今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

ཞིན་ཧྭ་གསར་འགྱུར་ཁང་གིས་དབང་གནང་བ་ལྟར་གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ཁ་ཚང་དུ་བཀྲམ།

ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་དབང་གནང་བ་ལྟར་གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ཁ་ཚང་དུ་བཀྲམ།

ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ནང་དུ་སྤྱིའི་རྩ་གནད་དང་ཏང་ཡོན། ཏང་གི་རྩ་འཛུགས་ལམ་ལུགས། ཏང་གི་ཀྲུང་དབྱང་རྩ་འཛུགས། ཏང་གི་ས་གནས་རྩ་འཛུགས། ཏང་གི་གཞི་རིམ་རྩ་འཛུགས། ཏང་གི་ལས་བྱེད་པ། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས། ཏང་རྩ་འཛུགས། ཏང་དང་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་བར་གྱི་འབྲེལ་བ། ཏང་རྟགས་དང་ཏང་གི་དར་ཆ་སོགས་ལེའུ་བཅུ་གཅིག་དང་བསྡོམས་པས་དོན་ཚན་ང་ལྔ་འདུས་ཡོད།

ཏང་གི་སྒྲིག་ཡིག་ལས་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དེ་རང་ཉིད་ཀྱི་འགུལ་སྐྱོད་ཕྱོགས་སྟོན་བྱེད་པ་གཏན་འཁེལ་བྱས་ཡོད། ཏང་གི་སྒྲིག་ཡིག་ནང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ཡིན་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་ཆེས་གསར་པ་ཡིན་པ་དང་། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་པའི་འགུལ་སྐྱོད་ཕྱོགས་སྟོན་ཡིན་པས། ངེས་པར་དུ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་པར་མ་ཟད་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号