཚན་ཁག་གི་འགན་ཁུར་པས་ཐད་ཀར་པུའུ་ཀྲང་ལ་སྙན་ཞུ་འབུལ་ན་ཡང་ཆོག རྩ་དོན་ལྟར་ན་ཚན་ཁག་སོ་སོས་ཐད་ཀར་པུའུ་ཀྲང་ལ་བྱ་བ་སྙན་ཞུ་འབུལ་བར་རྩ་དོན་སྟེང་སྔོན་ལ་གཞུང་ལས་ཁང་ལ་འབྲེལ་གཏུག་བྱ་དགོས། ཞིང་ཆེན་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་ཡིས་བཀོད་སྒྲིག་བྱས་པའི་ཚན་པ་སོ་སོའི་ལས་ཀའི་འགན་ཁུར་དུས་ཐོག་ཏུ་སྒྲུབ་པ་དང་སྔོན་ཚུད་ནས་སྒྲུབ་དགོས་ཞིང་དམིགས་བསལ་རྒྱུ་རྐྱེན་དབང་གིས་དུས་ལྟར་ལེགས་འགྲུབ་མ་བྱུང་བ་ལས་བགོས་འགོ་ཁྲིད་པས་དུས་ཐོག་ཏུ་འབྲེལ་གཏུག་དང་ཡར་ཞུ་བྱ་དགོས།

.དགྲམ་ཡིག་ཞིབ་མཆན་ཚད་ལྡན་གཏོང་དགོས། རང་ལས་ཁུངས་ཀྱི་ཡིག་ཆ་ཚང་མར་ཚན་ཁག་གིས་མ་ཡིག་འགོད་པ་དང་ཁག་དཔོན་གྱིས་འགན་ཁུར་བའི་ལམ་ལུགས་ལག་བསྟར་བྱ་དགོས། རྒྱུན་ལྡན་གྱི་ཡིག་ཆ་ཡིན་ན“ཚན་ཁག་གིས་མ་ཟིན་འགོད་པ་དང་། ཚན་ཁག་གི་འགན་ཁུར་བས་ཞིབ་བཤེར་བྱེད་པལས་བགོས་འགོ་ཁྲིད་པས་ཞུ་དག་བྱེད་པགཞུང་ལས་ཁང་གི་པར་འགྲེམ་བྱེད་པའིགོརིམ་བརྒྱུད་དགོས། ཁུལ་ཨུའི་རྒྱུན་ཨུ་ཁང་་གྲོས་ཞིབ་བྱ་རྒྱུར་འབུལ་དགོས་པའི་ཡིག་ཆའི་རིགས་དང་རྩ་འཛུགས་པུའུ་ཡི་མིང་ཐོག་ནས་བཀྲམ་པའི་བསམ་འཆར། ཇུས་གཞི། བྱེད་ཐབས། ལམ་ལུགས་སོགས་ཡུན་ཕན་རིང་བཞིན་གྱི་ཡིག་ཆ། ཀྲུང་དབྱང་དང་ཞིང་ཆེན་ལ་ཡར་ཞུ་བྱ་དགོས་པའི་སྙན་ཞུའི་ཡིག་རིགས་དང་རྟག་ཞིབ་སྙན་ཞུ། རིམ་པ་སོ་སོའི་ཚགས་པར་དང་དུས་དེབ། དྲ་ཚིགས་སྟེང་པུའུ་ཀྲང་གི་མིང་ཐོག་ནས་འགོད་དགོས་པའི་ཡིག་ཆ་སོགས་ཡིན་ན། “ཚན་ཁག་གིས་མ་ཟིན་འགོད་པ་དང་། ཚན་ཁག་གི་འགན་ཁུར་བས་ཞིབ་བཤེར་བྱེད་པལས་བགོས་འགོ་ཁྲིད་པས་ཞུ་དག་བྱེད་པཔུའུ་ཀྲང་གིས་ཞིབ་མཆན་འགོད་པགཞུང་ལས་ཁང་གི་པར་འགྲེམ་བྱེད་པའིགོ་རིམ་བརྒྱུདནས་ཡར་ཞུ་བྱ་དགོསཔུའུ་ཀྲང་གིས་ཞིབ་བཤེར་བྱ་དགོས་པའི་ཡིག་ཆ་ཡིན་ཚེ་ཉིན༢ནས༣གྱི་སྔོན་་གཟིགས་འབུལ་བྱ་དགོས། རིམ་པ་རེ་རེ་བཞིན་འགན་ཁུར་བ་དང་རིམ་པ་རེ་རེ་བཞིན་ལ་ཞུ་འབུལ་བྱ་དགོས།

.ཡིག་ཆ་ཉར་ཚགས་ཚད་ལྡན་གཏོང་དགོས། ཡིག་ཆ་བསྡུ་ལེན་དང་ཟིན་ཐོར་འགོད་པའིའགན་ཚང་མ་གཞུང་ལས་ཁང་གིས་ཁུར་ནསཡིག་ཆ་བསྡུ་ལེན་བྱས་པའི་ཁ་གྲངས་གསལ་བོ་དང་ཡིག་ཆ་གལ་ཆེན་གྱི་ཤོག་གྲངས་ཚང་མིན་གསལ་བོ་བྱ་དགོས། ཡིག་ཆ་ཟིན་ཐོ་འགོད་དུས་ཁ་བྱང་དང་གསང་རིམ བཀྲམ་ཡིག་ཨང་རྟགས། བྲེལ་འཚུབ་དུས་ཡུན། ཡིག་ཆ་བཀྲམ་མཁན། ཡིག་ཆ་བཀྲམ་ས། ཡིག་ཆའི་གྲངས་ཀ གཏོང་ལེན་གྱི་དུས་ཚོད། ད་དུང་ཐག་གཅོད་གནས་ཚུལ་སོགས་རིམ་པ་ལྟར་ཐོ་འགོད་གསལ་བོ་བྱས་ཏེ་གཞུག་ནས་རྩད་གཅོདབྱ་རྒྱུསྟབས་བདེ་སྐྲུན་དགོས། རང་རེའི་པུའུ་ཡི་མིང་ཐོག་ནས་བཀྲམ་པའི་ཡིག་ཆ་ཡིན་ཕྱིན་མ་ཟིན་དང་གཞུང་ཡིག་གཉིས་བཅས་མཉམ་གཅིག་ཏུ་ཡིག་ཚགས་སུ་ཉར་དགོས། ཡིག་ཆ་བརྒྱུད་ཀློག་གི་བརྒྱུད་རིམ་ཁྲོད་ཚན་ཁག་སོ་སོས་མཐོང་ཆེན་བྱས་ཏེ་དོ་དམ་ལེགས་པོ་བྱ་དགོས། བརྒྱུད་ཀློག་བྱས་ཚར་རྗེས་དུས་ཐོག་ཏུ་གཞུང་ལས་ཁང་ལ་ཕྱིར་སྤྲད་ནས་བོར་བརླག་འབྱུང་རྒྱུ་གཏན་འགོག་བྱ་དགོས། གཞུང་ལས་ཁང་གིས་ཡིག་ཆར་རྗེས་འདེད་སྐུལ་སྒྲུབ་ཡག་པོ་བྱ་དགོས།

 

 

 

ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས

                                                                            ༢༠༡༧ལོའི་ཟླ༡པའི་ཚེས༤ལ

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号