今天是:

རང་ངོས་ཏང་འཛུགས།

རང་ངོས་ཏང་འཛུགས།

མདུན་ཤོག > རང་ངོས་ཏང་འཛུགས། > རང་ངོས་ཏང་འཛུགས།

༼ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་མ་བཟོས་པའི་གནད་དོན་ཐག་གཅོད་བྱེད་ཐབས། ༼ཚོད་ལྟ༽

ཀྲུང་ཙུའུ་ཡིས་བཀྲམས་པའི་ཡིག་ཆ[༢༠༡༥]ཨང༢༣པ།

 

དོན་ཚན་དང་པོ གཟབ་ནན་གྱིས་ཏང་སྐྱོང་བ་དང་གཟབ་ནན་གྱིས་ལས་བྱེད་པ་དོ་དམ་ལྟ་སྐུལ་བྱེད་པའི་བླང་བྱ་ཕྱོགས་ཡོངས་སུ་ལག་ལེན་མཐར་ཕྱིན་བྱས་ཏེ ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་མ་བཟོའི་གནད་དོན་མཐའ་གཅིག་ཏུ་ལེགས་སྒྲིག་བྱ་ཞིང་ ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་དོན་དངོས་རང་བཞིན་དང་གཟབ་ནན་རང་བཞིན་སྲུང་སྐྱོང་བྱས་ནས ལས་བྱེད་པའི་སྤྱི་རྟོན་ཚད་ཇེ་མཐོར་གཏོང་བའི་ཆེད་དུཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཚགས་བཅའ་ཁྲིམསདངཏང་སྲིད་འགོ་ཁྲིད་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་བྱ་བའི་སྲོལ་ཡིག༽། ༼ལས་བྱེད་པའི་ཡིག་ཚགས་བྱ་བའི་སྲོལ་ཡིགསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདི་གཞུང་ཞབས་པ་དང་། གཞུང་ཞབས་དཔེར་ལྟ་བའི་བཅའ་ཁྲིམས་ཀྱིས་དོ་དམ་བྱས་པའི་མི་སྣ། རྒྱལ་དབང་ཁེ་ལས་དང་ལས་དོན་སྡེ་ཚན་གྱི་འགོ་ཁྲིད་མི་སྣ་སོགས་ཀྱིས་ཡིག་ཚགས་རྫུན་མ་བཟོཔའི་སྤྱོད་སྟངས་ཐག་གཅོད་ལ་བཀོལ་དགོས

དོན་ཚན་གསུམ་པ། ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་མ་བཟོས་པའི་གནད་དོན་ཐག་གཅོད་བྱེད་པར དངོས་ཐོག་བདེན་འཚོལ་གྱིསངོ་བོ་ཡང་དག་གཏན་ཁེལ་བྱ་རྒྱུ་རྒྱུན་འཁྱོངས་དང་ གནས་ཚུལ་རིགས་དབྱེ་སྒོས་ཐག་གཅོད་འོས་འཚམ་བྱ་རྒྱུ་རྒྱུན་འཁྱོངས། དམ་ལྷོད་བབས་བསྟུན་གྱིས་ཆད་་དང་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།

དོན་ཚན་བཞི་བ། བྱེད་ཐབས་འདིབཀོད་པའི་ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་མ་བཟོཔ་ཞེས་པ་ནི ཚུལ་མིན་གྱི་ཁེ་ཕན་རག་པའི་དམིགས་ཡུལ་བཅངས་ཏེ། སྒྱུར་བཅོས་དང་རྫུན་བཟོ་སོགས་ཀྱི་བྱ་ཐབས་སྒོ་ནལས་བྱེད་པའི་གནས་ཚུལ་ངོ་མ་བཅོས་པའི་སྤྱོད་སྟངས་ལ་གོ་དགོས།

དོན་ཚན་ལྔ་བ། གཤམ་གྱི་གནས་ཚུལ་གཅིག་ཡོད་ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་མ་བཟོས་པའི་སྤྱོད་སྟངས་ལ་ངོས་འཛིན་བྱ་དགོས་ཏེ།

གཅིགསྐྱེས་དུས་དང་བྱ་བ་ལས་དུས། ཏང་ནང་ཞུགས་དུས། སློབ་སྦྱོང་གི་བརྒྱུད་རིམ། བྱ་བའི་བརྒྱུད་རིམ། མི་རིགས་གང་ཡིན་སོགས་ཀྱི་ཆ་འཕྲིན་སྒྱུར་བཅོས་དང་རྫུན་བཟོ་བྱས་པ།

གཉིསགཞུང་ཞབས་པལས་བྱེད་པདང་། ཁེ་ལས་དང་ལས་དོན་སྡེ་ཚན་གྱི་མི་སྣའི་ཐོབ་ཐང་སོགས་ཀྱི་ཡིག་རིགས་སྒྱུར་བཅོས་དང་རྫུན་བཟོ་བྱས་པ།

གསུམ༽བསླབ་རིམ་དང་བསླབ་གནས་སོགས་ཀྱི་ཡིག་རིགས་སྒྱུར་བཅོས་དང་རྫུན་བཟོ་བྱས་པ།

བཞིཆེད་ལས་ལག་རྩལ་གྱི་གོ་མིངགོ་གནསདཔྱད་འཇོག༼གདན་ཞུསོགས་ཀྱི་ཡིག་རིགས་སྒྱུར་བཅོས་དང་རྫུན་བཟོ་བྱས་པ།

ལྔཀྲུང་གོ་གུང་ཁྲན་ཏང་ངམ་ཡང་ན་དམངས་གཙོ་ཏང་ཁག་ལ་ཞུགས་པ་སོགས་ཀྱི་ཡིག་རིགས་སྒྱུར་བཅོས་དང་རྫུན་བཟོ་བྱས་པ།

དྲུགཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཨུ་ཡོན་སོགས་ཀྱི་ཡིག་རིགས་སྒྱུར་བཅོས་དང་རྫུན་བཟོ་བྱས་པ།

བདུནབསྡུགདན་ཞུསྤྱོད་དང་ལས་མི་བསྡུ་བ། དམག་ནང་ཞུགས་པ། ལས་སྒྱུར་བཀོད་སྒྲིག གླ་ཕོགས་འཚོ་སྐྱོང་སོགས་ཀྱི་ཡིག་རིགས་སྒྱུར་བཅོས་དང་རྫུན་བཟོ་བྱས་པ།

བརྒྱདདཔྱད་ཞིབ་དང་རྟོག་ཞིབ། བསྐོ་འཐེན། གསལ་འབྱེད། ཆབ་སྲིད་ཞིབ་བཤེར་སོགས་ཀྱི་ཡིག་རིགས་སྒྱུར་བཅོས་དང་རྫུན་བཟོ་བྱས་པ།

དགུསྔོན་ཐོན་དུ་འདེམས་པ་དང་ཕུལ་བྱུང་དུ་འདེམས་པ། བྱ་དགའ་སྤྲད་པ་སོགས་ཀྱི་ཡིག་རིགས་སྒྱུར་བཅོས་དང་རྫུན་བཟོ་བྱས་པ།

བཅུརང་དགར་གྱིས་ཡིག་ཚགས་ལེན་པ་དང་བརྗེ་ ཁ་སྣོན མེད་པར་བཟོས་པ

བཅུ་གཅིག༽མི་གཞན་པའི་ཐོབ་ཐང་སོགས་རང་གི་ཡིན་ཁུལ་ལམ་ཡང་ན་དེའི་ཚབ་བྱས་ནས། སློབ་གྲྭར་འགྲོ་བ་དང་། དམག་ནང་ཞུགས་པ། ལས་བཟོ་བསྡུ་བ། ལས་མི་བདམ་པ་སོགས་ཀྱི་ཕྱོགས་ནས་ཚུལ་མིན་གྱི་ཁེ་ཕན་རག་ཐབས་བྱ་པ།

བཅུ་གཉིས༽སྒྱུར་བཅོས་དང་རྫུན་བཟོ་བྱས་པའི་གནས་ཚུལ་གཞན་པ་ཡོད་པ།

དོན་ཚན་དྲུག་པ། གཤམ་གྱི་གནས་ཚུལ་གཅིག་ཡོད་ན་མི་དེར་ཐག་གཅོད་བྱ་དགོས་ཏེ།

གཅིགཐད་ཀར་རམ་མི་གཞན་མངགས་ནས་རང་གི་ཡིག་ཚགས་རྫུན་མར་བཟོས་པ།

གཉིསརང་གི་གཉེན་ཉེའམ་འབྲེལ་བ་ཁྱད་པར་ཅན། ཡང་ན་འབྲེལ་ཡོད་ཀྱི་མི་གཞན་པས་རང་གི་ཡིག་ཚགས་རྫུན་མར་བཟོས་པའི་གནས་ཚུལ་ཤེས་བཞིན་དུ་ཁ་རོག་གེར་འདུག་པའམ། ཡང་ན་དེ་དུསམི་ཤེས་ཀྱང་རྗེས་སུ་ཤེས་པ་དུས་ལྟར་རྩ་འཛུགས་ལ་ཡར་ཞུ་མ་བྱས་པ།

གསུམཡིག་ཚགས་ནང་གི་འབྲེལ་ཡོད་གནད་དོན་ལ་རྩ་འཛུགས་ཀྱིས་བརྟག་དཔྱད་བྱེད་པར་རམ་འདེགས་མི་བྱེད་ དོན་དངོས་ལྟར་དངོས་ཡོད་གནས་ཚུལ་གསལ་བཤད་མི་བྱེད་པའམ་ཡང་ན་གནས་ཚུལ་རྫུན་མ་འདོན་སྤྲོད་བྱ་པ།

བཞིསྲོལ་འགལ་དང་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་གཞན་པ་ཡོད་པ།

དོན་ཚན་བདུན་པ། གཤམ་གྱི་གནས་ཚུལ་གཅིག་ཡོད་ན་འགན་དངོས་ཁུར་མཁན༼ལས་བྱེད་པའི་མི་དོན་ཡིག་ཚགས་གྲུབ་སའི་སྡེ་ཁག་དང་ལས་བྱེད་པའི་བྱ་བའི་ལས་ཁུངས། ལས་བྱེད་པའི་མི་དོན་ཡིག་ཚགས་བྱ་བའི་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་རྫུན་བཟོ་ལ་ཞུགས་པའི་མི་གཞན་པ་བཅ་འདུས་ཡོད༽ལ་ཐག་གཅོད་བྱ་དགོས་ཏེ

གཅིགམི་གཞན་གྱིས་མངགས་པ་དང་ལེན་ནམ ཡང་ན་གོ་གནས་དང་བྱ་བའི་སྟབས་ར་བརྟེན་ནསཐད་ཀར་རྫུན་བཟོ་བྱ་པ།

གཉིསཡིག་ཚགས་སྒྲིག་འགལ་གྱིས་ཀློག་བཤེར་དང་གཡར་ཀློག བརྒྱུད་སྤྲོད་སོགས་བྱས་ཏེ་མི་གཞན་གྱིས་རྫུན་བཟོ་བྱེད་པར་སྟབས་ཁ་སྐྲུན་པ།

གསུམལས་འགན་ལག་བསྟར་ནན་མོ་མི་བྱེད་པར གནད་དོན་གསལ་ཐག་ཆོད་པའི་ཡིག་ཚགས་ཤེས་བཞིན་དུ་དུས་ལྟར་ཡར་ཞུ་དང་གཏན་འབེབས་ལྟར་ཐག་གཅོད་མི་བྱེད་པ།

བཞི༽ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་མ་བཟོས་པའི་གནད་དོན་ལ་བརྟག་དཔྱད་བྱེད་པའི་བྱ་བའི་ཁྲོད། གནས་ཚུལ་ངོ་མ་སྦ་གསང་དང་འཁྱོག་བཤད་བྱས་པ། ཡིག་རིགས་རྫུན་མ་འདོན་སྤྲོད་མ་ཡང་ན་འབྲེལ་ཡོད་ཀྱི་བདེན་དཔང་མེད་པར་བཟོས་པ

ལྔསྲོལ་འགལ་དང་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་གཞན་པ་ཡོད་པ།

དོན་ཚན་བརྒྱད་པ། གཤམ་གྱི་གནས་ཚུལ་གཅིག་ཡོད་ན་འབྲེལ་ཡོད་ཀྱི་འགོ་ཁྲིད་མི་སྣཐག་གཅོད་བྱ་དགོས་ཏེ།

གཅིགའབྲེལ་ཡོད་སྡེ་ཁག་དང་མི་སྣས་ཡིག་ཚགས་རྫུན་མ་བཟོ་འི་སྤྱོད་སྟངས་ལ་བཀོད་པ་འཇོག་པའམ་ངན་སྐུལ་བྱེད་པཡང་ན་རྒྱ་ཡན་ནམ་ཁ་རོག་གེར་འདུག་པ

གཉིསའབྲེལ་ཡོད་སྡེ་ཁག་གིས་ཡིག་ཚགས་རྫུན་མ་བཟོཔའི་གནད་དོན་ལ་བརྟག་དཔྱད་དང་ཐག་གཅོད་བྱེད་པར་འགལ་རྐྱེན་དང་བར་ཆད་བཟོ

གསུམགོང་རིམ་གྱི་ཐག་གཅོད་བསམ་འཆར་ལག་བསྟར་མི་བྱེད་པའམ་ཡང་ན་སྒྲིག་འགལ་གྱིས་བསྟུན་བསྒྱུར་ཐག་གཅོད་བྱ་པ།

བཞིརང་སའི་ལས་ཁུངས་ཀྱི་ཡིག་ཚགས་རྫུན་བཟོའི་གནད་དོན་འབུར་དུ་ཐོན་ང་ཞིབ་བཤེར་ཐག་གཅོད་ནན་མོ་མི་བྱེད་པ

ལྔསྲོལ་འགལ་དང་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་གཞན་པ་ཡོད་པ།

དོན་ཚན་དགུ་བ། བྱེད་ཐབས་འདིའི་དོན་ཚན་དྲུག་པ་དང་བདུན་པ། བརྒྱད་པར་བཀོད་པའི་གནས་ཚུལ་ཡོད་ན། མི་དེ་དང་འབྲེལ་ཡོད་མི་སྣདེ་བསྟུན་གྱི་རྩ་འཛུགས་ཐག་གཅོད་བྱ་དགོས་ཏེ གནད་དོན་ཆུང་ན་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་ཡིག་ཐོག་ནས་རང་སྐྱོན་ཁས་ལེན་བྱེད་པ། ཐ་ཚིག་སྐུལ་ལྕག་གཏོང་བ་བཅས་ཀྱི་ཐག་གཅོད་བྱ་དགོས། གནད་དོན་ཅུང་ཆེ་ན་ལས་མཚམས་བཞག་ནས་ཞིབ་བཤེར་བྱེད་པ་དང་ལས་གནས་སྤོ་སྒྱུར་བྱེད་པ བསྐོ་འཇོག་གི་དུས་ཡུན་ཚོད་འཛིན་བྱེད་པ་བཅས་ཀྱི་ཐག་གཅོད་བྱ་དགོས། གནད་དོན་ཚབས་ཆེ་བའམ་ཡང་ན་ལས་བྱེད་མང་ཚོགས་ཀྱིབསམ་འཆར་ཆེ་བ་དང་ཤུགས་རྐྱེན་ངན་པ་བཟོས་་འགན་འཛོལ་དགོངས་ཞུ་དང་འགན་དཀྲི་ལས་ཁུར་དགོངས་ཞུ། གོ་གནས་འཐེན་པ། གོ་གནས་འབེབས་པ་བཅས་ཀྱི་ཐག་གཅོད་བྱ་དགོས།

ལས་བྱེད་པ་མི་དོན་ཡིག་ཚགས་རྫུན་མ་བཟོས་པའི་སྒྲིག་འགལ་སྤྱོད་སྟངས་ཀྱི་དོགས་ཡོད་། སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱིསཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིགསོགས་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས། ཁྲིམས་འགལ་ཉེས་གསོག་གི་དོགས་པ་ཡོད་ ཁྲིམས་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས།

བྱེད་ཐབས་འདི་ལག་བསྟར་མ་བྱས་གོང་སྡོམ་ཚིག་བཀོད་ཟིན་པར་ཡང་བསྐྱར་ཞིབ་གྲོས་བྱ་དགོས་ སྐབས་དེའི་གཏན་འབེབས་སམཡང་ན་སྲིད་ཇུས་བཀོལ་དགོས། ད་རུང་སྡོམ་ཚིག་མ་བཀོད་པ་ལ། གལ་ཏེ་སྤྱོད་སྟངས་དེ་བྱུང་སྐབས་ཀྱི་གཏན་འབེབས་དང་སྲིད་ཇུས་ཀྱིས་སྒྲིག་འགལ་མིན་པར་འདོད་ན། སྐབས་དེའི་གཏན་འབེབས་སམ་སྲིད་ཇུས་ལྟར་ཐག་གཅོད་བྱ་དགོས། གལ་ཏེ་སྤྱོད་སྟངས་དེ་བྱུང་སྐབས་ཀྱི་གཏན་འབེབས་དང་སྲིད་ཇུས་ཀྱིས་སྒྲིག་འགལ་མིན་པར་འདོད་ཀྱང་བྱེད་ཐབས་འདིར་སྒྲིག་འགལ་མིན་པར་འདོད་པའམ་ཐག་གཅོད་ཡང་བར་འདོད་ན བྱེད་ཐབས་འདིའི་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས

དོན་ཚན་བཅུ་བ། ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་བཟོ་བྱས་ནས་ཚུལ་མིན་གྱི་ཁེ་ཕན་ཐོབ་པ་དེར་རྩ་འཛུགས་ཀྱིས་ཞིབ་བཤེར་ངོས་འཛིན་བྱས་རྗེས། འབྲེལ་ཡོད་གཏན་འབེབས་ལྟར་ཡོ་བསྲང་དང་ཕྱིར་འཐེན། ཡང་ན་མེད་པར་བཟོ་དགོས

དོན་ཚན་བཅུ་གཅིག་པ། ལས་བྱེད་པ་འདེམ་བསྐོ་བསྐོ་འཇོག་གི་བྱ་བའི་ཁྲོད་དུ། ལས་བྱེད་པའི་མི་དོན་ཡིག་ཚགས་ལ་ཞིབ་བཤེར་ནན་མོ་བྱ་དགོས། གལ་ཏེ་རྫུན་བཟོའི་དོགས་པ་ཡོད་འདེམ་བསྐོའི་ལས་རིམ་ཚང་མ་མཚམས་བཞག་ནསབརྟག་དཔྱད་ཞིབ་བསྡུར་བྱ་དགོས་པ་ལས། གནད་དོན་རྩད་གཅོད་ཞིབ་མོ་མ་བྱས་གོང་ཡར་འཐེན་ནམ་ལས་གནས་གལ་ཆེན་དུ་བསྐོ་མི་ཆོག

དོན་ཚན་བཅུ་གཉིས་པ། སྡེ་ཁག་གི་མི་དོན་ཡིག་ཚགས་རྫུན་མ་བཟོས་པའི་གནད་དོན་ཐག་གཅོད་བྱ་དུས བརྟག་དཔྱད་ཞིབ་བསྡུར་ཟབ་མོ་དང་དབྱེ་ཞིབ་གསལ་འབྱེད་ནན་མོ་བྱས་པའི་རྨང་གཞིའི་སྟེང་། དགོས་དབང་ཡོད་ན་མི་རང་གི་གསལ་བཤད་ལ་ཉན་རྗེས་ཐུན་མོང་གིས་ཞིབ་འཇུག་ཐག་གཅོད་བྱ་དགོས། བྱེ་བྲག་གི་གནད་དོན་ལ་བྱེ་བྲག་གིས་དབྱེ་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་ ཡིག་ཚགས་སྒྱུར་བཅོས་སམ་རྫུན་བཟོ་བྱས་པའི་སྤྱོད་སྟངས་དངརེའུ་མིག་བསྐངས་པ་གཅིག་གྱུར་མིན་པའམ“ཆ་འཕྲིན་ནོར་བ་དག་བཅོས་བྱས་པ”སོགས་ཀྱི་དབྱེ་བ་ཞིབ་མོར་བགར་ནས། ཐག་གཅོད་ཀྱི་མཇུག་འབྲས་དྲང་བདེན་དྲང་གཞག་ཡིན་པ་ཁག་ཐེག་བྱ་དགོས།

དོན་ཚན་བཅུ་གསུམ་པ། ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་མ་བཟོས་པའི་གནད་དོན་གྱི་རྐྱེན་གྱིས་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པའམ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་བཅད་ན དེའི་ཤུགས་རྐྱེན་དུས་ཡུན་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

དོན་ཚན་བཅུ་བཞི་བ། བྱེད་ཐབས་འདི་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགྲེལ་བཤད་ཀྱི་འགན་ཁུར་ཡོད།

དོན་ཚན་བཅོ་ལྔ་བ། བྱེད་ཐབས་འདི༢༠༡༥ལོའི་ཟླ༡༡པའི་ཚེས༡༨ཉིན་ནས་བཟུང་ལག་བསྟརབྱ་དགོས

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号