今天是:

དྲ་ཐོག་སྐད་འཇོག

མདུན་ཤོག > དྲ་ཐོག་སྐད་འཇོག > ཀན་ལྷོ་ཁུལ་གྱི་ཐེར་འདོན་སྟེགས་བུ།

ཐེར་འདོན་ཤེས་བྱ།

༡. ཐེར་འདོན་དྲ་ཚིགས་འདིས་གཙོ་བོ་ཀན་ལྷོ་ཁུལ་གྱི་རྫོང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་མགོ་ཁྲིད་ཚན་ཁག་གང་དེ༼ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་ལས་དོན་སྲོལ་ཡིག༽གི་མི་གདམ་གསེས་དང་བསྐོ་སྤྱོད་བྱེད་ཚུལ་ལ་འགལ་བའི་བྱ་སྤྱོད་ཐེར་འདོན་བྱས་པ་བདག་སྤྲོད་བྱ་རྒྱུ། གལ་ཏེ་འདི་ལས་གཞན་པའི་གནད་དོན་ཞུ་དགོས་ཚེ། ཁྱེད་ཀྱིས་ཐད་ཀར་དུ་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱོས།

༢. ཁྱེད་ཀྱིས་ཐེར་འདོན་རེའུ་མིག་ཁྲོད་ཀྱི་ཚན་པ་རེ་རེ་གཟབ་ནན་ངང་བྲི་དགོས་ལ། གནད་དོན་གཙོ་བོ་ཞེས་པའི་ཚན་པ་དེ་འབྲི་དུས། གནད་དོན་བྱུང་བའི་དུས་ཚོད་དང་ས་གནས། གནས་ཚུལ། མཇུག་འབྲས་སོགས་གསལ་བོར་བྲི་དགོས་པ་དང་། ཡིག་འབྲུ་རྒྱའི་ཡིག་འབྲུ༡༠༠༠ནང་ཚུན་དུ་ཚོད་འཛིན་བྱ་དགོས།

༢. ཐེར་འདོན་བྱེད་མཁན་གྱིས་ངེས་པར་དངོས་ཐོག་བདེན་འཚོལ་གྱི་གནད་དོན་ཡར་ཞུ་བྱེད་པ་ལས། ཐེར་འདོན་ལ་བརྟེན་ནས་དོན་དག་རྫུན་བཟོ་བྱས་ཏེ་གཞན་ལ་བསྙོན་འཛུགས་བྱས་ཚེ། འབྲེལ་ཡོད་གཏན་ཁེལ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ལ། ནག་ཉེས་གྲུབ་ཡོད་ཚེ་སྲིད་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱས་ནས་ཐག་གཅོད་བྱེད་དུ་གཞུག་རྒྱུ།

༤. དངོས་མིང་ཐེར་འདོན་བྱེད་པར་སྐུལ་སྤེལ་བྱེད་ཀྱིན་ཡོད་ལ། དངོས་མིང་ཐེར་འདོན་བྱེད་མཁན་གྱིས་འབྲེལ་གཏུག་ཁ་པར་སོགས་ཚན་པ་རེ་རེ་གསལ་བོར་དགོད་དགོས།

༥. འབྲེལ་གཏུག་ཁ་པར། ༠༩༤༡--༨༢༢༥༢༡༢

༦. ང་ཚོས༼ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་ལས་དོན་སྲོལ་ཡིག༽དང་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་གྱི་བླང་བྱ་ལྟར། ཁྱེད་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ཐག་གཅོད་བྱ་ངེས་པས། རྒྱ་ཆེའི་མང་ཚོགས་ཀྱིས་ང་ཚོའི་བྱ་བར་ལྟ་སྐུལ་བྱེད་པར་དགའ་བསུ་ཞུ།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号