ǣ

རང་ངོས་ཏང་འཛུགས།

རང་ངོས་ཏང་འཛུགས།

མདུན་ཤོག > རང་ངོས་ཏང་འཛུགས། > རང་ངོས་ཏང་འཛུགས།

ཏང་ཀྲི་པུའུ་ཡི་༼ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་གི༽ལམ་ལུགས།

གཅིག ཟླ་གཅིག་གི་ནང་རྩ་འཛུགས་འཚོ་བའི་ཚོགས་འདུ་གཅིག་ཚོགས་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་ནང་དོན་གཙོ་བོ་ནི་ཏང་ནང་ཁུལ་གྱི་ཡིག་ཆ་སློབ་སྦྱོང་བྱས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་དགོས། ཚོགས་འདུའི་རྣམ་པ་སྐབས་དེའི་མི་སྣའི་གནས་ཚུལ་ལྟར་ཀྲི་པུའུ་ཏང་ཡོན་ཚང་མ་ཐུན་མོང་གི་བྱེད་སྒོ་དང་ཡང་ན་ཚན་ཁག་མི་སྣ་ལྟར་རྩ་འཛུགས་ཀྱི་བྱེད་སྒོ་གང་འཚམ་གྱིས་སྤེལ་ཆོག ཏང་ཡོན་སོ་སོ་སྟེ་གོ་གནས་མཐོ་དམའ་གང་ཡིན་རུང་སྤྱིར་བཏང་གི་ཏང་ཡོན་གྱི་ཐོབ་ཐང་ལྟར་རང་འགུལ་ངང་འཚོ་བའི་གྲོས་ཚོགས་ལ་ཧུར་ཐག་གིས་ཞུགས་དགོས། བྱ་བ་ཡོད་ན་ངེས་པར་དུ་དུས་སྔོན་ནས་ཀྲི་པུའུ་ཧྲུའུ་ཅི་ལ་དགོངས་ཞུ་བྱ་དགོས།

གཉིས།  ཟླ་རེ་ནང་ཀྲི་པུའུ་ཨུ་ཡོན་ཚོགས་འདུ་ཐེངས་རེ་ཚོགས་དགོས་པ་དང་། ཀྲི་པུའུ་ཨུ་ཡོན་སོ་སོས་རང་གི་ལས་བགོས་ལྟར་བྱ་བའི་གནས་ཚུལ་སྙན་ཞུ་དང་བརྗེ་བྱེད་དགོས་ཤིང་། བྱ་བའི་གནས་ཚུལ་གསལ་སྒྲོག་དང་ཕྱོགས་སྡོམ། ཞིབ་འཇུག བཀོད་སྒྲིག་བཅས་བྱ་དགོས།  

གསུམ། དུས་ཚིགས་རེའི་ནང་ཀྲི་པུའི་ཚོགས་ཆེནཐེངས་གཅིག་ཚོགས་དགོས་ལ། ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་ཏེ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་བྱ་བ་འདྲི་གཅོད་ལྟ་སྐུལ་དང་ཀྲི་པུའུ་ཡི་གནད་དོན་གལ་ཆེན་གྲོས་སྡུར་བྱ་དགོས། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། གོང་རིམ་ཏང་ཨུའི་གྲོས་ཆོད་མཛུབ་སྟོན་གྱི་བསམ་འཆར་ཞིབ་འཇུག་མཐའ་འཁྱོལ་བྱ་དགོས། ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་ལེན་བྱས་ཏེ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་བྱ་བར་འདྲི་དཔྱོད་དང་ལྟ་སྐུལ་བྱ་དགོས། ཀྲི་པུའུ་ཡི་གནད་དོན་གལ་ཆེན་དང་འབྲེལ་ཡོད་བྱ་བའི་དོན་ཚན་ལ་གྲོས་སྡུར་བྱ་དགོས།

 བཞི། དུས་ཚིགས་རེ་རེའི་ནང་ཏང་གི་སློབ་ཁྲིད་རེ་རྒྱུན་འཁྱོངས་བྱས་ཏེ་གདམ་གསེས་ཡོད་པའི་སྒོ་ནས༼ཏང་གི་སྒྲིག་ཡིག༽དང༼ཚད་གཞི༽དེ་མིན་འབྲེལ་ཡོད་རིག་གཞུང་སློབ་ཚན་སློབ་སྦྱོང་བྱ་དགོས་པ་དང་དགོས་མཁོ་ཡོད་ན་དེའི་སྐོར་ཟུར་ཁྲིད་བྱ་དགོས། ཏང་གི་དུས་སྐབས་ངེས་ཅན་ནང་གི་ལྟེ་བའི་བྱ་བར་དམིགས་ཏེ་དོན་དངོས་དང་འབྲེལ་ནས་མ་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས་ཀྱི་སློབ་གསོ་དང་། ཏང་གི་གཞི་རྩའི་ལམ་ཕྱོགས་དང་གཞི་རྩའི་ཤེས་བྱ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་འདུ་ཤེས་སློབ་གསོ་དང་ཏང་གི་རྩ་དོན་དང་ཏང་ཡོན་གྱི་ཚད་གཞི། ཏང་གཤིས་སློབ་གསོ་སོགས་བྱ་དགོས། རྣམ་པའི་སྟེང་ཡིག་ཆ་སློབ་སྦྱོང་དང་བརྙན་དེབ་ལ་ལྟ་བ། སྙན་ཞུའི་ཚོགས་འདུ་རྩ་འཛུགས། ཉམས་མྱོང་བརྗེ་རེས་ཚོགས་འདུ། ལྟ་སྐོར་འཚམས་འདྲི། སྔོན་ཐོན་མིག་དཔེ་མི་སྣས་སྙན་ཞུ་བྱེད་དུ་འཇུག་པ་ཡང་ན་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སོགས་ཀྱི་རྣམ་པ་སྤྱོད་ཆོག ཏང་གི་སློབ་ཁྲིད་བྱེད་སྐབས་ཏང་ཞུགས་ཧུར་བརྩོན་ཅན་བསྡུ་ལེན་བྱ་དགོས།

 

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

ʹ 62300102000044