今天是:

ལས་བྱེད་པའི་བྱ་བ།

ལས་བྱེད་པའི་སློབ་གསོ།

མདུན་ཤོག > ལས་བྱེད་པའི་བྱ་བ། > ལས་བྱེད་པའི་སློབ་གསོ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐེངས་དང་པོའི་འབྲོག་ཁུལ་གཞི་རིམ་ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་སུ་གཏོང་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས་པ།

  ༼ཀན་ལྷོའི་ཏང་འཛུགས་དྲ་བའི་འཕྲིན།༽ཟླ9པའི་ཚེས24ཉིན་གྱི་སྔ་དྲོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐེངས་དང་པོའི་འབྲོག་ཁུལ་གཞི་རིམ་ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་སུ་གཏོང་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས་པ་དང་། དེའི་དམིགས་ཡུལ་ནི་ཀན་ལྷོ་ཁུལ་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་དང་ཁྲིམས་ལྟར་བྱ་བ་སྒྲུབ་པའི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་དེ་ཡིན་ལ། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཀན་ལྷོ་ཁུལ་ཨུས་ཐག་གཅོད་བྱས་པ་བརྒྱུད། ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གསོ་སྦྱོང་བྱ་བ་ལེགས་སྒྲིག་བྱས་ཏེ། མངགས་བཅོལ་འཛིན་གྲྭ་བསྡུ་བའི་བྱེད་ཐབས་སྤྱད་མཐར་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་རྩ་འཛུགས་དང་ལག་བསྟར་བྱས་པ་རེད།

ཚེ་རིང་སྒྲོལ་མ། 

  ཉིན་དེའི་སྔ་དྲོའི་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་སློབ་གཙོ་གཞོན་པ་ཀྲའེ་མེན་ལེ་དང་། ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་རྫོང་དཔོན་གཞོན་པ་རིམ་པའི་རྩ་འཛུགས་པའམ་ཏང་སྤྱིའི་ཀྲིའུ་པུའུ་གཞོན་པ་ཚེ་རིང་སྒྲོལ་མ་གཉིས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་། ཁུལ་ཁྲིམས་འཛིན་ཅུས་ཀྱི་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་རིན་ཆེན་རྡོ་རྗེ་ནས་མཛད་སྒོར་མདོ་འཛིན་བྱས། བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར། རྨ་ཆུ། ཀླུ་ཆུ་སོགས་ནས་ཡོང་བའི་སྡེ་བའི་ཏང་ཀྲིའུ་པུའི་ཧྲུའུ་ཅི་དང་སྡེ་དམངས་ཨུ་ལྷན་གྱི་ཀྲུའུ་རིན། སྣེ་ཁྲིད་ལས་བྱེད་པ་བཅས་སློབ་གཉེར་པ100ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

  མཛད་སྒོའི་སྟེང་ཚེ་རིང་སྒྲོལ་མས་ཀན་ལྷོ་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ནམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆཱང་གི་ཚབ་བྱས་ཏེ་གཏམ་བཤད་གལ་ཆེན་གནང་། མོས་བཤད་རྒྱུར། སྡེ་བ་རིམ་པའི་རྩ་འཛུགས་ནི་ཆེས་གཞི་རིམ་ན་ཡོད་པའི་རྩ་འཛུགས་རིམ་པ་དང་པོ་ཡིན་ལ། ཏང་གི་རོང་འབྲོག་སྡེ་བའི་ཐད་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་མཐའ་དག་དོན་འཁྱོལ་མཐར་ཕྱིན་བྱ་དགོས་ཚེ་སྡེ་བ་རིམ་པའི་རྩ་འཛུགས་ལ་བརྟེན་དགོས་པ་རེད། དེ་བས་སྡེ་བའི་ལས་བྱེད་པ་དག་ནི་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱེད་མཁན་གྱི་རྩ་འཛུགས་པ་དང་ལག་ལེན་པ་ཡིན་ལ། མཐུན་སྒྲིལ་ངང་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་རོང་འབྲོག་སྡེ་བ་འཛུགས་སྐྲུན་བྱེད་མཁན་གྱི་སྣེ་ཁྲིད་པ་དང་གྲལ་མགོའི་དམག་ཡང་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་དངོས་གནས་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པར་རོང་འབྲོག་སྡེ་བའི་གཞི་རིམ་ལས་བྱེད་པ་དག་ལའང་དོར་མེད་པའི་འགན་འཁྲི་ཡོད་པ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྤེལ་བའི་དམིགས་ཡུལ་ནི་གཅིག་བསྡུས་ཀྱིས་སློབ་སྦྱོང་གསོ་སྦྱོང་བྱེད་པ་བརྒྱུད་ནས་ཚང་མའི་ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་ལྟར་བྱ་བ་སྒྲུབ་པའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་རྒྱུ་དང་། རྗེས་ཕྱོགས་ཀྱི་བྱ་བར་སྟབས་བདེ་བཟོ་ཆེད་དང་རྒྱ་ཆེའི་རོང་འབྲོག་མང་ཚོགས་དབུལ་ཐར་ཕྱུགས་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་རྒྱུ་དེ་ཡིན། ཚེ་རིང་སྒྲོལ་མས་མུ་མཐུད་དུ། གཅིག་ནས་གནས་བབས་ལ་རྒྱུས་ལོན་བྱས་ཏེ། གཞི་རིམ་ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་སུ་གཏོང་དགོས་པའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་ཟིན་ཟབ་མོ་ཐོབ་དགོས། གཉིས་ནས་དམིགས་འབེན་འགན་ཁུར་ལ་གསལ་ཁ་དོད་དེ།དངོས་གནས་གཞི་རིམ་ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་ཇེ་མཐོར་གཏང་དགོས། གསུམ་ནས་སློབ་སྦྱོང་གི་རྣམ་འགྱུར་ཡག་པོ་ཞིག་བཟུང་སྟེ། ནུས་ཤུགས་ཡོད་རྒུས་གསོ་སྦྱོང་འགན་ཁུར་ལེགས་འགྲུབ་ཡོང་བ་བཅས་བྱས་ཏེ།  བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་བདེ་བླག་ངང་འཚོག་པར་བསུ་མ་བྱ་དགོས་ཞེས་ནན་གྱིས་བསྟན།

རིན་ཆེན་རྡོ་རྗེ།    

  ཁུལ་ཁྲིམས་འཛིན་ཅུས་ཀྱི་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་རིན་ཆེན་རྡོ་རྗེ་ཡིས་སྤྱི་བསྡོམས་བྱེད་དུས་བསྟན་དོན། གཞི་རིམ་ཏང་ཡོན་ལས་བྱེད་པ་ནི་བྱ་བའི་མདུན་མ་རུ་ཡོད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་སྣ་ཚོགས་ལག་ལེན་དོན་འཁྱོལ་བྱེད་པའི་གལ་ཆེའི་འགན་ཁུར་འཁུར་ཡོད་པས། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་བླང་བྱ་ལྟར། ཁྲིམས་སྐྱོང་འདུ་ཤེས་ཇེ་མཐོ་དང་ཁྲིམས་སྐྱོང་བསམ་གཞིག་ལ་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་དད་སེམས་འཛུགས་པ་བཅས་བྱས་ཏེ། སྣེ་ཁྲིད་དེ་ཁྲིམས་ལུགས་བརྩི་སྲུང་དང་ཁྲིམས་ལྟར་བྱ་བ་སྒྲུབ་པ། བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་གཟབ་ནན་གྱིས་དབང་ཆ་བཀོལ་བའམ་ལས་འགན་ལག་བསྟར་བྱས་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གོ་རིམ་ཁྲོད་དུ་མིག་དཔེ་བཟང་པོ་སྟོན་པ་དང་དཔེ་ལེགས་ཅན་ཞིག་བྱ་དགོས། དེ་མིན་རིན་ཆེན་རྡོ་རྗེ་ལགས་ཀྱིས་གཞི་རིམ་ཁྲིམས་འཛིན་སྲིད་འཛིན་བྱ་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་མུ་མཐུད་དུ་ནན་གྱིས་བསྟན་དོན། གཅིག་ནས་སྣེ་ཁྲིད་དེ་ཁྲིམས་སྐྱོང་ལ་དད་ཅིང་ཁྲིམས་སྐྱོང་ལ་གུས་པ་བྱས་ཏེ། ཁྲིམས་ལུགས་ལ་བཀུར་བའི་དཔེ་ལེགས་ཅན་ཞིག་བྱ་དགོས། གཉིས་ནས་སྣེ་ཁྲིད་དེ་བཅའ་ཁྲིམས་ཤེས་ཤིང་ཁོང་དུ་ཆུད་པ་བྱས་ཏེ། བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་པའི་དཔེ་ལེགས་ཅན་ཞིག་བྱ་དགོས། གསུམ་ནས་སྣེ་ཁྲིད་དེ་སྒྲིག་ལམ་ལ་བཀུར་ཞིང་བཅའ་ཁྲིམས་ལ་བརྩི་སྲུང་དང་སྲུང་སྐྱོབ་བྱས་ཏེ། ཁྲིམས་ལུགས་ལ་བརྩི་སྲུང་བྱེད་པའི་དཔེ་ལེགས་ཅན་ཞིག་བྱ་དགོས། བཞི་ནས་སྣེ་ཁྲིད་དེ་ཁྲིམས་སྐྱོང་ལག་བསྟར་དང་བཅའ་ཁྲིམས་ལྟར་བྱ་བ་སྒྲུབ་སྟེ། ཁྲིམས་སྤྱོད་དཔེ་ལེགས་ཅན་ཞིག་བྱ་དགོས་ཟེར།

གསོ་སྦྱོང་ཡུལ་དངོས།     

  ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དུས་ཡུན་ཉིན་བདུན་ཡིན་པ་དང་། ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་དགེ་རྒན་རྣམ་པས་རྒྱ་བོད་སྐད་གཉིས་སྤྱད་དེ། མི་དམངས་འདུམ་འགྲིག་དོན་གཉེར། ཁོར་ཡུག་ཐོན་ཁུངས་བཅའ་ཁྲིམས་དང་། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་། གཞི་རིམ་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ཐད་ནས་སློབ་ཁྲིད་གནང་རྒྱུ་རེད།


 


 

 

 

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号