今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

༄༅།།ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཞིབ་བཤེར་ནན་པོ་བྱས་པ།

ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་ཐོག་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་བརྒྱད་ཐེར་འདོན་བྱས་ཡོད། དེའི་ཁྲོད་ལས་བྱེད་པས་མང་ཚོགས་ལ་ཁག་པོ་བཟོས་པ་དང་། དབུལ་སྒྲོལ་ཐུབ་མེད་པའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པ་རྫུན་བཟོ་བྱས་པ། ད་དུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་མི་སྣས་མ་མཐའི་འགན་སྲུང་མ་དངུལ་དང་ཉེན་ཁ་ཆེ་བའི་སྡོད་ཁང་སྒྱུར་བཀོད་ཀྱི་ཁ་གསབ་མ་དངུལ་གཡོ་ལེན་བྱས་པ་སོགས་ཡོད། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས། དབུལ་སྐྱོར་ཁྱབ་ཁོངས་ནང་གཞུང་གི་རྒྱུ་ནོར་ཧམ་བཟུང་དང་། ལྐོག་ཟ་ལྐོག་ལེན། རྫུན་ཞུ་གཡོ་ལེན། བཀག་འཇོག་གཞན་སྤྱོད། བག་མེད་ཆུད་ཟོས། བཟའ་འཁྱེར་བསྡམ་སློང་། ཉེ་དགའ་ཕྱོགས་ཞེན་བཅས་ལ་ཆད་པ་ནན་པོ་གཅོད་པ་ལས་གུ་ཡངས་གཏན་ནས་གཏོང་རྒྱུ་མིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། རྨོངས་ཚོད་ངང་ཇུས་འགོད་དང་། རྫུན་བཟོ་བྱེད་པ། གྲངས་གཞིའི་དབུལ་སྒྲོལ། ཟུར་སྐྱོར་བྱ་ཡུལ་དང་། བྱ་ཐབས་ཁྱིམ་དུ་སླེབས་པ། དབུལ་སྒྲོལ་ཕན་འབྲས་བཅས་གནད་པ་འཕིགས་པ་བྱུང་མེད་པ། དེ་བཞིན་དབུལ་ཕོངས་རྫོང་དང་། དབུལ་ཕོངས་གྲོང་ཚོ། དབུལ་ཕོངས་ཐེམ་དུད་བཅས་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ་རྫུན་བཟོ་བྱས་པ་སོགས་ཀྱི་གནད་དོན་ཐག་གཅོད་ནན་པོ་དང་ཡོ་བསྲང་མཐའ་གཅིག་ཏུ་བྱ་རྒྱུ། ངོ་བོ་ཐ་ཤལ་དང་། གནས་ཚུལ་ཚབས་ཆེ་བ། ཅུང་དཔེ་མཚོན་ཡིན་པའི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་རིམ་པ་གོང་མའི་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཐད་ཀར་གྱོད་གཞི་ཐོ་འགོད་དང་ཞིབ་བཤེར་བྱེད་ཆོག་པ་བཅས་ཀྱི་ནན་བཏོན་གནང་ཡོད་པ་རེད།

ཀྲུང་གོ་དང་ཧྥ་རན་སིའི་འཐབ་ཇུས་སྐད་ཆ་ཤོད་རེས་ཐེངས་བཅུ་བདུན་པའི་སྣེ་ཁྲིད་མི་སྣའི་གྲོས་མོལ་པེ་ཅིང་དུ་བྱ་རྒྱུ་ཡིན་པ།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号