今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་བཙུགས་པ།

ཟླ༡༡ཚེས༡ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་་ཚ་རླབས་འཕྱུར་རྒྱུར་སྐུལ་མ་གཏོང་ཆེད་ཀྲུང་དབྱང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གཞན་མཉམ་དུ་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པ་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པ་དེ་གཙོ་བོ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡིག་ཆ་འཆར་ཟིན་འགོད་པའི་ལས་དོན་ནང་ཞུགས་མཁན་འབྲེལ་ཡོད་བློ་མཐུན་ལས་གྲུབ་པ་དང་། ཁོངས་མིའི་ཁྲོད་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་དབྱང་ཞའོ་ཏུའུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མིན་ཨེར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཧོང་ཁུན་མིང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་ཅང་ཅན་གོ ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དབང་ཡུང་ཆིང་། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཞའོ་ཧུའེ། ཀྲུང་དབྱང་སྒྱུར་བཅོས་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མུའུ་ཧུང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་མོང་ཞང་ཧྥུང་། ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལེང་རུང་སོགས་ཁྱོན་བློ་མཐུན༣༦ཡོད་པ་རེད།

ཚེས༡ཉིན་ནས་བཟུང་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོས་གཅིག་སྡུད་ངང་སློབ་ཁྲིད་གྲ་སྒྲིག་བྱེད་བཞིན་ཡོད། ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་བཏོན་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། ཆོད་གཏམ་གལ་ཆེན། བྱ་ཐབས་གལ་ཆེན་བཅས་གསར་པར་དམིགས་པ་དང་། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རིང་ལས་བྱེད་མང་ཚོགས་ཚོས་ཡོངས་ཁྱབ་ངང་དོ་སྣང་བྱེད་པའི་གླེང་མང་བའི་གནད་དོན་དང་གནས་པའི་བསམ་བློའི་དཀའ་གནད་ལ་དམིགས་ནས་བསམ་གཞིག་དང་བགྲོ་གླེང་གཏིང་ཟབ་བྱེད་པ་དང་། སྒྲོག་འགྲེལ་གྱི་ཡིག་ཆ་ནན་ཏན་ངང་གྲ་སྒྲིག་བྱས་ནས་སྔར་བས་ལེགས་པའི་ངང་དོན་དངོས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་དང་དོ་སྣང་བྱེད་པར་ལན་ཧུར་ཐག་བརྒྱབ་ནས་སྒྲོག་འགྲེལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུ་རེད།

ཟླ༡༡པའི་ཚེས༥ཉིན་ནས་བཟུང་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པ་རྒྱལ་ཡོངས་ས་གནས་ཁག་ཏུ་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུ་རེད།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号