今天是:

རེས་མོའི་གསར་འགྱུར།

ཏང་འཛུགས་སྙན་སྒྲོན།

མདུན་ཤོག > རེས་མོའི་གསར་འགྱུར། > ཏང་འཛུགས་སྙན་སྒྲོན།

ཏང་ལ་སེམས་གཏམ་བརྗོད་པ།

ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཡང་དག་པ་དང་དུས་བསྟུན་མདུན་སྐྱོད་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ཀྱིས་ཀྲུང་གོ་མི་དམངས་ལ་སྣེ་ཁྲིད་བྱས་ཏེ། འཕེལ་རྒྱས་ཀྱི་ལམ་སྣ་གསར་བ་ཞིག་ཏུ་བསླེབས་པ་དང་། ཕྱོགས་ཡོངས་ནས་ཀྲུང་གོའི་མགྱོགས་ཚད་ལྟར་མདུན་དུ་སྐྱོད་བཞིན་ཡོད་ལ། མི་དམངས་ཀྱང་སྤྲོ་སེམས་རབ་ཏུ་འཁོལ་བས་ངང་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་བཞིན་ཡོད།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་བསྐྲུན་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཁྲོད། ང་ཚོར ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་བའི་བསྐལ་བ་ལྡན་པས་དགའ་བ་འབུམ་གྱིས་མྱོས་ལ།  ཐེངས་འདིའི་གྲོས་ཚོགས་སྐོང་ཚོགས་བྱས་པ་བརྒྱུད། ཏང་གིས་སྔར་ལས་ལྷག་པར་རྣམ་པ་གསར་བའི་གཟི་ཉམས་དང་བཅས་ང་ཚོར་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཕུགས་འདུན་ལ་ཁ་ཕྱོགས་ཏེ་མདུན་ནས་མདུན་ལ་བསྙེག་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་བསྐྲུན་མངོན་འགྱུར་བྱ་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད།

གོམ་པ་གསར་བ་དང་རེ་བ་གསར་བ།

ཚོགས་ཆེན་བཅུ་དགུ་བ་མི་འགྱངས་སྐོང་ཚོགས་བྱེད་བཞིན་པའི་སྐབས་འདིར།  མི་བུ་དཀྱུས་མ་ཞིག་གིས་ཏང་ལ་ཆེས་བརྗོད་འདོད་པའི་སྐད་ཆ་དེ་གང་ཡིན་ནམ།

-------- རྩོམ་སྒྲིག་པས།

               མ་བུ་གསུམ་གྱི་སེམས་གཏམ།

1-1

ངའི་མིང་ལ་སྒྲོལ་དཀར་མཚོ་ཟེར།  འདི་གཉིས་ངའི་ཨ་མ་དང་ནུ་མོ་ཡིན། ང་ཚོ་ཚང་མ་དཀའ་སྡུག་གི་འཚོ་བ་བརྒྱུད་ནས་ཡོང་བ་རེད། ད་ལྟའི་འཚོ་བ་སྔོན་དང་བསྡུར་ན་ཡག་པོ་རེད།  ཐེ་བོ་རྫོང་ལའང་འགྱུར་ལྡོག་ཆེན་པོ་བྱུང་འདུག་ལ།  ངའི་ཚ་བོ་ཚ་མོ་ཚོ་ཡང་རྫོང་ཐོག་ནས་སློབ་གྲྭར་འགྲོ་བཞིན་ཡོད་པས་ངས་ཁོ་ཚོ་སྙོར་ནས་བསྡད་ཡོད། ད་ལྟ་ང་ལ་རེ་བ་ཞིག་ཡོད་པ་ནི། ངའི་བྱིས་པ་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་རྒྱུ་དེ་ཡིན་པ་དང་། སེམས་གཏམ་ཞིག་བཤད་ན། ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས་ང་ཚོ་ལོ་ལོན་ཚོར་མཚོན་ནའང་ཟླ་རེར་སྒོར་བརྒྱ་ཤོག་འགའ་རེ་ལེན་རྒྱུ་ཡོད། རྗེས་སུ་རྒྱལ་ཁབ་ཀྱིས་འདི་ལྟ་བུའི་སྲིད་ཇུས་བཟང་བོ་ང་ཚོར་སྟེར་བའི་རེ་བ་ཤིན་ཏུ་ཆེ་ཟེར།

                                     
              གཡི་བ་ཞང་ཏང་ཨུའི་ཧྲུའུ་ཅི།   རྡོ་རྗེ་ཚེ་རིང་ནས།

1-2

གོང་རིམ་ཏང་ཨུ་དང་སྲིད་གཞུང་གིས་ཡང་དག་པའི་མགོ་ཁྲིད་དང་རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་ཐུགས་ཁུར་འོག  གཡི་བ་ཞང་གི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་སོ་སོར་གྲུབ་འབྲས་མི་དམན་པ་བླངས་ཡོད། རྗེས་སུ་ང་ཚོ་མུ་མཐུད་དུ་དམའ་ས་ཞིག་ནས་ལངས་ནས། དམ་པ་དོན་གཉེར་དང་གྲུབ་འབྲས་གཡུར་དུ་ཟ་བ་བཏེགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་མ་བྱེད།


              ལ་གཟར་འགག་ཞང་ཏང་ཨུའི་དྲུང་ཡིག   ལིས་ཆོན་ནས།

1-3

ཐོག་མའི་ཆོད་སེམས་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས་བ་དང་། ཕུ་ཐུང་བརྫེས་ནས་ཧུར་བརྩོན་བྱེད་བཞིན། གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་པར་སྤྲོ་བས་བསུ་བ་བྱེད།


              གཡི་བ་ཞང་གི་སྡེ་མི།   ཨོ་རྒྱན་ཚེ་རིང་ནས།

1-4

ཉེ་བའི་ལོ་གཉིས་ནང་། ང་ཚོ་སྡེ་བའི་གཞུང་ལམ་ཁ་ཚང་སྲ་འགྱུར་བྱས་པ་དང་། སྦུག་ཆུའང་ཁྱིམ་ལ་འཐེན་ཡོད། འཇོན་ནུས་ལྡན་པའི་ན་གཞོན་སྐོར་ཞིག་གིས་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཞིང་བའི་སྤྲོ་སྐྱིད་གླིང་གཉེར་བཞིན་འདུག ......   མང་མང་ཉུང་བསྡུས་བྱས་ཏེ་བཤད་ན་ཏང་གི་སྲིད་ཇུས་ཡག་པོ་འདུག་པས་བཀའ་དྲིན་ཆེ་ཟེར་རྒྱུ་ཡིན།


               ལ་གཟར་འགག་ཞང་ཏང་ཨུའི་ཧྲུའུ་ཅི།   ཡཱང་དབྱིན་གོ་ནས།

1-5

ང་ཚོ་ཏང་ཡོན་རེ་རེ་ནས་གདོང་ལེན་དང་དཔེ་བཟང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། བྱ་བའི་ཁྲོད་ནུས་ཤུགས་ཡོད་རྒུས་འདོན་བཞིན་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁབ་ངང་སྐོང་ཚོགས་བྱེད་པར་བསུ་མ་བྱེད།


              ཞེ་ཡེ་ལེན་དང་ཀྲང་ཧྥིན་དབྱིན།  རན་ཝེ་ལེན་གསུམ་གྱི་སེམས་གཏམ།

1-6

ད་ལྟའི་ན་གཞོན་ཚོས་ཕལ་ཆེར་ཤེས་རྒྱུ་མེད་པ་འདྲ། རྒན་པ་ཚོས་ཤེས་གསལ་རེད།  ད་ལྟའི་འཚོ་བ་སྔོན་དང་བསྡུར་ན་ངོ་མའི་ཧ་ཅང་བཟང་པོ་རེད།   གུང་ཁྲན་དང་སྔར་ལས་ཇེ་བཟང་ནས་ཇེ་བཟང་རེད།  ཟླ་རེར་ང་ཚོར་འཚོ་བའི་ཁ་གསབ་སྟེར་གྱིན་ཡོད་པས་ང་ཚོ་གུང་ཁྲན་ཏང་གི་གསོ་བཞིན་ཡོད་པ་རེད། ངོ་མའི་གུང་ཁྲན་ཏང་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།  ད་ལྟ་སེམས་ཁྲལ་བྱེད་ས་དང་སེམས་ཁུར་བྱེད་ས་ནི་ཁྱིམ་མི་ཡིན་ལ།   རེ་བ་ཡིན་ན་ཁོ་ཚོའི་ལུས་ཕུང་བདེ་ཞིང་ན་ཚ་མེད་པ་དང་འཚོ་བ་བདེ་ཞིང་སྐྱིད་པར་སྨོན། ཐེ་བོ་རྫོང་ཡང་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བར་སྨོན།


                  རྡོ་ར་ཞང་གི་སྡེ་མི་བསོད་ནམས་བསྟན་འཛིན་ནས།

1-7

འདས་པའི་ལོ་ངོ་ལྔ་ཡི་ནང་། ང་ཚོ་སྡེ་བའི་འཚོ་བར་འགྱུར་ལྡོག་བླ་མེད་བྱུང་ཡོད་ལ། ང་ཚོས་མུ་མཐུད་དུ་སྐྱེ་ཁམས་ཀྱི་དམ་རྒྱ་ལ་སྲུང་སྐྱོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་གནང་བའི༼  སྨུག་པོ་རི་དང་གཙང་མོ་ཆུ་ནི་གསེར་རི་དངུལ་རི་ཡིན༽པའི་བསླབ་བྱ་སེམས་ལ་ཉར་ནས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པོ་བྱ་ངེས།


              རྡོ་ར་ཞང་ཏང་ཨུའི་ཧྲུའུ་ཅི།   ཉིག་ཀྲི་འུན་ནས།

1-8

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཞི་ཅིན་ཕིན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པས་ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་ངང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ། ལོ་བརྒྱ་གཉིས་ཀྱི་ཧུར་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བྱེད་པའི་ཀྲུང་གོའི་ཕུགས་འདུན་དང་དམ་དུ་སྦྲེལ་ནས། རྒྱལ་སྐྱོང་སྲིད་གཉེར་གྱི་བསམ་ཕྱོགས་གསར་བ་ཞིག་བཏོད་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་བ་གཏོད་ཡོད་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྙིང་དབུས་ནས་བརྩི་བཀུར་བྱས་དང་བྱེད་བཞིན་ཡོད། ང་རང་ཉིད་ལ་མཚོན་ན་ཚོགས་ཆེན་བཅུ་དགུ་བ་འཚོགས་རྗེས་ཀྱི2020ལོར་བསླེབས་དུས་རང་ཞང་ཡང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསླེབས་པའི་རླབས་ཆེན་གྱི་དམིགས་འབེན་རིམ་བཞིན་མངོན་བྱ་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད།


              གཡི་བ་ཞང་ཏང་ཨུའི་རྩ་འཛུགས་ལས་བྱེད་པ་ཚེ་བརྟན་རྡོ་རྗེ་ནས།


1-9

ཞང་གྲོང་གི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་བྱ་བའི་ཁྲོད་དུ་སྔར་བཞིན་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་སོགས་དྲིལ་སྒྲོག་བྱས་ཏེ། སྔར་ལས་མང་བའི་རོང་འབྲོག་མང་ཚོགས་ཏང་ལ་ཡིད་ཆེས་ཤིང་། ཏང་ལ་གཅེས་སྐྱོང་བྱེད་པ། ཏང་གི་རྗེས་སུ་འབྲངས་བར་སྐུལ་སློང་དང་སྣེ་ཁྲིད་བྱེད་རྒྱུ། ད་དུང་ང་དང་ངའི་ལས་གྲོགས་ཚོས་ཀྱང་ཏང་གི་ཚོགས་ཆེན་བཅུ་དགུ་བ་སྐོང་ཚོགས་གནང་བར་རེ་སྒུག་གང་མེད་བྱེད་བཞིན་ཡོད།


              ལོ་ན72ལ་སོན་པའི་ཨ་མེས་ནས།


1-10

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་འགོ་ཁྲིད་འོག   ད་ལྟའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད། ལོ་ན70ཡན་ལ་སོན་པའི་རྒན་པ་ཚོ་ཡི་སྲིད་ཇུས་ཀྱང་ཇེ་ཡག་ནས་ཇེ་ཡག་དང་རྒྱལ་ཁབ་ཡང་ཇེ་རྒྱས་ནས་ཇེ་དར་རེད།  ངས་འདི་ཡོད་ཚད་ནམ་ཡང་འདི་ལྟར་བཟང་བའི་སྨོན་ལམ་འདེབས་ཀྱིན་ཡོད།


                    སྡེ་བའི་བཅའ་སྡོད་ལས་བྱེད་པ་འབྲུག་བཀྲ་ཤིས་ནས།

1-11

སྡེ་བའི་བཅའ་སྡོད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཉིན་རེར་སྡེ་བར་སོང་ནས་མང་ཚོགས་དང་ལྷན་དུ་མཉམ་བཟའ་མཉམ་འཐུང་བྱེད་བཞིན། སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་རེའུ་མིག་སྐོང་བ། མེ་ཟོན་ཞིབ་བཤེར། མང་ཚོགས་ཀྱི་དངོས་ཡོད་དཀའ་གནད་ཐག་གཅོད་བྱེད་པ་སོགས་བལྟས་ཚོད་ཀྱིས་བྱ་བ་ཙག་ཙིག་ཆེ་ལ་མང་མོད། འདི་ཡོད་ཚད་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་པོ་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་ཕོད།  རེ་བ་ནི་སྡེ་བའི་མང་ཚོགས་དང་ཉེ་འགྲམ་གྱི་མི་ཡོད་ཚད་ཀྱི་འཚོ་བ་སྐྱིད་ཅིང་ལུས་ཕུང་བདེ་བ། འབྱོར་བ་སྔར་ལས་དར་ཞིང་རྒྱས་པར་སྨོན།


              འ་ཞཱ་ཞང་གི་སྡེ་མི་ཡཱང་ལུང་ནས།

1-13

རོང་འབྲོག་སྡེ་བའི་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ངས་ཏང་གི་དྲོད་ཁོལ་མྱངས་མྱོང་སྟེ། ང་ཚོའི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་སོང་ཡོད་པས་སེམས་སུ་ནམ་ཡང་ཏང་གི་བཀའ་དྲིན་དྲན་གྱིན་ཡོད། ངས་རང་ཉིད་ནས་འགོ་བརྩམས་ཏེ་སྡེ་མི་ཡོངས་ལ་སྣེ་ཁྲིད་བྱས་ཏེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ལ་བསྙེག་སྟེ།  གང་མྱུར་གྱིས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པ་བྱ་རྒྱུ།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号