今天是:

གཞུང་ལུགས་ཞིབ་འཇུག

གཞུང་ལུགས་བརྩམས་ཆོས།

མདུན་ཤོག > གཞུང་ལུགས་ཞིབ་འཇུག > གཞུང་ལུགས་བརྩམས་ཆོས།

ཡིག་འབྲུ་9ལས་ཚོགས་ཆེན་19པའི་སྙན་ཞུའི་ནང་གི་དམངས་འཚོ་ཤེས་པ།

 

སྒྲིག་པ་པོའི་གཏམ། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཡོངས་ལ་ཡིག་འབྲུ་ཁྲི་གསུམ་ལྷག་ཙམ་ཡོད་ལ། དམངས་འཚོ་ནི་དེའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། མི་དམངས་དྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་གསར་འགྱུར་དྲ་བས་ཁོར་ཡུག་དང་། ཞིང་ལས། རིག་གནས། སློབ་གསོ། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། དབུལ་སྐྱོར། སྨན་དཔྱད་བཅས་ཀྱི་དམངས་འཚོའི་ཁྱབ་ཁོངས་དགུ་ཡི་ཐོག་ནས་ཡིག་འབྲུ་དགུ་རུ་བསྡུས་ཏེ་དྲ་གྲོགས་ཚོ་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་ཞིབ་འབྲི་བྱས་པའི་དམངས་འཚོའི་བདེ་སྐྱིད་ཉམས་རྟོགས་བྱེད།

མཛེས་སྡུག

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཡིག་ཏུ། ཚེ་སྲོག་ལ་གཅེས་པ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་གཅེས་ཏེ་གཅིག་གྱུར་འཆར་འགོད་ཀྱིས་རི་ཆུ་ནགས་ཀླུང་མཚེའུ་རྩྭ་ཐང་གི་མ་ལག་བཅོས་སྐྱོང་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དམ་ནན་གྱི་ལམ་ལུགས་ལག་བསྟར་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་དང་འཚོ་བར་རོལ་སྟངས་ཆགས་པར་བྱེད་པ། ཐོན་སྐྱེད་འཕེལ་རྒྱས་དང་ལོངས་སྤྱོད་འཛོམས་པ། སྐྱེ་ཁམས་ལེགས་པ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་འཁྱོངས་སྲ་བརྟན་བྱེད་པ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ནས་མི་དམངས་ལ་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ལ་བྱས་རྗེས་འཇོག་དགོས་ཞེས་བཀོད་ཡོད།

དར་སྤེལ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཡིག་ཏུ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་ལེན་བསྟར་དགོས། ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཁབ་ཀྱི་འཆར་གཞི་དང་དམངས་འཚོ་དང་འབྲེལ་བའི་རྩ་བ་རང་བཞིན་གྱི་གནད་དོན་ཡིན་པས། ངེས་པར་དུ"ཞིང་གསུམ"གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེ་ཤོས་སུ་འཇོག་དགོས་ཞེས་བཀོད་ཡོད།

རིག་གནས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཡིག་ཏུ། ཀྲུང་གོའི་ཁྱད་ལྡན་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་ཡོངས་ལ་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་བསྐྲུན་དགོས། མི་དམངས་ལ་ཞབས་ཞུ་བསྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་ཞུ་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ་མེ་ཏོག་མཉམ་དང་མཁས་བརྒྱ་འགྲན་གླེང་རྒྱུན་འཁྱོངས་དང་གསར་སྐྲུན་ཅན་དུ་སྒྱུར་བ་དང་གསར་གཏོད་ཅན་དུ་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཧྭའི་རིག་གནས་ཀྱི་རྫོགས་ལྡན་གསར་པ་རྒྱུན་མ་ཆད་པར་བསྐྲུན་དགོས་ཞེས་བཀོད་ཡོད།

སྟོབས་ཆེ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཡིག་ཏུ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭའི་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྨང་གཞིའི་ལས་གཞི་ཡིན་པས། ངེས་པར་དུ་སློབ་གསོའི་བྱ་གཞག་ལས་རིམ་ཁག་གི་སྔོན་དུ་འཇོག་དགོས་ལ། སློབ་གསོ་དེང་རབས་ཅན་དུ་མགྱོགས་སུ་གཏོང་བ་དང་མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་དགོས་ཚུལ་བཀོད་ཡོད།

བཏོད་པ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཡིག་ཏུ། ལས་ཞུགས་སྔོན་ལ་འཛིན་པའི་འཐབ་ཇུས་དང་ལས་ཞུགས་སྲིད་ཇུས་རྒྱུན་འཁྱོངས་ཧུར་ཐག་བྱས་ཏེ་སྤུས་ཚད་མཐོ་བ་དང་ལས་ཞུགས་མང་བ་མངོན་འགྱུར་བྱེད་དགོས། གཞི་རྒྱ་ཆེན་པོའི་ངང་ལས་རིགས་ལག་རྩལ་གསོ་སྦྱོང་བྱས་ཏེ་གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་གཙོ་བོར་འཛིན་པ་དང་། ལས་གཏོད་ཀྱིས་ལས་ཞུགས་ལ་བསྔགས་སྐུལ་བྱེད་དགོས་ཚུལ་བཀོད་ཡོད།

ཁྱོན་ཡོངས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཡིག་ཏུ། དམངས་ཡོངས་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་འཆར་གཞི་གཅིག་གྱུར་དང་། འགན་དབང་ཞིབ་ཆ་ལྡན་པ། འགན་སྲུང་འོས་ཤིང་འཚམས་པ། རྒྱུན་མཐུད་རུང་ལ་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་གི་མ་ལག་འཛུགས་སྐྱོང་ལེགས་གྲུབ་བྱེད་དགོས། དམངས་ཡོངས་སྤྱི་ཚོགས་འགན་སྲུང་དུ་ཞུགས་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས། གྲོང་གསེབ་ཀྱི་ལས་བཟོ་པའི་མ་མཐའི་རྒན་གསོ་འགན་སྲུང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་རྒན་གསོ་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྒན་གསོ་འགན་སྲུང་རྒྱལ་ཡོངས་སུ་འཆར་གཞི་གཅིག་གྱུར་གང་མྱུར་མངོན་འགྱུར་བྱེད་དགོས་ཚུལ་བཀོད་ཡོད།

སྡོད་ཁང་།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཡིག་ཏུ། སྡོད་ཁང་ནི་མི་སྡོད་གནས་ཡིན་པ་ལས་ཉོ་འཚོང་རྒྱག་བྱེད་མིན་པའི་ངེས་ཤེས་དེ་རྒྱུན་འཁྱོངས་བྱས་ཏེ་གནས་མང་ནས་འདོན་སྤྲོད་དང་ལམ་མང་ནས་འགན་སྲུང་། གླ་ཉོ་ཟུང་འབྲེལ་གྱི་སྡོད་ཁང་ལམ་ལུགས་འཛུགས་སྐྱོང་མགྱོགས་སུ་བཏང་སྟེ་མི་དམངས་ཡོངས་ལ་སྡོད་གནས་ཡོད་པར་བྱེད་དགོས་ཚུལ་བཀོད་ཡོད།

ཕྱུག་འགྱུར།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཡིག་ཏུ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གིས་འཆར་གཞི་གཅིག་གྱུར་དང་ཞིང་ཆེན་གྱིས་སྤྱི་ཡོངས་ནས་འགན་ཁུར། གྲོང་ཁྱེར་དང་རྫོང་གིས་ལག་ལེན་དོན་འཁྱོལ་བྱེད་པའི་ལས་དོན་སྒྲིག་སྲོལ་རྒྱུན་འཁྱོངས་བྱས་ཏེ་ཏང་སྲིད་ཀྱི་གཙོ་འགན་ཁུར་མཁན་གྱིས་འགན་འཁྲི་གཙོ་བོ་འཁུར་བའི་འགན་ཁུར་ལམ་ལུགས་དམ་དུ་བཏང་ནས་དབུལ་སྐྱོར་རྣམ་པ་ཆེན་པོ་རྒྱུན་འཁྱོངས་དང་། གཙོ་གནད་དུ་དབུལ་སྐྱོར་སེམས་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་གཏིང་ཟབ་ཏུ་བཏང་ནས་དབུལ་ཕོངས་ས་ཁུལ་གཙོ་གྲས་ཀྱི་དབུལ་སྒྲོལ་ལས་འགན་འགྲུབ་ཐུབ་པ་དང་། 2020ལོར་རང་རྒྱལ་གྱི་ད་ཡོད་ཚད་གཞིའི་ཐོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་དབུལ་སྒྲོལ་ཡོང་བ་དང་། དབུལ་ཕོངས་རྫོང་ཚང་མའི་དབུལ་ཞྭ་འབུད་ཐུབ་པ། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ་དབུལ་ཕོངས་ལས་དངོས་ནས་སྒྲོལ་བ་དང་དབུལ་སྒྲོལ་ངོ་མ་ཐུབ་པར་བྱེད་དགོས་ཚུལ་བཀོད་ཡོད།

བདེ་ཐང་།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཡིག་ཏུ། རྒྱལ་དམངས་ཀྱི་བདེ་ཐང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་དང་འཁོར་སྐྱོད་ཡོངས་ཀྱི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་དགོས། སྨན་རྫས་འཕྲོད་བསྟེན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྨན་དཔྱད་འཕྲོད་བསྟེན་ལམ་ལུགས་དང་། སྨན་དཔྱད་འགན་སྲུང་ལམ་ལུགས། སྤུས་བཟང་ནུས་ལྡན་གྱི་སྨན་དཔྱད་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་ནས་དེང་རབས་ཀྱི་སྨན་ཁང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། གཞི་རིམ་གྱི་སྨན་དཔྱད་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་ཚན་ཁག་འཛོམས་པའི་སྨན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྨན་གྱིས་སྨན་པ་གསོ་རིགས་ཕྱོགས་ཡོངས་ནས་མེད་པར་བཟོ་བ་དང་སྨན་རྫས་འདོན་སྤྲོད་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཚུལ་བཀོད་ཡོད།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号